༄༅།།རྒྱུན་འཛིན་གསར་སྤེལ་ཁྲོད་གཟུགས་འདས་ཤུལ་བཞག་རིག་གནས་ལ་གསོན་ཤུགས་གསར་བ་རྒྱས།
རྩོམ་པ་པོ།:བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-06-24
ཀློག་གྲངས།:
ཏང་གི་ཚོགས་ཆེན་བཅུ་དགུ་བའི་ནང་དུ་རིག་རྫས་སྲུང་སྐྱོབ་དང་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་པ་ནི་རིག་གནས་ཡིད་རྟོན་གྱི་ཁག་ཅིག་ཡིན་པར་སྙན་ཞུ་ཕུལ་ཡོད་ལ། ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ན། ད་གཟོད་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་མྱུ་གུ་གསར་བའི་གསོན་ཤུགས་རྒྱས་ཐུབ། ཉེ་བའི་ལོ་འགའི་ཚུན་ལ། མཚོ་ནུབ་ཁུལ་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་མུ་མཐུད་དུ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་ཞིང་། རིན་ཐང་ལྡན་པའི་རྣམ་གྲངས་ཁག་ཅིག་ལེགས་སྒྲིག་བྱས་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་དང་དུས་རབས་གཉིས་མཐུན་སྦྱོར་ལ་སྐུལ་འདེད་བྱས་ཏེ། མཚོ་ནུབ་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་འཕེལ་རྒྱས་ལ་སྔར་མེད་གསོན་ཤུགས་བསྩལ།
གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལ་ཤུགས་སྣོན་བྱེད་ཆེད། སྤྱི་ལོ2016ལོར།མཚོ་ནུབ་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་རྟེན་བཙུགས། རྟེན་གཞི་འདི་མཚོ་ནུབ་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་སའི་ཕ་ཁྱིམ་ལྟ་བུ་ཡིན་པའི་ཆ་ནས། རྟེན་གཞི་ཡིས་མཚོ་ནུབ་ཁུལ་གྱི་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་དང་བརྒྱུད་སྒྲོག་པ། ཐོན་སྐྱེད་པ། གསར་སྤེལ་མི་སྣ་བཅས་ལ་གསར་སྐྲུན་གྱི་བར་སྟོང་རིན་མེད་སྒོས་བསྐྲུན་ཡོད། མིག་སྔར། རྟེན་གཞི་རུ་ཤུལ་བཞག་རིག་གནས་རྒྱུན་འཛིན་ཁང་དང་གསར་སྤེལ་ཁང་། རོལ་མྱོང་ཁང་བཅས་རིག་གནས་ཁང་གསུམ་དང་ཤུལ་བཞག་རིག་གནས་གསར་སྤེལ་ཇུས་འགོད་ལས་སྒྲུབ་ཁང་དང་། དཔལ་ཡོན་ཆུ་བོའི་འགྲམ་ངོགས་ཀྱི་རིག་གནས་ཁྱམས་ར་བཅས་ཡོད་ལ། སྡོམ་པས་ན་ཏྰ་མོ་དང་། དམངས་ཁྲོད་ལག་བཟོའི་སྒྱུ་རྩལ། མཐུད་རུས། ཤིང་བརྐོ། སོག་སྨན། ཐང་ཀ སྟོད་སོག་ལ་གཞས། སྟོད་སོག་ལུག་སྟོན་ཆོ་ག་སོགས་ཀྱི་རྒྱུན་འཛིན་པ་ཡོད་པ་དང་། དེ་མིན་ད་དུང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་གནས་ཀྱི་ཁོངས་ཚུད་༼ཧྭན་ཆིན་ཀི་ལེ༽ཡི་རྒྱུན་འཛིན་ཚོགས་པ་སྟེ་ཧྭན་ཆིན་ཀི་ལེ་རོལ་ཚོགས་སོགས་རྒྱུན་འཛིན་མི་སྣ་30་ལ་ཉེ་བ་རྟེན་གཞི་རུ་བསྡད་ཡོད།
མཚོ་ནུབ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་རྟེན་གཞི་ཡི་འགན་ཁུར་བ་བུའུ་ཞི་ལེ་ཡིས་བཤད་རྒྱུར། སྟེགས་བུ་འདི་ཡོད་ཚེ། ད་གཟོད་ཤུལ་བཞག་རིག་གནས་རྒྱུན་འཛིན་པར་ཞབས་ཕྱི་བྱེད་ཐུབ་པ་དང་། རྒྱུན་འཛིན་མི་སྣས་གསར་སྐྲུན་བྱས་པའི་རིན་ཐང་དང་ལག་རྩལ་གྱིས་སྤྱི་ཚོགས་ལ་ཕན་ནུས་འདོན་ཐུབ་པར་མ་ཟད། ད་དུང་དཔལ་འབྱོར་གྱི་ཕན་ནུས་ཀྱང་འདོན་སྲིད་ཟེར།
མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དར་སྤེལ་གཏང་ཆེད། རྟེན་གཞི་ཡིས་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁོངས་ཚུད་ལུག་བལ་གྱི་གདན་ལག་བཟོའི་ལག་རྩལ་དབུ་སྐྱོར་གསོ་སྦྱོང་འཛིན་གྲྭ་སོགས་བསྡུས་ཏེ། མཚོ་ནུབ་ས་ཁུལ་གྱི་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་དང་དབུལ་ཕོངས་རོང་འབྲོག་པ་མི་གྲངས་བརྒྱ་ལྷག་ལ་གསོ་སྦྱོང་བྱས།
མཚོ་ནུབ་ཁུལ་རིག་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་མགོ་གཙོ་གཞོན་པ་སྐལ་དབང་མཚོ་ཡིས་བཤད་རྒྱུར། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱ་བ་སྐུལ་འདེད་གཏོང་བ་དང་བསྟུན་ནས། སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་དང་ལག་རྩལ་གསར་བ། ལས་རྣམ་གསར་བ་དང་དེང་རབས་འཚོ་བ་གཉིས་མཉམ་འདྲེས་བྱེད་བཞིན་ཡོད་པས། མ་འོངས་པ་ན་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཕེལ་རྒྱས་ལ་གོ་སྐབས་གསར་བ་ཡོང་ངེས་རེད་ཟེར།
དུས་རབས་གསར་བའི་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྐང་ཚུགས་སའི་ཡུལ་བརྟན་དགོས་ན། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རིག་གནས་ཐོན་རྫས་རྒྱུན་བསྲིངས་ཏེ། གསར་ཐོན་གྱི་མི་རིགས་རིག་གནས་མིང་གྲགས་ཅན་བཞེངས་སྐྲུན་བྱེད་དགོས།
མཚོ་ནུབ་ཁུལ་རིག་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་མགོ་གཙོ་གཞོན་པ་སྐལ་དབང་མཚོ་ཡིས་བཤད་རྒྱུར། གཟུགས་འདས་ཤུལ་བཞག་རིག་གནས་འཚོ་བའི་ཁྲོད་དར་སྤེལ་དང་། དུས་རབས་ཁྲོད་སླར་གསོ་བྱས་ཏེ། རྒྱུན་ལྡན་འཚོ་བའི་ཁྲོད་མཉམ་སྤྱོད་བྱེད་དགོས་ལ། མཚོ་ནུབ་རིག་གནས་གསོན་ཤུགས་ལ་མུ་མཐུད་སྐུལ་འདེད་བྱེད་པ་དང་།མཚོ་ནུབ་ཀྱི་ས་བབ་དང་ཁྱད་ཆོས་ལྡན་པའི་རིག་གནས་གནས་སྐོར་གྱི་དཔེ་གཞི་བཞེངས་བསྐྲུན་བྱས་ནས། རྒྱ་ཆེའི་གནས་སྐོར་སྐུ་མགྲོན་ཚོས་དགའ་བསུ་ཐོབ་པའི་རིག་གནས་གསོལ་སྟོན་ཞིག་ཏུ་འགྱུར་བར་སྐུལ་འདེད་བྱེད་དགོས་ཟེར།

འབྲེལ་ཡོད་འོས་སྦྱོར།