༄༅། །ཧི་མ་ལ་ཡའི་དབྱངས་རོལ་ལས་ཡོ་གའི་དབྱངས་ཀྱི་སྐོར།
རྩོམ་པ་པོ།:སྐུ་རྒྱབ་ཚུལ་ཁྲིམས་སྙིང་པོ།
ཡོང་ཁུངས།:གངས་ལྗོངས་ཉི་གཞོན།
དུས་ཚོད།:2022-06-02
ཀློག་གྲངས།:
༄༅། །ཧི་མ་ལ་ཡའི་དབྱངས་རོལ་ལས་ཡོ་གའི་དབྱངས་ཀྱི་སྐོར།
སྐུ་རྒྱབ་ཚུལ་ཁྲིམས་སྙིང་པོ།
དང་པོ། ཧི་མ་ལ་ཡའི་དབྱངས་རོལ་ལས་ཡོ་གའི(རྣལ་འབྱོར)དབྱངས་ཀྱི་སྐོར།
སྤྱིར་སྟོན་པ་སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་ཆོས་སྤྱོད་དག་དབྱངས་སུ་གྱེར་ནས་འདོན་དགོས་ཚུལ་རྒྱལ་པོ་གསལ་གྱིས་སངས་རྒྱས་ལ་ཞུས་པར་ཁོང་གིས་བྲམ་ཟེ་རིག་བྱེད་འདོན་པའི་དབྱངས་ཀྱིས་ཐོན་གསུངས་པ་ལས་སངས་རྒྱས་རང་ཉིད་ཀྱིས་དབྱངས་རྟ་གསར་དུ་མཛད་ཚུལ་གྱི་ལོ་རྒྱུས་ཤིག་ད་བར་དུ་མ་མཐོང་།
བོད་ལ་བསྟན་པ་སྔ་དར་གྱི་སྐབས་སུ་སློབ་དཔོན་པདྨ་དང་རྗེ་འབངས་ཉེར་ལྔ་སོགས་ཀྱིས་སྔགས་གླུ་སྡེ་བཞིའི་གཙོས་པའི་ཡོ་གའི་དབྱངས་མཛད་པའི་སྐོར་བཀའ་ཐང་སྡེ་ལྔ་སོགས་སུ་ཅུང་ཟད་རེ་འཁོད་ན་ཡང་། གཙོ་བོ་ལོ་ཆེན་རིན་ཆེན་བཟང་པོས་ཡོ་གའི་རྣལ་འབྱོར་དབྱངས་རྟ་མང་དུ་མཛད་ཚུལ་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་རྣལ་འབྱོར་རྒྱུད་ཀྱི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ཡོ་ག་ཆོས་ཀུན་གསལ་བའི་ཉིན་བྱེད་ལས། དེའི་ཚེ་ལོ་ཆེན་ཡང་སྐུ་ན་གཞོན་པས་སྤྲོས་པ་ལ་དགེས་ཤིང་། པུ་ཧྲང་ལོ་ཆུང་ཡང་གྲེ་ངག་བདེ་ཞིང་། དེའི་དུས་ན་མངའ་རིས་སྟོད་དུ་བོན་པོ་རྣམས་ཀྱི་གྱེར་དབྱངས་སོགས་སྤྲོས་པ་ལ་མི་ནག་པ་རྣམས་མོས་པས། དེ་རྣམས་འདུལ་བའི་ཕྱིར་དུ་རྡོར་དབྱིངས་ཀྱི་སྙིང་ཁའི་བདག་འཇུག་ལ་དབང་རྫས་དངོས་སུ་ལེན་པ་དང་། དབྱངས་ཀྱི་རིགས་མི་འདྲ་བ་དུ་མ་དང་། ཁྱད་པར་དུ་རིག་མ་བཅུ་དྲུག་གི་མཆོད་པ་ལ་ཚིགས་བཅད་ལྷུག་སྔགས་པ་གསུམ་གྱིས་བྱེད་པ་དང་། ཀུན་རིག་ལ་ཡང་རྡོར་དབྱིངས་ཀྱི་རྒྱས་བཏབ་པ་སོགས་སྤྲོས་པ་མང་པོ་མཛད། ཅེས་གསུངས་པ་དང་། ཡང་ས་སྐྱ་ཨ་མེས་ཞབས་ཀྱིས་མཛད་པའི་རིག་པའི་གནས་ལྔ་ལས་བཟོ་རིག་པའི་བྱེ་བྲག་རོལ་མོའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་འཇམ་དབྱངས་བླ་མ་དགྱེས་པའི་སྙན་པའི་སྒྲ་དབྱངས་བློ་གསལ་ཡིད་འཕྲོག་འཕྲིན་ལས་ཡོངས་ཁྱབ་ཏུ། ལོ་ཆེན་དེ་ཉིད་ཀྱིས་རྒྱ་གར་དུ་བྱོན་ནས་ཆོས་རྣམས་མཁྱེན་ནས་བོད་ལ་འབྱོན་ཁར། སློབ་དཔོན་ཤཱདྷའི་དྲུང་དུ་ཆོས་སྐྱོང་ཁྱད་པར་ཅན་གཅིག་གནང་དགོས་ཞུས་པས། ཁྱོད་རང་རྡོ་རྗེ་གདན་གྱི་བྱང་སྒོའི་མགོན་ཁང་དུ་ཚོགས་ཀྱི་འཁོར་ལོ་ཤོམས་ལ། ཧཱུཾ་སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཞེས་སོགས་བསྟོད་པ་ཤོ་ལོ་ཀ་གསུམ་པོས་བསྐྱར་གྱིན་བསྟོད་ལ་ལྟས་རྟོགས་ཤིག །དེ་ནས་ལྟས་ཁྱད་པར་ཅན་བྱུང་བ་དང་མན་ངག་སྦྱིན་གྱིས་གསུངས། ལོ་ཙཱ་བས་དེ་ལྟར་མཛད་པས་ལྟས་ཤིག་ཀྱང་མ་བྱུང་། སླར་བླ་མ་ལ་ཞུས་པས། བསྟོད་པ་དེ་སྙན་པའི་ངག་གིས་གླུར་ལོངས་ལ་བསྟོད་ཅིག་གསུངས། དེ་ལྟར་བྱས་པས་ཞག་བདུན་གྱི་ཐོ་རངས་གཟིམས་ལམ་དུ་མི་ནག་པོ་གཅིག་བྱུང་ནས། ཁྱོད་ལྷོ་ནུབ་ཀྱི་དུར་ཁྲོད་དུ་སོང་ལ་འཇིགས་པའི་ང་རོའི་སྐད་ལ་དཔེ་གྱིས་ལ་བསྟོད་ཅིག་ཟེར་བ་བྱུང་བས། རྡོ་རྗེ་གདན་གྱི་ལྷོ་ནུབ་ཀྱི་དུར་ཁྲོད་དུ་བྱོན་ནས་ཚོགས་འཁོར་བཤམས་ཏེ་གསོལ་བ་བཏབ་པས། ཅི་ཞིག་ཙ་ན་མི་རོ་ཆེན་པོ་གཅིག་ལ་སྟག་གཉིས་བབས་ནས། ངར་གྱིན་ཟ་ཡིན་འདུག་པས་དེ་འཇིགས་པའི་ང་རོར་གོ་ཞིང་། སླར་རྡོ་རྗེ་གདན་གྱི་མགོན་ཁང་དུ་ལོག་ནས། སྟག་རོ་ཟ་བའི་ངར་སྐད་ལ་དཔེ་བྱས་ཏེ། སྲིན་གཟུགས་མ་ལ་སྟག་མོའི་ངར་དབྱངས་མཛད་ནས་བསྟོད་པ་མཛད་པས། ཞག་གསུམ་གྱི་སྲོད་ལ། མཧཱ་ཀཱ་ལ་ཉིད་དེ་ཁར་སྣང་སྟེ། ནག་པོ་ཆེན་པོའི་ཞལ་ནས་གདམས་ངག་རྗེས་སུ་ནོད་ཅིག །བོད་དུ་བསྟན་པ་བསྲུང་བ་ལ་བདག་ཁྱོད་དང་བསྡོངས་ནས་འགྲོ་བར་བྱའོ་ཞེས་གསུང་བྱོན། དེའི་ཚེ་ནག་པོ་ཆེན་པོའི་འགྱིངས་ལ་གཟིགས་ཤིང་བྲམ་ཟེ་ཆེན་པོས་མཛད་པའི་བསྟོད་པ་སྔོན་ཚེ་བདེ་གཤེགས་མ་ལ་མགོན་པོའི་འགྱིངས་དབྱངས་མཛད། དུས་དེ་ནས་བཟུང་སྟེ་ཆོས་སྐྱོང་འབྲལ་མེད་དུ་གཟིགས་བཞིན་ཡོད་གསུང་ངོ་། །ཞེས་དང་ལྷ་མོ་ལ་ཡང་། མཧཱ་བོ་དྷིའི་གནྡྷོ་ལའི་རྩར་སོང་ལ་དེ་ལ་རླུང་ཕོག་པའི་ཤུགས་སྒྲ་ལ་དཔེ་གྱིས། རྡོ་རྗེ་གདན་གྱི་བསྐོར་ཁང་གི་ཤིང་པ་ཤ་རུའི་ཡལ་ག་འགྱིངས་པ་ལ་དཔེ་གྱིས་ལ་རེས་འཇོག་ཏུ་གླུ་ལོངས་ལ་བོས་ཤིག་ཅེས་ལུང་བསྟན། བསྟོད་པ་མི་ཕམ་མར་གྲགས་པ་ལ་དེ་ལྟ་བུའི་དབྱངས་མ་བུ་གཉིས་མཛད་པས་ཉིན་ཞག་གཅིག་ལྷ་མོ་ཡང་ཞལ་གཟིགས་ཞེས་གསུངས་པས་ཡོ་གའི་རྣལ་འབྱོར་གྱི་དབྱངས་རྟ་འདི་དག་བོད་རང་གི་དགོས་མཁོ་ལྟར་ལོ་ཆེན་རིན་ཆེན་བཟང་པོའི་གཙོས་པའི་སློབ་དཔོན་རྣམས་ཀྱིས་མཛད་གནང་བ་རིམ་གྱིས་ཧི་མ་ལ་ཡའི་རི་རྒྱུད་ཕྱི་ནང་དུ་དར་ཁྱབ་བྱུང་བར་སེམས་ལ། དེ་བཞིན་དུ་རྒྱ་གར་གྱི་གྲུབ་ཆེན་ཚོར་དོ་ཧ་རྡོ་རྗེའི་མགུར་ཞེས་པ་ཞིག་ཡོད་པ་དེ་ལ་སོ་སོའི་ཉམས་དང་བསྟུན་པའི་མགུར་རྟ་ཐོལ་བྱུང་བ་རེ་ཡོད་སྲིད་ཀྱང་། སྒྲ་བསྒྱུར་མར་པའི་མགུར་རྟ་རྣམས་བོད་རང་གི་རྩོམ་སྟངས་ལྟར་ཁོང་རང་ཉིད་ཀྱིས་མཛད་པ་ལས་རྒྱ་གར་གྱི་དོ་ཧའི་མགུར་རྟ་ལྟར་གྱེར་བའི་ལོ་རྒྱུས་མེད་པ་སོགས་ལ་གཞིགས་ན་ཡོ་ག་རྣལ་འབྱོར་གྱི་དབྱངས་རྟ་དང་མགུར་རྟ་འདི་དག་བོད་ཀྱི་ས་ཁུལ་རང་ནས་དར་འོང་བ་ལས་རྒྱ་གར་ནས་བྱུང་བ་ཞིག་མིན་པ་ཤེས་ཐུབ་ཀྱང་རྒྱས་པར་གཞན་དུ་བཤད་རྩིས་ཡོད་དོ། །
གཉིས་པ། དབྱངས་ཡིག་གི་སྲོལ་ཇི་ལྟར་དར་ཚུལ།
གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་ཞེས་པའི་ནང་དུ་གཞན་ཡང་ཁོང་དགུང་ལོ་སུམ་ཅུ་སོ་གྲངས་ཀྱི་དུས་སུ་ཡོ་གའི་གར་དབྱངས་མང་དུ་བརྩམས་ཞེས་འཁོད་ཡོད་པས་སྐབས་དེ་ནས་བཟུང་བོད་ལ་དབྱངས་ཡིག་གི་སྲོལ་དར་ཡོད་པ་ཤེས་ཐུབ་པར་མ་ཟད། དབྱངས་ཡིག་དར་ནས་ལོ་ངོ་དགུ་བརྒྱ་ལྷག་ཅིག་གི་ལོ་རྒྱུས་ཡོད་པ་ཡང་ཤེས་ཐུབ།
འོ་ན་དབྱངས་ཡིག་འདི་དགོན་སྡེའི་ཁྲོད་ཀྱི་ཆོས་ལུགས་མི་སྣ་དག་ཁོ་ནའི་བེད་སྤྱོད་བྱེད་པ་ཞིག་ཡིན་ནམ་ཟེར་ན་དེ་ཡང་མ་ཡིན་ཏེ། དབྱངས་ཡིག་ནི་གསང་སྔགས་ཀྱི་ཆོ་ག་དང་། ཆོས་སྤྱོད་དག་གཙོ་བོ་བྱས་པའི་ཐོག །བླ་མ་གོང་མ་དག་གི་མགུར་རྟ་དང་། གླིང་གེ་སར་གྱི་སྒྲུང་རྟ། དམངས་ཁྲོད་ཀྱི་གླུ་དང་ལ་གཞས་སོགས་ཀྱང་དབྱངས་ཡིག་ཏུ་བྲིས་ཡོད་པ་མང་པོ་ཡོད་པས། འདི་ནི་ཧི་མ་ཡའི་རི་རྒྱུད་དུ་དར་བའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་དང་། རིག་གནས། དད་མོས་དང་། ལོ་རྒྱུས་སོགས་ཀྱི་མཚོན་བྱེད་བླ་ན་མེད་པ་ཞིག་ཡིན་ནོ། །

གསུམ་པ། དབྱངས་ཡིག་གི་རྣམ་པ་དང་མཚོན་དོན།
རང་རེའི་དབྱངས་ཡིག་གི་རྣམ་པ་ནི་ནམ་མཁར་རྒྱུ་བའི་སྤྲིན་དང་། ས་ན་བཞུར་བའི་ཆུ་བོ་གཉིས་དང་ཆ་ཀུན་ཏུ་འདྲ་བར་བཤད།
དང་པོ་ནི་སྤྲིན་ལ་དབྱིབས་དང་རྣམ་པ་མི་འདྲ་བ་ཧ་ཅང་མང་པོ་ཡོད་པ་བཞིན་དུ་དབྱངས་ཡིག་གི་རྣམ་པ་ལའང་མི་འདྲ་བ་མང་པོ་ཡོད་པ་ཡིན་ཏེ། དཔེར་ན་དྲག་ཤུལ་དང་འཇིགས་རུང་གི་ཉམས་ལ་ཆར་སྤྲིན་ནག་པོ་འཐོར་རླུང་གིས་བསྐྱོད་པ་ལྟ་བུའི་རྣམ་པ་དང་ཡང་དཔའ་ཞིང་རྔམས་པའི་ཉམས་ལ་ལྷོ་སྤྲིན་བྱང་དུ་བསྐྱོད་པ་ལྟ་བུའི་རྣམ་པ་དང་། དད་པ་དང་སྙིང་རྗེའི་ཉམས་ལ་ལྷོད་པོར་རྒྱུ་བ་ཐོ་རངས་ཀྱི་མཚམས་སྤྲིན་ལྟ་བུའི་རྣམ་པ་དང་། སྐྱོ་ཞིང་གདུང་བའི་ཉམས་ལ་ཉི་ནུབ་དུས་ཀྱི་ཆུ་སྤྲིན་ལྟ་བུའི་རྣམ་པ་དང་། དགའ་ཞིང་སྐྱིད་པའི་ཉམས་ལ་སོས་དུས་ཀྱི་སྨུག་སྤྲིན་རི་སྐེད་དུ་འཁྲིགས་པ་ལྟ་བུའི་རྣམ་པ་སོགས་ཡོད་པར་བཤད།

དེ་བཞིན་དུ་དབྱངས་ཡིག་གི་རྣམ་པ་ཆུ་དང་འདྲ་བའི་ཚུལ་ནི། འཇིགས་རུང་གི་ཉམས་རྒྱ་མཚོ་དྲག་རླུང་གིས་བསྐྱོད་པའི་རྦ་རླབས་ལྟ་བུ་དང་། དཔའ་བའི་ཉམས་རི་གཟར་གྱི་རྦབ་ཆུ་ལྟ་བུ་དང་། སྙིང་རེའི་ཉམས་ཆུ་བོ་ཆེན་པོའི་བཞུར་རྒྱུན་ལྟ་བུ་དང་། སྐྱོ་གདུང་གི་ཉམས་ཆུ་ཕྲན་གྱི་རྒྱུགས་ལྟ་བུ་དང་། དགའ་ཞིང་སྤྲོ་བའི་ཉམས་མཚོ་མོའི་འཁྱིལ་དང་། ལྟེང་ཀའི་ལྟེམས་ལྟ་བུ་ཞིག་ཡིན་པར་བཤད་དོ། །
དེ་མིན་དམངས་ཁྲོད་ཀྱི་ངག་རྒྱུན་དུ་བཤད་སྲོལ་གཞན་ཞིག་ཡོད་པ་ནི། བོད་ཀྱི་དབྱངས་རྟ་རེ་ལ་དམིགས་བསལ་གྱི་མིང་རེ་ཡོད་པ་དེ་དབྱངས་ཀྱི་མཚོན་དོན་ཡིན་པར་བཤད་པས་གནད་དོན་འདི་ལ་གོ་རྒྱུ་ཆེན་པོ་ཞིག་འདུག་སྙམ།

བཞི་པ། དབྱངས་ཡིག་གི་ཁྱད་ཆོས།
བོད་ཀྱི་དབྱངས་ཡིག་ནི་ཧི་མ་ལ་ཡའི་རི་རྒྱུད་ཕྱི་ནང་དུ་གནས་སྡོད་བྱས་པའི་ས་གནས་དེ་ཀའི་མི་རྣམས་ཀྱི་སྐད་ཀྱི་གཤིས་དང་ངག་གི་འགྱུར་ཁུག་སོགས་ལ་གཞིགས་ནས་དབྱངས་ཀྱི་རྣམ་པ་རི་མོར་བྲིས་པ་ཞིག་ཡིན་ཙ་ན་དེ་དག་གི་ཉམས་དང་རྣམ་འགྱུར་ཁྱད་ཆོས་སོགས་ཇི་མ་ཇི་བཞིན་དུ་ཐོན་པར་བྱེད་ཐུབ། ཡིན་ན་ཡང་དེང་རབས་ཀྱི་གླུ་གཞས་གསར་པ་དང་། མི་རིགས་གཞན་གྱི་གླུ་དབྱངས་སོགས་བོད་ཀྱི་དབྱངས་ཡིག་གི་རྣམ་པ་འདིའི་སྟེང་ནས་གྱེར་བ་དང་འབུད་རྡུང་སོགས་བྱེད་ཐུབ་པའི་ངེས་པ་མ་མཆིས་མོད། འོན་ཀྱང་རྒྱུ་མཚན་དེ་ཙམ་ཞིག་གིས་བོད་ཀྱི་དབྱངས་ཡིག་འདི་རྗེས་ལུས་ཡིན་པའི་ངེས་པའང་མེད་དེ། དེང་རབས་ཀྱི་དབྱངས་ཡིག་གསར་པ་དག་ལས་ཀྱང་རང་རེ་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་གླུ་དང་རོལ་མོའི་ཞིབ་ཕྲའི་རིགས་མང་པོ་ཞིག་ཇི་བཞིན་དུ་ཐོན་ཐབས་མེད་པ་ལྟ་བུའོ། །

ལྔ་པ། དབྱངས་ཡིག་རྣམས་ཀྱི་དབྱིབས་དང་རྣམ་པ་མི་འདྲ་བའི་རྒྱུ་མཚན།
རང་རེའི་ཡུལ་ལུང་དག་རྒྱ་ཆེ་ཞིང་། མིའི་གྲངས་ཉུང་བ་ཙམ་དུ་མ་ཟད། དབྱངས་ཡིག་བེད་སྤྱོད་བྱེད་མཁན་དང་དབྱངས་ཡིག་འབྲི་ཤེས་མཁན་ཡང་མང་པོ་ཞིག་མེད་ལ། གྲྭ་ས་ཆེ་གྲས་དང་། ཕོ་བྲང་ནང་ཁུལ། དེ་བཞིན་སྒྲིག་ལམ་ཞིབ་ཚགས་ལྡན་པའི་ཡུལ་སྡེ་འགའ་རེ་ཙམ་མ་གཏོགས་དབྱངས་རེ་རེ་ལ་གཅིག་གྱུར་གྱི་དབྱངས་ཡིག་ཚད་ལྡན་ཞིག་རྒྱ་ཁྱབ་ཏུ་བཀྲམ་པའི་སྲོལ་ཆགས་ཐུབ་མེད་པ་དང་། དབྱངས་ཡིག་མང་ཆེ་བ་ཞིག་ནི་དབྱངས་མཁན་དང་དབུ་མཛད་ལྟ་བུའི་སོ་སོའི་དགོས་མཁོ་དང་མི་བརྗེད་པའི་ཟིན་ཐོ་ལྟ་བུར་འབྲི་མཁན་ཁོ་རང་གི་དབྱངས་ཀྱི་ངོས་འཛིན་དང་སྐད་ཀྱི་བྱུང་སྟངས་ལ་ལྟོས་ནས་བྲིས་པ་ཡིན་པའི་རྒྱུ་མཚན་གྱིས་དབྱངས་ཡིག་གི་གཟུགས་དབྱིབས་ལའང་མི་འདྲ་བ་སྣ་ཚོགས་ཤིག་བྱུང་བ་ཡིན་མོད། འོན་ཀྱང་ཕྱིའི་ཆ་ནས་བརྒྱ་ཆའི་དྲུག་ཅུ་ཙམ་གྱི་དབྱངས་ཡིག་གི་དབྱིབས་དང་རྣམ་པ་འདྲ་པོ་ལྟ་བུར་ཆགས་ཡོད།

དྲུག་པ། འཇིག་ལ་ཉེ་བའི་དབྱངས་དང་དབྱངས་ཡིག
སྤྱིར་རང་རེའི་དབྱངས་ཡིག་ལ་རིག་གནས་དང་སྒྱུ་རྩལ། ལོ་རྒྱུས་དང་དད་མོས། བེད་སྤྱོད་དང་ཉར་ཚགས་སོགས་ཀྱི་རིན་ཐང་བླ་ན་མེད་པ་ཞིག་ཡོད་ཀྱང་། ཉེ་ཆར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་འདི་ལ་ཆེད་དུ་དོ་སྣང་དང་ཞིབ་འཇུག་བྱེད་མཁན་ཞིག་ཧ་ལམ་མེད་པ་ལྟ་བུའི་རྐྱེན་གྱིས་འདིའི་རིན་ཐང་ཤེས་མཁན་དང་འདི་ལ་སྦྱང་བ་བྱེད་མཁན་ཡང་ཧ་ཅང་ཉུང་ནས་ཉུང་དུ་འགྲོ་བཞིན་ཡོད་པར་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཁག་ནའང་ཧི་མ་ལ་ཡའི་རིག་གནས་དང་འབྲེལ་བ་ཡོད་པའི་དངོས་མང་བཤམས་སྟོན་ཁང་དང་བོད་རིག་པའི་སྡེ་ཁག་སོགས་ཧ་ཅང་མང་ན་ཡང་བོད་ཀྱི་དབྱངས་ཡིག་འགྲེམ་སྟོན་དང་དེ་ལ་དོ་སྣང་བྱེད་མཁན་ཞིག་ཕལ་ཆེར་མི་འདུག་ཅེས་བཤད་ཆོག །
དེ་བཞིན་དུ་རང་རེའི་རྒྱལ་ནང་དུའང་སློབ་ཆུང་ནས་འབུམ་རམས་པའི་བར་གྱི་སློབ་ཚན་དང་སློབ་དེབ་ཁག་ཏུ་བོད་ཀྱི་དབྱངས་ཡིག་དང་དབྱངས་རོལ་གྱི་གཞུང་ལུགས་ཚད་ལྡན་གཅིག་ཀྱང་མཐོང་རྒྱུ་མེད་པ་དེ་རང་རེའི་དབྱངས་དང་དབྱངས་ཡིག་ལ་ཞིབ་འཇུག་གི་རིན་ཐང་དང་འགྲེམ་སྟོན་གྱི་ཁྱད་ཆོས། སློབ་སྦྱོང་གི་ཚད་གཞི་འདང་མེད་པ་སོགས་མིན་པས་གནད་དོན་འདི་དག་ཇི་ལྟར་ཐག་གིས་གཅོད་རྒྱུར་བསམ་བློ་ཞིབ་ཏུ་གཏོང་དགོས་པ་ཞིག་ཀྱང་ཆགས་ཡོད།

བདུན་པ། དབྱངས་ཡིག་རྣམས་ཇི་ལྟར་དར་སྤེལ་དང་གཅིག་གྱུར་བྱེད་དགོས།
རྒྱ་ཆེ་ཞིང་གཏིང་ཟབ་པའི་རང་རེའི་དབྱངས་རོལ་གྱི་རིག་གནས་དང་། ལུས་སེམས་བདེ་ལ་འགོད་པའི་སྙན་འཇེབས་ཀྱི་འགྱུར་ཁུག །དེ་བཞིན་དུ་མཛེས་ཤིང་ཡིད་དུ་འོང་བའི་དབྱངས་ཡིག་འདི་དག་ཚད་ལྡན་གྱི་རོལ་མོའི་གཞུང་ལུགས་ཀྱི་ངོ་སྤྲོད་འབྲེལ་ནས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དར་སྤེལ་བྱ་རྒྱུ་དང་། མདོ་དབུས་ཁམས་གསུམ་གྱི་དབྱངས་མཁན་དང་ཆོས་བརྒྱུད་སོ་སོའི་འགན་ཡོད་ཀྱི་མི་སྣ་དག་གྲོས་མཐུན་སྒོས་སྔར་གྱི་དབྱངས་ཡིག་དག་ལས་གཅིག་རང་འདེམས་ནས་གཏན་ཁེལ་བྱས་ཤིང་། དེ་ཡང་རང་རེའི་ས་ཁུལ་གཙོ་བོ་བྱས་པའི་སློབ་ཆུང་ནས་འབུམ་རམས་པའི་བར་གྱི་སློབ་ཚན་དང་སློབ་དེབ་ཁག་ཏུ་བོད་ཀྱི་དབྱངས་རོལ་གྱི་ཡིག་ཆ་ཚད་དང་ལྡན་ཞིང་མ་ལག་ཚང་བ་མང་པོ་ཁ་གསབ་བྱེད་དགོས་པར་མ་ཟད། གཞུང་ལུགས་དེ་དག་ཀྱང་ཁ་བཤད་ཙམ་དུ་སོང་བར་སྐད་ཀྱི་བྱུང་སྟངས་དང་དབྱངས་ཀྱི་གྱེར་ལུགས། ཐ་ན་ཟས་དང་སྤྱོད་ལམ་ལ་བརྟེན་ནས་སྐད་ངག་འདུལ་སྦྱོང་བྱེད་ཐབས་སོགས་ལག་ལེན་དངོས་ལ་འདེབས་ཐུབ་པ་བྱུང་ན། ད་གཟོད་གནའ་བོའི་དབྱངས་དང་དབྱངས་ཡིག །དེ་འབྲེལ་གྱི་རིག་གནས་དག་གི་ཚེ་སྲོག་འདིའི་རྒྱུན་མཐུད་ཐུབ་ལ། འགྲོ་བ་མིའི་རིགས་ལ་སྔར་མེད་ཀྱི་རིག་པའི་འོད་སྣང་གསར་པ་ཞིག་ཀྱང་བསྐྲུན་ཐུབ་པར་ངེས་སོ། །

འབྲེལ་ཡོད་འོས་སྦྱོར།