བོད་ཀྱི་དར་ལྕོག་རིག་གནས།
རྩོམ་པ་པོ།:ཕུར་སྲུང་སྐྱབས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-01-16
ཀློག་གྲངས།:
གཅིག དར་ལྕོག་ཅེས་པའི་གོ་དོན།
སྣང་ཚུལ་གཞན་ཞིག་ནི། དམུ་ཐག་ནི་བོད་ཀྱི་བཙན་པོ་རྣམས་ལྷ་ཡུལ་ནས་མི་ཡུལ་དུ་ཕེབས་པའི་ཡོ་བྱད་འབའ་ཞིག་མ་ཡིན་པར། དེ་ནི་མི་རྣམས་སྐྱེ་དུས་ནས་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་དངོས་པོ་ཞིག་ཡིན་པར་འདོད་པ་དེ་ཡིན། དཔེར་ན། གཉེན་སྒྲིག་གི་ཆོ་གའི་ཐོག་ཚོན་སྣ་ཅན་གྱི་སྐུད་པ་ཞིག་མནའ་མ་དང་མག་པའི་མགོ་ཐོག་ཏུ་བསྒྲོགས་ནས་དམུ་ཐག་ཉིད་མཚོན་པར་བྱེད་པ་དང་སྦྲགས་འགྲོ་བ་མིའི་རིགས་ནི་ལྷ་ལས་མཆེད་པའི་ལྟ་བ་ཡང་མཚོན་པར་བྱེད། དེ་ལྟ་བུའི་སྲོལ་རྒྱུན་གྱི་མཛད་སྒོའི་ཐོག་དམུ་ཐག་གི་མཚོན་བྱེད་སྐུད་པ་ཞིག་བེད་སྤྱོད་བྱེད་སྲོལ་ཡོད་པ་དེ་ཕྱིས་སུ་སྟབས་བདེའི་སྒོ་ནས་ཁ་བཏགས་ཤིག་གིས་ཚབ་བྱེད་པའི་སྲོལ་རྒྱུན་འཕོ་འགྱུར་ཕྱིན་ཡོད་པ་རེད། རླུང་རྟའི་ཆོ་ག་སྤེལ་སྐབས། “དམུ་ཐག”དེ་མདའ་དར་ཞིག་གི་ཐོག་ཏུ་དཀྲིས་ཤིང་མདའ་དེ་ལག་པས་བཟུང་ནས་འདེགས་པ་ཡིན། ཆོ་གའི་ནང“དམུ་ཐག”བེད་སྤྱོད་བྱེད་པར་དོན་སྙིང་ཆེན་པོ་ལྡན་ཡོད་དེ། དེ་ནི་གནའ་བོའི་རྒྱལ་བོ་རྣམས་དམུ་ཐག་ལ་བརྟེན་ནས་ལྷ་ཡུལ་དུ་ཕྱིར་ལོག་མཛད་རྗེས་མི་དང་ལྷ་ཡུལ་དབར་གྱི་འཆམ་མཐུན་འབྲེལ་བ་དག་ཕྱིར་དྲན་སྐྱར་གསོ་བྱེད་པའི་མཚོན་དོན་ཞིག་ཡིན་ནོ། །”
མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི«རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ»ལས། “དམར་པོ་རིའི་ཕོ་བྲང་དེ་ནི་ཁང་བརྩེགས་ཀྱི་རྩེ་མོ་ལ་མདའ་མདུང་གིས་བརྒྱན་པ་ད་ལྟའི་བཙན་ཁང་རྣམས་དང་འདྲ་སེ་ཡིན། ལ་དང་རི་རྣམས་ཀྱི་རྩེ་ལ་ཡང་མདའ་མདུང་གི་ཕུང་པོ་བཙུགས་ཏེ་ལྷ་རྣམས་དེར་བཞུགས་པར་བྱེད། འབངས་ཁྱིམ་རྣམས་ཀྱི་སྒོ་ལ་ཡང་དར་མདུང་རེ་སློང་བ་འདི་ད་ལྟའི་བར་ཡོད་ཀྱི་རྟགས་ལྟ་བུ་ཡིན་ཏེ། སྟོད་ཕྱོགས་སུ་རྒྱ་གར་གྱི་ཡུལ་ན་ཡོད་པའི་བོད་རིགས་སུ་གཏོགས་པ་ཚུན་ནས། སྨད་ཕྱོགས་སུ་རྒྱ་ནག་གི་བོད་རིགས་ཚུན་ཆད་ཀྱི་བར་སྒོ་དང་ཁང་པ་ལ་དར་སློང་བ་བྱེད།” འདི་ལས་ཀྱང་ང་ཚོས་ཤེས་ཐུབ་པ་ཞིག་ནི་བོད་ཀྱི་དར་ལྕོག་འཛུགས་པའི་སྲོལ་དེ་ནི་སྔོན་གྱི་དུས་སུ་དམག་གི་ཆས་སུ་མངོན་ལ། རྗེས་སུ་ཆོས་ཀྱི་ལས་སུ་སོང་བས་བོད་མིའི་ཁྱིམ་ཞིག་ཡིན་ཕྱིན་གནས་གང་དུ་ཡོད་ཀྱང་དར་ལྕོག་སློང་བའི་སྲོལ་དེ་མ་ཉམས་པར་ཡོད་པ་ཡིན།
གསུམ། དར་ལྕོག་གི་རིགས་དབྱེ།
སྤྱིར་བཏང་གི་དར་ལྕོག་ལ་ཕྱིའི་རྣམ་པའི་ཐོག་ནས་དབྱེ་ན་རིགས་གསུམ་དུ་དབྱེ་ཆོག། རིགས་དང་པོ་ནི་སངས་རྒྱས་ཀྱི་གསུང་དང་འདབ་ཆགས་གཅན་གཟན་གྱི་གཟུགས་རིས་ཚོན་མདོག་སྔོ་སེར་དཀར་དམར་ལྗང་ཁུ་བཅས་ལྔ་ལྡན་ཡོད་པའི་དར་རས་གྲུ་བཞིའི་སྟེང་དུ་དཔར་བཏབ་སྟེ་དེ་གཅིག་ལ་གཅིག་འབྲེལ་བྱས་ཏེ་ཐག་པའི་ཐོག་བཙེམ་ནས་ཁྲོམ་བསྒྲགས་འཕྲེད་འགེལ་སྦྱར་རས་བཞིན་ལ་རྩེའི་ཐོག་དཔྱང་འཁྲུལ་དུ་འདོགས་བཞིན་ཡོད། རིགས་གཉིས་པ་ནི་དར་ཆེན་ཞེས་རིང་ཚད་རྨི་གསུམ་མམ་ལྔ་ཙམ་ཡིན་པའི་དར་ཤིང་སྟེང་དུ་རས་ནར་མོ་ཡུག་གཅིག་གི་གཞོགས་གཅིག་དར་ཤིང་ཐོག་བཙེམས་ཤིང་ཚོན་མདོག་དམར་པའམ་དཀར་པོ་ཡིན་པའི་དར་རས་ནར་མོའི་སྟེང་དུ་གདོན་བགེགས་གནོད་འཚེ་ཞི་ཞིང་། རླུང་རྟ་དར་བའི་སངས་རྒྱས་ཀྱི་གསུང་རབ་དཔར་བཏབ་སྟེ་ཁང་ཁྱིམ་གྱི་མདུན་དུ་སློང་སྲོལ་ཡོད། རིགས་གསུམ་པ་ནི་སྔོ་སེར་དཀར་དམར་ལྗང་ཁུ་བཅས་ཚོན་མདོག་ལྔ་ལྡན་གྱི་དར་ཧྲུག་ཡིག་མེད་དང་། མཐའ་ལ་འགྲིལ་བཏང་བའི་བ་དན་དར་རས་ཚོན་གཅིག་མ་ཞིག་གི་སྟེང་དུ་སངས་རྒྱས་ཀྱི་གསུང་དང་ཡི་དམ་མཁའ་འགྲོའི་གཟུངས་བསྔགས། བླ་མའི་གསོལ་འདེབས་སྣ་ཚོགས། འདབ་ཆགས་གཅན་གཟན་གྱི་གཟུགས་ཀྱིས་དཔར་བཏབ་ཅིང་། དར་ཧྲུག་ཚོན་སྣ་ལྔ་ལྡན་དེ་དག་གོ་རིམ་མ་འཁྲུགས་པར་དར་ཤིང་གི་ཡལ་གའི་རྩེར་བཏགས་ནས་ཁང་པའི་ཡང་སྟེང་གི་ཟུར་དུ་འཛུགས་བཞིན་ཡོད།
བཞི། དར་ལྕོག་སྟེང་གི་རི་མོའི་མཚོན་དོན།
ཤར་ཡུལ་ཕུན་ཚོགས་ཚེ་རིང་གི«བོད་ཀྱི་གནའ་བོའི་ཆོས་ལུགས་ཆོ་ག་དང་ཡུལ་སྲོལ»ལས། “དར་ལྕོག་གི་མཚོན་རིས་ལ་བན་བོན་གཉིས་ཀའི་ཁྱད་ཆོས་དང་། ལུང་པ་སོ་སོའི་སྲོལ་ལུགས་མི་འདྲ་བར་བརྟེན་མཚོན་རིས་མི་འདྲ་བ་ཡོད། དབུས་གཙང་ཁུལ་དུ་དར་ལྕོག་གི་མཚོན་རིས་ཐོག་ཏུ་དར་ལྕོག་གི་དཀྱིལ་དུ་རྟ་མཆོག་རིན་པོ་ཆེ་དེར་སྒ་ཆས་ཆ་ཚང་གིས་བརྒྱན་པ་དང་། དེའི་སྟེང་དུ་ནོར་བུ་མེ་འབར་རིན་ཆེན་སྣ་ཚོགས་སོགས་ཀྱིས་རྣམ་པར་རྒྱན་པ་ངོ་མཚར་དཔལ་དང་ལྡན་པ་ཞིག་ཡོད། དར་ལྕོག་གི་ཟུར་བཞི་རུ་སྟག་སེང་ཁྱུང་འབྲུག་དང་། ལ་ལར་བཀྲ་ཤིས་རྟགས་བརྒྱད་རི་མོ་འབྲིས་པའི་ཡུལ་སྲོལ་ཡོད་ལ། མདོ་ཁམས་སོགས་ལ་རླུང་དར་གྱི་ཟུར་བཞི་རུ་སྟག་སེང་ཁྱུང་འབྲུག་གཡག་བཅས་ཁ་བ་ཅན་གྱི་བླ་ཟོག་གི་རི་མོ་བཀོད་ཅིང་། ཡུལ་ལུང་འགའ་ཞིག་ཏུ་སྲིད་པའི་ལྷ་ཆེན་ལྔ་སྟེ་འོ་དེ་གུང་རྒྱལ་དང་། གཉན་ཆེན་ཐང་ལྷ། གངས་ཅན་རྟ་སྒོ། རྨ་ཆེན་སྦོམ་ར། ཡར་ལྷ་ཤམ་པོ་བཅས་ཀྱི་རི་མོ་འབྲི་པའི་ཡུལ་སྲོལ་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད།”
གུར་མགོན་སྐྱབས་ཀྱི«དྲིན་གྱི་བུ་ལོན»ལས། “སྔོན་གྱི་ཡིག་ཚང་མང་པོ་གུང་བསྒྲིགས་ཏེ་བལྟས་ན། སྲོང་བཙན་གྱི་དུས་སུ་རུ་དར་གྱི་ཁ་དོག་ལ་ནག་པོ་དང་ནག་པོ་སྙིང་དཀར། དཀར་པོ་སྙིང་ནག། དམར་པོ། དཀར་པོ། སེར་པོ་བཅས་ལ་དར་ལྕེ་ཡང་ཁ་དོག་དེ་བཞི་ལས་མེད་པར་མངོན་ལ། དར་གྱི་སྟེང་ལ་གཟུགས་སེང་གེ་གནམ་འཕྱོང་དང་། སེང་གེ་ཁ་སྤྲོད། ཁྱུང་གསུམ། སྟོང་སྡེ་རེར་རུ་དར་རེ་དང་དཔའ་དར(དར་འདི་དམག་དཔུང་བྱས་རྗེས་ཅན་ལ་གནང་བའི་དར)རེ་སྟེ་དར་གཉིས་རེ་ཡོད་པ་དང་། ཕྱིས་ཁྲི་སྲོང་དང་ཁྲི་རལ་སོགས་ཀྱི་སྐུ་རིང་ལ་དམག་གི་གྲངས་ཇེ་མང་དུ་ཕྱིན་པས། རུ་དར་དང་དཔའ་དར་གྱི་ཁ་དོག་ལ་སྔོན་པོའང་ཡོད་པ་དང་དར་གྱི་རི་མོ་ལ་ཡང་སྟག་དང་འབྲུག་གཉིས་ཀ་བསྣན་པ་ཡིན་ནམ་སྙམ།
ཀླུང་རྟ་སྡེ་བཞི་ཟེར་བའི་གཟུགས་ལ་སྟག་སེང་ཁྱུང་འབྲུག་བཞི་ཡོད་པ་ཚང་མ་སྔོན་རུ་དར་གྱི་གཟུགས་ལ་ཡོད། ཕྱིས་དར་གྱི་རི་མོ་རྣམས་གཅིག་ཏུ་བསྡུས་ནས་སྟག་སེང་ཁྱུང་འབྲུག་བཞི་གྲུ་བཞི་རུ་བཀོད་ཅིང་། ཁྱུང་འབྲུག་གཉིས་ཀྱི་གནམ་ལ་འཕུར་དགུའི་ནང་གི་ཆེས་གཉན་པ་དང་བཙན་པ་མཚོན། སེང་སྟག་གཉིས་ཀྱིས་ས་ལ་རྒྱུ་དགུའི་ནང་ནས་ཆེས་བཙན་པ་མཚོན་པ་དང་། རྟ་མཆོག་དཀྱིལ་ལ་ཡོད་པས་སྔོན་གྱི་སྟོང་སྡེའི་དམག་དཔུང་མཚོན་པ་སོགས་རིགས་པས་དཔྱད་པ་མང་དུ་འགྲོ་བ་ཡོད། ཁྱུང་གི་གཟུགས་ནི་སྔོན་བོད་མི་རྣམས་ཀྱི་ཀྱིས་གྱད་མི་དང་ལྷན་དུ་བྲིས་པ་སྟོད་མངའ་རིས་སུ་མཇལ་དུ་ཡོད་པ་ལོ་ངོ་ཁྲི་བཞིའམ་ལྔའི་གོང་གི་རི་མོ་ལ་ཡོད་ཚུལ་གསལ་བས། སྟག་སེང་ཁྱུང་འབྲུག་ནི་སྟོབས་ཤུགས་ཟད་དུ་མེད་པ་ཞིག་ལ་འཛིན་པའི་བག་ཆགས་དེ་གོང་སྔ་མོ་ཞིག་ནས་བོད་ལ་ཡོད་ཅིང་། ཕྱིས་དེ་ལ་ཆོས་ལུགས་ཀྱི་བཤད་པས་རྒྱན་སྤྲོས་ནས་སེང་གེས་ཆུ་དང་། ཁྱུང་གིས་མེ། སྟག་གིས་རླུང་། འབྲུག་གིས་ནམ་མཁའ། རྟ་མཆོག་གིས་ས་སྟེ་འབྱུང་བ་ལྔ་མཚོན་པ་དང་། ཞི་རྒྱས་དབང་དྲག་གི་ལས་བཞི་མཚོན་པ་སོགས་ཇེ་མང་དུ་ཕྱིན་པ་ཡིན་ནམ་སྙམ། རུ་དར་ལ་ནག་པོ་མང་པོ་ཡོད་ཀྱང་། ཕྱིས་ནང་བསྟན་གྱི་ལས་དཀར་ནག་གི་རྟེན་འབྲེལ་གྱིས་དར་ལྕོག་ལའང་ཁ་དོག་ནག་པོ་ཕུད་ནས་དཀར་སེར་དམར་སྔོན་བཞི་རུ་བྱས། སེར་པོས་ས་གཞི་མཚོན་པར་བྱས་ནས་གཤམ་ལ་བཀོད། དཀར་པོས་ཆུ་མཚོན་པར་བྱས་ནས་སེར་པོའི་སྟེང་ལ་བཀོད། དམར་པོས་མེ་མཚོན་པར་བྱས་ནས་དེའི་སྟེང་དུ་བཀོད། སྔོན་པོས་ནམ་མཁའ་མཚོན་པར་བྱས་ཏེ་རྩེ་མོར་བཀོད། དེ་ཡང་ཞི་རྒྱས་དབང་དྲག་གི་ལས་བཞི་སོགས་ལ་སྦྱར་བ་ཡིན་ནམ་སྙམ་མོ། ། ད་ལྟའི་དར་ལྕོག་ཁྱིམ་རེ་རེའི་སྒོ་མགོར་འཛུགས་པ་འདི་ལས་སྔོན་ཁྱིམ་རེ་རེའི་སྒོ་ན་རུ་གང་ལ་གཏོགས་པའི་རུ་དར་དང་དཔའ་དར་སོགས་བཙུགས་ཡོད་པ་ཡིན་ནམ་སྙམ་སྟེ། མི་རེ་རྟ་རེར་ཞོན་ནས་རྒྱུགས། མི་རེས་དར་རེ་འཕྱར་ནས་རྒྱུགས་ཟེར་བ་ཡང་རང་རང་གི་རུ་དར་ཡིན་ངེས་པས་སོ། །”
སྤྱིར་བཏང་དར་ལྕོག་ནི་ཁ་དོག་སྔོན་པོ། དཀར་པོ། དམར་པོ། ལྗང་གུ། སེར་པོ་སོགས་དར་ཚོན་སྣ་ལྔའི་སྟེང་དུ་དཔར་སྲོལ་ཡོད། དེ་དག་ནི་འབྱུང་བ་ལྔའི་མཚོན་བྱེད་ཡིན་པ་རྩིས་གཞུང་འགའ་རེར་གསུངས། འབྱུང་བ་ལྔ་ནི་ས་ཆུ་མེ་རླུང་ནམ་མཁའ་ལྔར་བགྲང་ཡང་། རྩིས་གཞུང་དུ་ཤིང་དང་མེ། ལྕགས་དང་ཆུ། ས་བཅས་ལྔར་བགྲང་མོད། འོན་ཀྱང་དར་ལྕོག་གི་ཁ་དོག་དེ་དག་སྒྲིག་སྟངས་ལ་འདྲ་མི་འདྲ་མང་པོ་མཐོང་རྒྱུ་ཡོད་མོད། གྲགས་ཆེ་བ་སྔོན་པོ་ལས་ནམ་མཁའ་དང་། དཀར་པོ་ལས་སྤྲིན་པ། དམར་པོ་ལས་མེ། ལྗང་གུ་ལས་ཆུ། སེར་པོ་ལས་ས་བཅས་མཚོན་པར་བཤད། དེའི་དགོས་དོན་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དེ་ནང་བཅུད་སེམས་ཅན་གྱི་བརྟེན་ཡུལ་ཡིན་ཞིང་། འབྱུང་ཁམས་འཕྲོད་ན་ལོ་ཕྱུགས་ལེགས་ཤིང་ཚེ་བསོད་འཕེལ་ནས་མི་ཡུལ་དེ་དུས་བདེ་དགའ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་བ་དང་། འབྱུང་ཁམས་འཁྲུག་ཚེ་མི་ཡུལ་སྡུག་བསྔལ་ཏུ་འགྱུར་ཟེར་བའི་མཚོན་རྟགས་ཡིན། དེང་སང་བོད་པ་མང་པོ་ཞིག་གིས་གནས་རི་འགངས་ཆེན་དང་རི་སྒང་། ཉག་ག དགོན་པའི་རྒྱབ་རི་སོགས་མཐོང་མ་ཐག་ཏུ་དར་ལྕོག་གང་སར་འཐེན་པ་འདི་ཡང་འབྱུང་རྩིས་ཀྱི་ལུགས་དང་འགལ་ཡོད་པར་བསམ།
དྲུག། དར་ལྕོག་འཛུགས་སྟངས།
སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི«དགེ་སྡུག་སྤང་བླང»ལས། “དར་ཤིང་རྩེ་མོ་ནོར་བུར་མཚལ་དཀར་བྱུགས། །འདོགས་ལུགས་བདེར་གཤེགས་སྙིང་པོ་གང་ཡིན་རུང་། །མཇུག་ཕྱོགས་དར་ཤིང་ལ་བཏགས་དབུ་ཕྱོགས་ནི། །རླུང་ལ་ཕྱར་ཞིང་འདོན་པའི་ཚུལ་དུ་བྱ། །འཛུག་པའི་དུས་ནི་ཆོ་འཕྲུལ་ཟླ་བའམ། །ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་དང་། །བཅུ་གསུམ་བཅོ་བརྒྱད་ཁྱད་པར་དུས་བཟང་ཉིན། །སྔ་དྲོ་ཉི་ཤར་ལ་སོགས་འཛུགས་པར་བྱ། །དེ་ཡང་སྔོན་དུ་རབ་གནས་བྱིན་རླབས་བྱ། །འཛུག་དུས་ཁོ་བོས་བཀོད་པའི་དར་བསྟོད་བྱ། །”
ཤར་ཡུལ་ཕུན་ཚོགས་ཚེ་རིང་གི«བོད་ཀྱི་གནའ་བོའི་ཆོས་ལུགས་ཆོ་ག་དང་ཡུལ་སྲོལ»ལས། “ལོ་གསར་དང་རྟེན་འབྲེལ་བྱེད་སྒོ་ཁག་ལ་དར་ལྕོག་འཛུགས་སྐབས་དབུས་གཙང་ཁམས་གསུམ་དུ་སྤྱིར་ན་ཡུལ་སྡེ་སོ་སོའི་གཤིས་ལུགས་མི་འདྲ་བས་དར་ཤིང་ཐོག་ཁྱིམ་ཚང་གི་ནང་མིའི་ཁམས་གཞིར་བཟུང་ནས་དར་ལྕོག་འཛུགས་པ་དང་། དེའི་སྟེང་དུ་དར་ཆུང་འགའ་ཞིག་ལས་གནམ་སྔོན་པོ་དང་། སྤྲིན་དཀར་པོ། བར་བཙན་དམར་པོ། ཆུ་ལྗང་། ས་སེར་ཞེས་རིམ་བཞིན་དར་ཆུང་བཏགས་པའི་སྲོལ་ཡོད་ཅིང་། སྔར་སྲོལ་ལྟར་ན་དར་ཤིང་གི་རྩེ་མོར་བལ་ཆུང་ངུ་མང་པོ་བཏགས་པའི་ལུགས་སྲོལ་ཡོད་ལ། ད་ལྟ་ཁ་བཏགས་དར་ཁྱབ་ཆེ་བས་དར་ཤིང་གི་རྩེ་མོར་དར་སྣ་ཚོགས་སྒྲོན་པ་དང་། རྩེ་དཀར་ཟེར་དར་ཤིང་གི་དབྱུག་གུའི་པགས་པ་བཤུས་ཏེ་དཀར་པོ་བཟོ་དགོས། དེའི་རྒྱུ་མཚན་ནི་དར་ཤིང་སྐྱེས་ན་བཀྲ་མ་ཤིས་པ་ཞིག་ཡིན་ཞེས་བཤད་སྲོལ་ཡོད། ལོ་གསར་སྐབས་དར་ཤིང་གི་རྩེ་མོར་ཁ་ཟས་བཏགས་པའི་སྲོལ་ཡང་ཡོད་ལ། རྟེན་འབྲེལ་མཚོན་བྱེད་ཡུལ་ལྷ་གཞི་བདག་ལ་ཆོ་ག་རྒྱ་ཆེར་གཏོང་བ་དང་། གྲོང་པ་ཁྱིམ་མཚེས་རྣམས་ལྷན་འཛོམས་གཟབ་རྒྱས་རྒྱ་ཆེར་གནང་བའི་གཤིས་ལུགས་དེ་རིགས་སྐྱེ་བོ་སེར་སྐྱ་མང་པོས་གསལ་བོར་རྟོགས།”
ང་ཚོའི་ཕ་ཡུལ་ཕྱོགས་ནས་ཀྱང་ལོ་གསར་ཚེས་མགོ་དང་དུས་ཆེན་གྱི་ཉིན་མོར་དར་ལྕོག་འཛུགས་པའི་སྲོལ་འདི་ད་ལྟའི་བར་དུ་ཉམས་རྒུད་དུ་མ་སོང་བར་གནས་ཡོད། དར་ལྕོག་མ་བཙུགས་པའི་ཡར་སྔོན་དུ་ལག་པ་གཙང་མར་བཀྲུས་ནས་དར་ཤིང་གི་དབྱུག་གུའི་པགས་པ་བཤུས་ཏེ་དཀར་པོ་བཟོ་ལ། དེ་དང་མཉམ་དུ་ཤིང་གི་བཟོས་པའི་ཉི་ཟླ་སྐར་གསུམ་དང་ཁ་བཏགས་དར་ཤིང་གི་རྩེ་མོར་འདོགས་དགོས། སྔོན་མ་ཡིན་ན་བལ་སོགས་འདོགས་པར་བཤད། ད་ལྟ་ཁ་བཏགས་དར་ཁྱབ་ཆེ་བས་མང་པོ་ཞིག་གིས་ཁ་བཏགས་བེད་སྤྱོད་བྱེད་བཞིན་འདུག། དེ་ནས་དར་ལྕོག་གི་ཁ་དོག་གོ་རིམ་བཞིན་སྔོན་པོ། དཀར་པོ། དམར་པོ། ལྗང་གུ། སེར་པོ་སོགས་དར་ཤིང་གི་ཐོག་ཏུ་བཏགས་རྗེས་མནོལ་བསངས་ཕུད་ནས་ཡར་བསླངས་དགོས། ད་ལྟ་ཡིན་ན་ལུགས་སྲོལ་འདི་དག་ལ་འགྱུར་བ་ཅུང་ཙམ་རེ་ཐེབས་བཞིན་འདུག། དཔེར་ན། དར་ཤིང་དང་ཉི་ཟླ་སོགས་ལྕགས་ཀྱི་བཟོ་བཞིན་པ་ལྟ་བུ།
བདུན། དར་ལྕོག་བཙུགས་པའི་ཕན་ཡོན།
མདོ་ལས། “སྟོབས་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གཡུལ་ངོར་སོང་ན། ཕ་རོལ་གྱི་དམག་ཚོགས་ཀྱིས་མི་ཚུགས་པར་འགྱུར་རོ། །ཞེས་དང་། གྲོང་ཁྱེར་ཐམས་ཅད་ཀྱི་སྒོའམ། གྲོང་ངམ། གྲོང་ཁྱེར་རམ། རིམ་གྲོ་ཆེར་བྱས་ཏེ་བཙུགས་ན་བཙུགས་མ་ཐག་ཡུལ་དུ་ཞི་བ་བྱས་པར་འགྱུར་རོ། །ཞེས་དང་། རྒྱལ་མཚན་གྱི་རྩེ་མོར་བཞག་པ་མཐོང་ངམ། དེ་དང་ཉེ་བར་གནས་པར་གྱུར་ན། ཐ་ན་དེའི་གྲིབ་མས་ཕོག་གམ་རྡུལ་རླུང་གིས་བཏབ་པ་ཕོག་ནའང་། ལྷའི་དབང་པོ་སེམས་ཅན་དེ་ལ་སྡིག་པ་ཐམས་ཅད་དང་། ངན་འགྲོར་འགྲོ་བའི་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་རོ། །”ཞེས་སོགས་གསུངས། །
«ཡི་གེ་བརྒྱ་རྒྱུད»ལས། “ཡི་གེའི་སྙིང་པོ་ཡིད་བཞིན་ནོར་བུ་འདི། །ཟ་འོག་དར་རམ་རས་སམ་དྲི་མེད་ལ། །རིན་ཆེན་ཁུ་བ་མཚལ་སྣག་གང་རུང་གིས། །བྲིས་ཤིང་རི་བོ་ཞིག་གི་རྩེར་བཙུག་ན། །རི་བོ་དེ་ལ་རྩྭ་ཟོས་ཆུ་འཐུང་དང་། །མིག་གིས་མཐོང་ཚད་སངས་རྒྱས་ཐོབ། །གནས་རི་བཟང་པོ་ཞིག་གི་འགྲམ་བཙུགས་ན། །དེ་ལ་གནས་པའི་སེམས་ཅན་སངས་རྒྱས་ཐོབ། །ཡུལ་དེ་ནད་ཡམས་གདུག་པའི་གནོད་མི་ཚུགས། །རི་ཁྲོད་དགོན་པ་ཞིག་གི་འགྲམ་བཙུག་ན། །དེར་གནས་དགེ་བའི་བཤེས་གཉེན་གང་ཞིག་གི །དགེ་སྦྱོར་མཐར་ཕྱིན་དམ་ཚིག་ཉམས་པ་གསོ། །”ཞེས་གསུངས་པ་ལྟར། དར་ལྕོག་བཙུགས་པ་ལ་མདོ་སོ་སོ་བཀླགས་པའི་ཕན་ཡོན་འབྱུང་བ་དང་། ཕ་རོལ་གྱི་དམག་ཚོགས་ཀྱིས་མི་ཚུགས་པ། ནད་ཡམས་དང་འཚེ་བ། གནོད་པ། དམག་འཁྲུགས་མུ་གེ་སོགས་ཀྱི་འཇིགས་པ་ཞི་ཞིང་། ཆག་ཆེ་ཉམ་ང་སོགས་མི་མཐུན་པའི་རྐྱེན་ངན་ཀུན་ལས་གྲོལ་བ། གཡུལ་ཞི་ཞིང་། ཚེ་བསོད་དབང་ཐང་དང་འབྱོར་བ་རྒྱས་པ། ཕྱི་མ་མི་ཁོམ་པའི་གནས་སུ་མི་སྐྱེ་བ་དང་མཐོ་རིས་ཀྱི་བདེ་བ་ཐོབ་ཅིང་བྱང་ཆུབ་ཀྱི་ལམ་དང་འཕྲད་པ་སོགས་ཕན་ཡོན་དཔག་ཏུ་མེད་པ་ཡོད་པར་གསུངས། །
མདོར་དྲིལ་ན། ང་ཚོས་ཤེས་ཐུབ་པ་ཞིག་ནི་དར་ལྕོག་སློང་བའི་སྲོལ་དེ་བཙན་པོའི་རྒྱལ་རབས་སྐབས་སུ་དར་ཡོད་པས་ད་ལྟའི་བར་ལོ་ངོ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། དར་ལྕོག་གི་ནང་དོན་དང་རྣམ་པའི་ཐད་ནས་ལོ་རྒྱུས་ཀྱི་གོམ་འགྲོས་དང་བསྟུན་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དེ་རེད། བོད་མིའི་ཁྱིམ་རེ་རེའི་སྒོ་སྟེང་དུ་དར་མདུང་རེ་སློང་བ་འདི་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ལྟ་བུ་ཡིན་ཏེ། དར་ལྕོག་གི་བྱུང་བ་ཐོག་མར་བཙན་པོའི་དུས་སུ་དྲག་པོའི་ལས་ལ་མཁོ་བའི་མཚོན་ཆ་མདུང་དེ་ཉིད་ཕོ་བྲང་གི་སྟེང་དང་མདུན་དུ་བཙུགས་ནས་དྲག་པོའི་ཟིལ་ཤུགས་ངོམ་ཚུལ་བསྟན་པ་དེ་ཡིན། དར་ལྕོག་འཛུགས་པའི་སྲོལ་དེ་ཡང་ནང་བསྟན་ཆོས་ལུགས་གཏིང་ཟབ་ཁྱབ་གདལ་སོང་བ་དང་ཆབས་ཅིག་སྔ་མོ་དམག་གི་རྟགས་སུ་མངོན་པའི་དར་མདུང་དེ་རིམ་བཞིན་ཆོས་ལུགས་ཀྱི་ནང་དོན་གཏིང་ཟབ་ལྡན་པའི་རླུང་རྟ་འཕེལ་བ་དང་། བགེགས་བར་བཟློག་ཆེད་དར་ལྕོག་འཛུགས་སྲོལ་ཞིག་ཏུ་གྱུར་པ་རེད། དར་ལྕོག་ནི་རླུང་རྟ་དར་བར་བྱེད་པའི་མཚོན་རྟགས་ཤིག་ཡིན་ལ། གནམ་ལོ་གསར་ཚེས་ཀྱི་སྐབས། ཚེས་བཟང་དུས་བཟང་ཞིག་ལ་བོད་རིགས་མང་ཚོགས་ཚོས་རང་ཁྱིམ་གྱི་ཐོག་ཁའི་དར་ལྕོག་བརྗེས་ནས་ལོ་གསར་པའི་ནང་ལོ་ལེགས་ཡོང་བ་དང་། མི་ནད་ཕྱུགས་ནད་མི་ཡོང་བ། བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་ཞིག་ཡིན། བོད་མིའི་ཁྱིམ་ཞིག་ཡིན་ཕྱིན་གནས་གང་དུ་ཡོད་ཀྱང་། དར་ལྕོག་སློང་བའི་སྲོལ་དེ་མ་ཉམས་པར་ད་ལྟའི་བར་དུ་གནས་ཡོད་པ་ཡིན།
དཔྱད་གཞིའི་ཡིག་ཆ།
༡ «དག་ཡིག་གསར་བསྒྲིགས།» བསམ་གཏན་དང་ཀྲིན་ཧོ་ཀུང་སོགས་ཀྱི་རྩོམ་སྒྲིག་བྱས།
༢ «སྨོན་ལམ་ཚིག་མཛོད་ཆེན་མོ།» དགེ་བཤེས་བློ་བཟང་སྨོན་ལམ།
༣ «བོད་ཡིག་ཚིག་གཏེར་རྒྱ་མཚོ།» ཐུབ་བསྟན་ཕུན་ཚོགས།
༤ «བརྡ་དག་མིང་ཚིག་གསལ་བ།» དགེ་བཤེས་ཆོས་ཀྱི་གྲགས་པ།
༥ «རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།» དགེ་འདུན་ཆོས་འཕེལ།
༦ «མདའ་དང་འཕང་།» མཁར་རྨེའུ་བསམ་གཏན།
༧ «སྒྲུང་ལྡེའི་བོན་གསུམ་གྱི་གཏམ་ཨེ་མ་ཧོ།» མཁས་དབང་ནམ་མཁའི་ནོར་བུ།
༨ «དྲིན་གྱི་བུ་ལོན།» གུར་མགོན་སྐྱབས།
༩ «བོད་ཀྱི་གནའ་བོའི་ཆོས་ལུགས་ཆོ་ག་དང་ཡུལ་སྲོལ།» ཤར་ཡུལ་ཕུན་ཚོགས་ཚེ་རིང་།
༡༠ «བླ་མེད་རྡོ་རྗེ་ཐེག་པའི་ཕྱག་མཚན་དང་མཆོད་རྫས་ཡོ་བྱད་ཀྱི་རྣམ་གཞག།» མངའ་རིས་པ་མཁན་ཆེན་ཚེ་དབང་རིག་འཛིན།
༡༡ «དགེ་སྡུག་སྤང་བླང་།» སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན།
༡༢ «རླུང་རྟའི་རིག་གནས་ཀྱི་བྱུང་འཕེལ་དང་མཚོན་དོན་ལ་དཔྱད་པ།» སྙན་བཟང་པ་ཀུན་བཟང་རྒྱལ།
དར་ལྕོག་ཅེས་པའི་གོ་དོན་ལ་འགྲེལ་ཚུལ་མི་འདྲ་བ་ཡོད་དེ། «དག་ཡིག་གསར་བསྒྲིགས»ལས། “རས་དང་གོས་དར་སོགས་ཀྱི་རྟགས་མཚན་ཞིག་སྟེ། མང་ཆེ་ཤོས་ནི་གྲུ་བཞི་རིང་བོ་ཡིན། ད་ལྟའི་ཁ་སྐད་ལ་དར་ཆ་ཟེར་བ་གྲགས་ཆེ། ཆོས་ཀྱི་ཡི་གེ་དཔར་བའི་རས་གོས་ཤར་མའི་མིང་།”ཞེས་དང་། «སྨོན་ལམ་ཚིག་མཛོད»ལས། “ཁང་སྟེང་དང་ཉག་ག་སོགས་ལ་གཟུག་རྒྱུའི་རས་དུམ་སྟེང་ལ་དཔུང་རྒྱན་སོགས་གཟུངས་སྔགས་དཔར་ཡོད་པ་ཞིག་གི་མིང་།” «བོད་ཡིག་ཚིག་གཏེར་རྒྱ་མཚོ»ལས། “ཁྱིམ་ཚང་གི་ཐོག་ཀ་དང་། ལྷ་རྟེན་ཁག་ལ་འཛུགས་རྒྱུའི་ཤིང་རྩེར་དར་རས་ཚོན་སྣའི་བྱང་བུས་བརྒྱན་པའི་དར་ལྕོག་ཡལ་འདབ་ཕྲ་མོའི་མགོ་ལིང་ཅན།” «བརྡ་དག་མིང་ཚིག་གསལ་བ»ལས། “ཁང་པའི་ཐོག་ཁའི་ཟུར་ལྕོག་ལ་དར་ལྕོག་ཟེར།” «དྲིན་གྱི་བུ་ལོན»ལས། “ཨ་མདོའི་ཡུལ་དུ་མདོ་གདུགས་སྒྲོལ་གསུམ་སོགས་བསྐྱོན་པ་ལ་དར་ལྕོག་དང་། ཀླུང་རྟ་སྡེ་བཞི་བསྐྱོན་པ་ལ་རླུང་རྟ་ཞེས་ཐ་སྙད་བྱེད་པ་དང་། དེ་གཉིས་ཀའི་སྤྱི་མིང་ལ་དར་ལྕོག་ཏུ་འབོད་པ་སོགས་སྣ་ཚོགས་ཡོད་ཀྱང་། དར་ལྕོག་ཅེས་པའི་དོན་ནི་ད་ལྟའི་སྐད་དུ་བྱས་ན། ལྕོག་ལ་འཛུགས་རྒྱུའི་དར་གྱི་མིང་ཡིན་ནམ་སྙམ”ཞེས་འཁོད་ཡོད།
གཉིས། དར་ལྕོག་གི་བྱུང་བ།
དར་ལྕོག་གི་བྱུང་བའི་ཐད་ལ་མཁས་པ་སོ་སོར་བཞེད་ཚུལ་མི་འདྲ་བ་རེ་ཡོད་དེ། མཁས་དབང་མཁར་རྨེའུ་བསམ་གཏན་གྱི«མདའ་དང་འཕང»ལས། “བོད་དུ་རླུང་རྟའི་དར་ལྕོག་འཛུགས་པའི་ཆོ་ག་ཞིག་སྤེལ་སྲོལ་ཡོད། ཆོ་ག་དེ་དང་སྐར་རྩིས་ཀྱི་ལུགས་གཉིས་དབར་འབྲེལ་བ་དམ་ཟབ་ཡོད་ལ། དེའི་ཁྲོད་དུ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི“དམུ་ཐག”གིས་ཆོ་གས་དེའི་ནང་ཐོན་པའི་ནུས་པའི་སྐོར་ཡིན། བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོའི་བྱོན་ཚུལ་དང་འབྲེལ་བའི་གཏམ་རྒྱུད་ནང་། རྒྱལ་པོ་དེ་ནི་དམུ་ཐག་ལ་བརྟེན་ནས་འཇིག་རྟེན་དུ་བྱོན་པའི་ཚུལ་བརྗོད་པ་དང་། མི་རབས་དྲུག་གི་རྗེས་སྟེ་བཙན་པོ་དྲི་གུམ་གྱི་དུས་སུ་དམུ་ཐག་དེ་གློ་བུར་དུ་ཆད་ནས་རྒྱལ་པོ་དེ་པ་ལྷ་ཡི་ཡུལ་དུ་ཕྱིར་ལོག་གནང་ཐུབ་མེད་ཚུལ་བརྗོད་པ་ཡིན། སྐབས་དེ་ཤེད་དུ་བརྗོད་པའི་དམུ་ཐག་ཅེས་པའི་ཐ་སྙད་དེ་དུས་ད་ལྟའི་བར་བོད་ཀྱི་ཆོ་གའི་ནང་དུ་སྔར་བཞིན་དངོས་སུ་གནས་ཡོད་པ་རེད།སྣང་ཚུལ་གཞན་ཞིག་ནི། དམུ་ཐག་ནི་བོད་ཀྱི་བཙན་པོ་རྣམས་ལྷ་ཡུལ་ནས་མི་ཡུལ་དུ་ཕེབས་པའི་ཡོ་བྱད་འབའ་ཞིག་མ་ཡིན་པར། དེ་ནི་མི་རྣམས་སྐྱེ་དུས་ནས་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་དངོས་པོ་ཞིག་ཡིན་པར་འདོད་པ་དེ་ཡིན། དཔེར་ན། གཉེན་སྒྲིག་གི་ཆོ་གའི་ཐོག་ཚོན་སྣ་ཅན་གྱི་སྐུད་པ་ཞིག་མནའ་མ་དང་མག་པའི་མགོ་ཐོག་ཏུ་བསྒྲོགས་ནས་དམུ་ཐག་ཉིད་མཚོན་པར་བྱེད་པ་དང་སྦྲགས་འགྲོ་བ་མིའི་རིགས་ནི་ལྷ་ལས་མཆེད་པའི་ལྟ་བ་ཡང་མཚོན་པར་བྱེད། དེ་ལྟ་བུའི་སྲོལ་རྒྱུན་གྱི་མཛད་སྒོའི་ཐོག་དམུ་ཐག་གི་མཚོན་བྱེད་སྐུད་པ་ཞིག་བེད་སྤྱོད་བྱེད་སྲོལ་ཡོད་པ་དེ་ཕྱིས་སུ་སྟབས་བདེའི་སྒོ་ནས་ཁ་བཏགས་ཤིག་གིས་ཚབ་བྱེད་པའི་སྲོལ་རྒྱུན་འཕོ་འགྱུར་ཕྱིན་ཡོད་པ་རེད། རླུང་རྟའི་ཆོ་ག་སྤེལ་སྐབས། “དམུ་ཐག”དེ་མདའ་དར་ཞིག་གི་ཐོག་ཏུ་དཀྲིས་ཤིང་མདའ་དེ་ལག་པས་བཟུང་ནས་འདེགས་པ་ཡིན། ཆོ་གའི་ནང“དམུ་ཐག”བེད་སྤྱོད་བྱེད་པར་དོན་སྙིང་ཆེན་པོ་ལྡན་ཡོད་དེ། དེ་ནི་གནའ་བོའི་རྒྱལ་བོ་རྣམས་དམུ་ཐག་ལ་བརྟེན་ནས་ལྷ་ཡུལ་དུ་ཕྱིར་ལོག་མཛད་རྗེས་མི་དང་ལྷ་ཡུལ་དབར་གྱི་འཆམ་མཐུན་འབྲེལ་བ་དག་ཕྱིར་དྲན་སྐྱར་གསོ་བྱེད་པའི་མཚོན་དོན་ཞིག་ཡིན་ནོ། །”
མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི«རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ»ལས། “དམར་པོ་རིའི་ཕོ་བྲང་དེ་ནི་ཁང་བརྩེགས་ཀྱི་རྩེ་མོ་ལ་མདའ་མདུང་གིས་བརྒྱན་པ་ད་ལྟའི་བཙན་ཁང་རྣམས་དང་འདྲ་སེ་ཡིན། ལ་དང་རི་རྣམས་ཀྱི་རྩེ་ལ་ཡང་མདའ་མདུང་གི་ཕུང་པོ་བཙུགས་ཏེ་ལྷ་རྣམས་དེར་བཞུགས་པར་བྱེད། འབངས་ཁྱིམ་རྣམས་ཀྱི་སྒོ་ལ་ཡང་དར་མདུང་རེ་སློང་བ་འདི་ད་ལྟའི་བར་ཡོད་ཀྱི་རྟགས་ལྟ་བུ་ཡིན་ཏེ། སྟོད་ཕྱོགས་སུ་རྒྱ་གར་གྱི་ཡུལ་ན་ཡོད་པའི་བོད་རིགས་སུ་གཏོགས་པ་ཚུན་ནས། སྨད་ཕྱོགས་སུ་རྒྱ་ནག་གི་བོད་རིགས་ཚུན་ཆད་ཀྱི་བར་སྒོ་དང་ཁང་པ་ལ་དར་སློང་བ་བྱེད།” འདི་ལས་ཀྱང་ང་ཚོས་ཤེས་ཐུབ་པ་ཞིག་ནི་བོད་ཀྱི་དར་ལྕོག་འཛུགས་པའི་སྲོལ་དེ་ནི་སྔོན་གྱི་དུས་སུ་དམག་གི་ཆས་སུ་མངོན་ལ། རྗེས་སུ་ཆོས་ཀྱི་ལས་སུ་སོང་བས་བོད་མིའི་ཁྱིམ་ཞིག་ཡིན་ཕྱིན་གནས་གང་དུ་ཡོད་ཀྱང་དར་ལྕོག་སློང་བའི་སྲོལ་དེ་མ་ཉམས་པར་ཡོད་པ་ཡིན།
གསུམ། དར་ལྕོག་གི་རིགས་དབྱེ།
སྤྱིར་བཏང་གི་དར་ལྕོག་ལ་ཕྱིའི་རྣམ་པའི་ཐོག་ནས་དབྱེ་ན་རིགས་གསུམ་དུ་དབྱེ་ཆོག། རིགས་དང་པོ་ནི་སངས་རྒྱས་ཀྱི་གསུང་དང་འདབ་ཆགས་གཅན་གཟན་གྱི་གཟུགས་རིས་ཚོན་མདོག་སྔོ་སེར་དཀར་དམར་ལྗང་ཁུ་བཅས་ལྔ་ལྡན་ཡོད་པའི་དར་རས་གྲུ་བཞིའི་སྟེང་དུ་དཔར་བཏབ་སྟེ་དེ་གཅིག་ལ་གཅིག་འབྲེལ་བྱས་ཏེ་ཐག་པའི་ཐོག་བཙེམ་ནས་ཁྲོམ་བསྒྲགས་འཕྲེད་འགེལ་སྦྱར་རས་བཞིན་ལ་རྩེའི་ཐོག་དཔྱང་འཁྲུལ་དུ་འདོགས་བཞིན་ཡོད། རིགས་གཉིས་པ་ནི་དར་ཆེན་ཞེས་རིང་ཚད་རྨི་གསུམ་མམ་ལྔ་ཙམ་ཡིན་པའི་དར་ཤིང་སྟེང་དུ་རས་ནར་མོ་ཡུག་གཅིག་གི་གཞོགས་གཅིག་དར་ཤིང་ཐོག་བཙེམས་ཤིང་ཚོན་མདོག་དམར་པའམ་དཀར་པོ་ཡིན་པའི་དར་རས་ནར་མོའི་སྟེང་དུ་གདོན་བགེགས་གནོད་འཚེ་ཞི་ཞིང་། རླུང་རྟ་དར་བའི་སངས་རྒྱས་ཀྱི་གསུང་རབ་དཔར་བཏབ་སྟེ་ཁང་ཁྱིམ་གྱི་མདུན་དུ་སློང་སྲོལ་ཡོད། རིགས་གསུམ་པ་ནི་སྔོ་སེར་དཀར་དམར་ལྗང་ཁུ་བཅས་ཚོན་མདོག་ལྔ་ལྡན་གྱི་དར་ཧྲུག་ཡིག་མེད་དང་། མཐའ་ལ་འགྲིལ་བཏང་བའི་བ་དན་དར་རས་ཚོན་གཅིག་མ་ཞིག་གི་སྟེང་དུ་སངས་རྒྱས་ཀྱི་གསུང་དང་ཡི་དམ་མཁའ་འགྲོའི་གཟུངས་བསྔགས། བླ་མའི་གསོལ་འདེབས་སྣ་ཚོགས། འདབ་ཆགས་གཅན་གཟན་གྱི་གཟུགས་ཀྱིས་དཔར་བཏབ་ཅིང་། དར་ཧྲུག་ཚོན་སྣ་ལྔ་ལྡན་དེ་དག་གོ་རིམ་མ་འཁྲུགས་པར་དར་ཤིང་གི་ཡལ་གའི་རྩེར་བཏགས་ནས་ཁང་པའི་ཡང་སྟེང་གི་ཟུར་དུ་འཛུགས་བཞིན་ཡོད།
བཞི། དར་ལྕོག་སྟེང་གི་རི་མོའི་མཚོན་དོན།
དར་ལྕོག་སྟེང་གི་རི་མོའི་ནང་དོན་མང་པོ་མཚོན་བཞིན་ཡོད་པར་མ་ཟད། ཡི་གེར་བལྟས་པ་ཙམ་གྱིས་དེ་ནི་སངས་རྒྱས་ཀྱི་གསུང་རབ་ཁྲོད་ནས་བླངས་ཏེ་དར་ལྕོག་ཐོག་དཔར་དུ་བཏབ་པ་ཡིན་པ་བརྗོད་མི་དགོས། དར་ལྕོག་གི་ཟུར་བཞིའི་སྟེང་སྟག་སེང་ཁྱུང་འབྲུག་དང་དཀྱིལ་དུ་རྟ་མཆོག་གིས་ནོར་བུ་ཁུར་བའི་རི་མོས་དོན་གང་ཞིག་མཚོན་བཞིན་ཡོད་པ་ཡི་གེར་བལྟས་པ་ནང་བཞིན་ལམ་སེང་རྟོགས་དཀའ་བ་ཡིན། མཁས་དབང་ནམ་མཁའི་ནོར་བུ་མཆོག་གི«སྒྲུང་ལྡེའི་བོན་གསུམ་གྱི་གཏམ་ཨེ་མ་ཧོ»ལས། “ཀླུང་རྟ་ཞེས་པའི་ཚིག་དེ་ལས། ཀླུང་ནི་ནམ་རྒྱུན་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཏེ་འབྱུང་བའི་ཁམས་ལྔ་རུ་བརྩི་བའི་ཚེ། འབྱུང་བ་ནམ་མཁའི་ཁམས་མཚོན་པ་སྟེ། ཡོངས་སུ་ཁྱབ་པའམ་ཀུན་གྱི་བདག་ཉིད་ལ་འཇུག་པ་ཡིན། ཚིག་གཞན་ནགས་ཚུལ་སྟུག་པོ་ལ་ནགས་ཀླུང་ཞེས་ནགས་ཀྱི་ཡོངས་སུ་ཁྱབ་པའི་དོན་དང་། ཆུ་ཀླུང་ཞེས་ཆུ་བོའི་རྒྱུན་མི་འཆད་ཅིང་དུས་རྟག་ཏུ་འབབ་པའི་དོན་རྣམས་ལ་འཇུག་པ་དེ་དག་གིས་ཀྱང་ཡོངས་ལ་ཁྱབ་པའི་དོན་ཟུར་རེ་ཙམ་བསྟན་ཐུབ་པ་ཡིན། ཀླུང་ཞེས་པའི་ཡི་གེ་དེ་བོད་ཀྱི་ཡིག་རྙིང་འགར“ཀློང”ཞེས་ཀྱང་འབྲི་སྲོལ་འདུག། དེ་ནི་ཀློང་དང་ནམ་མཁའ་འདྲ་བའི་རྒྱུ་མཚན་གྱིས་ཡིན་སྲིད། ཀླུང་རྟ་ཞེས་པའི་ཡི་གེ་དེའི“རྟ”ཞེས་པ་ནི་ཅང་ཤེས་རྟ་ལ་དཔེར་མཚོན་པ་སྟེ་གནའ་དུས་རྟ་ནི་བགྲོད་པ་མྱུར་བའི་དཔེ་ཞིག་ཡིན་སྟབས་རྟ་ཡིས་ལམ་དུ་བགྲོད་པ་དང་བགྲོད་པའི་ཚུལ་ཡང་མྱུར་བ་ཉིད་དུ་བགྲོད་པའི་དོན་བསྟན་པ་ཡིན། དེའང་འབྱུང་བའི་ཁམས་ལྔ་ལ་བརྟེན་པ་ཐམས་ཅད་མི་མཐུན་པ་ནས་མཐུན་པར་བགྲོད་པ་དང་། ཉེས་པ་ནས་ལེགས་པར་བགྲོད་པ། ལྟས་ངན་པ་ནས་བཀྲ་ཤིས་པར་བགྲོད་པ། རྐྱེན་ཆགས་ངན་པ་ནས་ཕུན་སུམ་ཚོགས་པར་བགྲོད་པ་དང་། བགྲོད་པ་ཙམ་དུ་མ་ཟད་མྱུར་བ་ཉིད་དུ་བགྲོད་པ་སོགས་ཀྱི་དོན་དུ་ངེས་པ་ཡིན།
ནམ་རྒྱུན་དུ་བོད་ན་ཆེས་དར་བའི་ཀླུང་རྟའི་ངོགས། དབུས་སུ་རྟ་མཆོག་ནོར་བུའི་མཚན་པ། ཕྱོགས་བཞིར་སྟག་སེང་ཁྱུང་འབྲུག་བཞིའི་གཟུགས་བཅས་ཡོད་པ་དེ་དག་གི་གོ་དོན་དུ། འགའ་ཞིག་གིས་སྡེ་བཞིའི་གཟུགས་སུ་བཀོད་པ་མི་འཇིགས་པ་སྟེ་རྣམ་པར་རྒྱལ་བའི་མཚོན་དོན་དུ་བཤད་སྲོལ་ཡོད་འདུག་པ་དེའང་དོན་དང་ལྡན་མོད། དངོས་དོན་ནི་འབྱུང་བའི་མཚོན་བྱེད་དུ་གོ་དགོས་ཏེ། སྟག་ནགས་ཚལ་དུ་གནས་པས་འབྱུང་བ་ཤིང་ཁམས་སམ་རླུང་གི་ཁམས་མཚོན་པ་དང་། སེང་གེ་རི་བོར་གནས་པས་སའི་ཁམས་མཚོན། ཁྱུང་བར་སྣང་དུ་གནས་པའི་རྭ་ལས་མེ་འབར་བས་མེ་ཡི་ཁམས་མཚོན་པ་དང་། འབྲུག་རྒྱ་མཚོ་ལ་གནས་པས་ཆུ་ཡི་ཁམས་མཚོན་པ་དང་། ཀླུང་ནི་ཀུན་ལ་ཁྱབ་པས་ནམ་མཁའི་ཁམས་ཏེ་ནགས་ཚལ་དང་རི་བོ། བར་སྣང་དང་རྒྱ་མཚོ་རྣམས་འབྱུང་བའི་མཚོན་དཔེར་མ་བཀོད་པར་དེ་དག་ལ་གནས་པའི་སེམས་ཅན་དེ་རྣམས་ཀྱིས་འབྱུང་བའི་མཚོན་དཔེར་བྱས་པ་ནི། འབྱུང་བའི་ཁམས་ཙམ་མིན་པ་འབྱུང་བའི་བྱེད་ལས་ཀྱི་མཚོན་དོན་གཙོར་སྟོན་པ་ཤེས་ཐུབ། དེ་ལྟ་བུའི་བྱེད་ལས་དེ་ཉིད་རྟ་མཆོག་གི་གཟུགས་སུ་བཀོད་པ་དེའང་ཉེས་པ་ནས་ལེགས་པར་བགྲོད་པ་སོགས་སྐྱེ་བུ་རེ་འདོད་ཡོངས་སུ་བསྐང་བ་ཡིད་བཞིན་གྱི་ནོར་བུ་རིན་ཆེན་དང་འདྲ་བས་རྟ་མཆོག་ནོར་བུའི་རྒྱན་དུ་བཀོད་སྲོལ་བྱུང་བ་དེ་ནི་ཀླུང་རྟའི་གོ་དོན་ཡང་དག་པ་ཡིན། དུས་ཕྱིས་སུ་ཀླུང་རྟ་ལ“རླུང་རྟ”ཞེས་རླུང་གི་གཞོན་པ་ལྟ་བུའི་གོ་དོན་དང་སྦྱར་ནས་འབྲི་སྲོལ་འདུག་པ་དེ་དག་ནི། རླུང་རྟ་བར་སྣང་དུ་འཕྱར་ཞིང་རླུང་གིས་གཡོ་བའི་བྱེད་ལས་དང་བསྟུན་པས་དེ་སྐད་སྲོལ་བྱུང་ཡོད་པར་སེམས།”
མཁས་དབང་མཁར་རྨེའུ་བསམ་གཏན་གྱི«མདའ་དང་འཕང»ལས། “དུས་རབས་བཅུ་གསུམ་གྱི་གཡས་གཡོན་དུ་བརྩམས་པར་གྲགས་པའི་དཔེ་ཆ«དབུ་ནག་མིའུ་འདྲ་ཆགས»ནང་རླུང་རྟའི་རི་མོའི་ཁྲོད་ན་སེང་གེ་མ་ཡིན་པར་གཡག་ཉིད་བྲིས་ཡོད་ལ། འཇང་རིགས་ཀྱི་རི་མོའི་ནང་དུའང་གཡག་འབྲི་སྲོལ་ཡོད། དེར་བརྟེན། འདས་པའི་གང་ཞིག་གི་ཚེ་སེང་གེ་བོད་ཀྱི་ཡུལ་ཁམས་ཀྱི་མཚོན་བྱེད་བྱེད་པའི་སྲོལ་དར་བ་བས་བཟུང་། སེང་གེས་གཡག་གི་ཚབ་བྱས་ཡོད་པ་གསལ་རྟོགས་ཐུབ་ལ། རླུང་རྟའི་རི་མོའི་ཐད་ལའང་འགྱུར་ལྡོག་ཕྱིན་ཡོད་པ་ཤེས་ཐུབ། རླུང་རྟའི་མཚོན་རིས་གཙོ་བོ་ནི་སྒལ་སྟེང་དུ་ཡིད་བཞིན་ནོར་བུ་བཀལ་བའི་རྟ་མཆོག་ཡིན་ལ། རྟ་དེ་ནི་རླུང་རྟའི་རི་མོའི་དབུས་སུ་བྲིས་ཡོད་ལ། ཁྱུང་དང་འབྲུག་གཉིས་ཀྱི་གཟུགས་རིས་ནི་རླུང་རྟའི་སྟོད་ཀྱི་ཟུར་དང་། སྟག་དང་སེང་གེ་གཉིས་ནི་རླུང་རྟའི་སྨད་ཀྱི་ཟུར་གཉིས་ན་བྲིས་ཡོད། དེ་བཞིན་གཏམ་རྒྱུད་ནང་འཁོད་པའི་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་མཚོན་བྱེད་སྲོག་ཆགས་གསུམ་ཡང་རླུང་རྟའི་རི་མོའི་ཐོག་བཀོད་སྲོལ་ཡོད། འོན་ཀྱང་། དེ་ནི་དུས་ཕྱིས་སུ་གསར་གཏོད་བྱས་པ་ཞིག་ཡིན་པས་དེས་རླུང་རྟའི་འདྲ་རིས་ངོ་མ་དེའི་ཚབ་བྱེད་མི་ཐུབ་བོ། །”ཤར་ཡུལ་ཕུན་ཚོགས་ཚེ་རིང་གི«བོད་ཀྱི་གནའ་བོའི་ཆོས་ལུགས་ཆོ་ག་དང་ཡུལ་སྲོལ»ལས། “དར་ལྕོག་གི་མཚོན་རིས་ལ་བན་བོན་གཉིས་ཀའི་ཁྱད་ཆོས་དང་། ལུང་པ་སོ་སོའི་སྲོལ་ལུགས་མི་འདྲ་བར་བརྟེན་མཚོན་རིས་མི་འདྲ་བ་ཡོད། དབུས་གཙང་ཁུལ་དུ་དར་ལྕོག་གི་མཚོན་རིས་ཐོག་ཏུ་དར་ལྕོག་གི་དཀྱིལ་དུ་རྟ་མཆོག་རིན་པོ་ཆེ་དེར་སྒ་ཆས་ཆ་ཚང་གིས་བརྒྱན་པ་དང་། དེའི་སྟེང་དུ་ནོར་བུ་མེ་འབར་རིན་ཆེན་སྣ་ཚོགས་སོགས་ཀྱིས་རྣམ་པར་རྒྱན་པ་ངོ་མཚར་དཔལ་དང་ལྡན་པ་ཞིག་ཡོད། དར་ལྕོག་གི་ཟུར་བཞི་རུ་སྟག་སེང་ཁྱུང་འབྲུག་དང་། ལ་ལར་བཀྲ་ཤིས་རྟགས་བརྒྱད་རི་མོ་འབྲིས་པའི་ཡུལ་སྲོལ་ཡོད་ལ། མདོ་ཁམས་སོགས་ལ་རླུང་དར་གྱི་ཟུར་བཞི་རུ་སྟག་སེང་ཁྱུང་འབྲུག་གཡག་བཅས་ཁ་བ་ཅན་གྱི་བླ་ཟོག་གི་རི་མོ་བཀོད་ཅིང་། ཡུལ་ལུང་འགའ་ཞིག་ཏུ་སྲིད་པའི་ལྷ་ཆེན་ལྔ་སྟེ་འོ་དེ་གུང་རྒྱལ་དང་། གཉན་ཆེན་ཐང་ལྷ། གངས་ཅན་རྟ་སྒོ། རྨ་ཆེན་སྦོམ་ར། ཡར་ལྷ་ཤམ་པོ་བཅས་ཀྱི་རི་མོ་འབྲི་པའི་ཡུལ་སྲོལ་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད།”
གུར་མགོན་སྐྱབས་ཀྱི«དྲིན་གྱི་བུ་ལོན»ལས། “སྔོན་གྱི་ཡིག་ཚང་མང་པོ་གུང་བསྒྲིགས་ཏེ་བལྟས་ན། སྲོང་བཙན་གྱི་དུས་སུ་རུ་དར་གྱི་ཁ་དོག་ལ་ནག་པོ་དང་ནག་པོ་སྙིང་དཀར། དཀར་པོ་སྙིང་ནག། དམར་པོ། དཀར་པོ། སེར་པོ་བཅས་ལ་དར་ལྕེ་ཡང་ཁ་དོག་དེ་བཞི་ལས་མེད་པར་མངོན་ལ། དར་གྱི་སྟེང་ལ་གཟུགས་སེང་གེ་གནམ་འཕྱོང་དང་། སེང་གེ་ཁ་སྤྲོད། ཁྱུང་གསུམ། སྟོང་སྡེ་རེར་རུ་དར་རེ་དང་དཔའ་དར(དར་འདི་དམག་དཔུང་བྱས་རྗེས་ཅན་ལ་གནང་བའི་དར)རེ་སྟེ་དར་གཉིས་རེ་ཡོད་པ་དང་། ཕྱིས་ཁྲི་སྲོང་དང་ཁྲི་རལ་སོགས་ཀྱི་སྐུ་རིང་ལ་དམག་གི་གྲངས་ཇེ་མང་དུ་ཕྱིན་པས། རུ་དར་དང་དཔའ་དར་གྱི་ཁ་དོག་ལ་སྔོན་པོའང་ཡོད་པ་དང་དར་གྱི་རི་མོ་ལ་ཡང་སྟག་དང་འབྲུག་གཉིས་ཀ་བསྣན་པ་ཡིན་ནམ་སྙམ།
ཀླུང་རྟ་སྡེ་བཞི་ཟེར་བའི་གཟུགས་ལ་སྟག་སེང་ཁྱུང་འབྲུག་བཞི་ཡོད་པ་ཚང་མ་སྔོན་རུ་དར་གྱི་གཟུགས་ལ་ཡོད། ཕྱིས་དར་གྱི་རི་མོ་རྣམས་གཅིག་ཏུ་བསྡུས་ནས་སྟག་སེང་ཁྱུང་འབྲུག་བཞི་གྲུ་བཞི་རུ་བཀོད་ཅིང་། ཁྱུང་འབྲུག་གཉིས་ཀྱི་གནམ་ལ་འཕུར་དགུའི་ནང་གི་ཆེས་གཉན་པ་དང་བཙན་པ་མཚོན། སེང་སྟག་གཉིས་ཀྱིས་ས་ལ་རྒྱུ་དགུའི་ནང་ནས་ཆེས་བཙན་པ་མཚོན་པ་དང་། རྟ་མཆོག་དཀྱིལ་ལ་ཡོད་པས་སྔོན་གྱི་སྟོང་སྡེའི་དམག་དཔུང་མཚོན་པ་སོགས་རིགས་པས་དཔྱད་པ་མང་དུ་འགྲོ་བ་ཡོད། ཁྱུང་གི་གཟུགས་ནི་སྔོན་བོད་མི་རྣམས་ཀྱི་ཀྱིས་གྱད་མི་དང་ལྷན་དུ་བྲིས་པ་སྟོད་མངའ་རིས་སུ་མཇལ་དུ་ཡོད་པ་ལོ་ངོ་ཁྲི་བཞིའམ་ལྔའི་གོང་གི་རི་མོ་ལ་ཡོད་ཚུལ་གསལ་བས། སྟག་སེང་ཁྱུང་འབྲུག་ནི་སྟོབས་ཤུགས་ཟད་དུ་མེད་པ་ཞིག་ལ་འཛིན་པའི་བག་ཆགས་དེ་གོང་སྔ་མོ་ཞིག་ནས་བོད་ལ་ཡོད་ཅིང་། ཕྱིས་དེ་ལ་ཆོས་ལུགས་ཀྱི་བཤད་པས་རྒྱན་སྤྲོས་ནས་སེང་གེས་ཆུ་དང་། ཁྱུང་གིས་མེ། སྟག་གིས་རླུང་། འབྲུག་གིས་ནམ་མཁའ། རྟ་མཆོག་གིས་ས་སྟེ་འབྱུང་བ་ལྔ་མཚོན་པ་དང་། ཞི་རྒྱས་དབང་དྲག་གི་ལས་བཞི་མཚོན་པ་སོགས་ཇེ་མང་དུ་ཕྱིན་པ་ཡིན་ནམ་སྙམ། རུ་དར་ལ་ནག་པོ་མང་པོ་ཡོད་ཀྱང་། ཕྱིས་ནང་བསྟན་གྱི་ལས་དཀར་ནག་གི་རྟེན་འབྲེལ་གྱིས་དར་ལྕོག་ལའང་ཁ་དོག་ནག་པོ་ཕུད་ནས་དཀར་སེར་དམར་སྔོན་བཞི་རུ་བྱས། སེར་པོས་ས་གཞི་མཚོན་པར་བྱས་ནས་གཤམ་ལ་བཀོད། དཀར་པོས་ཆུ་མཚོན་པར་བྱས་ནས་སེར་པོའི་སྟེང་ལ་བཀོད། དམར་པོས་མེ་མཚོན་པར་བྱས་ནས་དེའི་སྟེང་དུ་བཀོད། སྔོན་པོས་ནམ་མཁའ་མཚོན་པར་བྱས་ཏེ་རྩེ་མོར་བཀོད། དེ་ཡང་ཞི་རྒྱས་དབང་དྲག་གི་ལས་བཞི་སོགས་ལ་སྦྱར་བ་ཡིན་ནམ་སྙམ་མོ། ། ད་ལྟའི་དར་ལྕོག་ཁྱིམ་རེ་རེའི་སྒོ་མགོར་འཛུགས་པ་འདི་ལས་སྔོན་ཁྱིམ་རེ་རེའི་སྒོ་ན་རུ་གང་ལ་གཏོགས་པའི་རུ་དར་དང་དཔའ་དར་སོགས་བཙུགས་ཡོད་པ་ཡིན་ནམ་སྙམ་སྟེ། མི་རེ་རྟ་རེར་ཞོན་ནས་རྒྱུགས། མི་རེས་དར་རེ་འཕྱར་ནས་རྒྱུགས་ཟེར་བ་ཡང་རང་རང་གི་རུ་དར་ཡིན་ངེས་པས་སོ། །”
ད་ལྟ་དར་ལྕོག་གི་སྟེང་ལ་སྐྱབས་འགྲོ་དང་དམིགས་བརྩེ་མ། ཁ་མཆུ་ནག་པོ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། མ་ཎྀ་ཡིག་དྲུག། མདོ་གདུགས་སྒྲོལ་གསུམ། བར་ཆད་ལམ་སེལ། བསམ་པ་ལྷུན་གྲུབ་དང་མྱུར་འགྲུབ་མ་སོགས་སངས་རྒྱས་དང་བྱང་སེམས་རིག་པ་འཛིན་པ་རྣམས་ཀྱི་ཞལ་ནས་གསུངས་པའམ་བྱིན་གྱིས་བརླབས་པའི་གཟུངས་སྔགས་ཟབ་མོ་རྣམས་པར་དུ་བཏབ་སྟེ། བླ་གཟའ་འམ་ཚེས་བཟང་འཕྲོད་སྦྱོར་དགེ་བ་རིག་བྱེད་རྩིས་གཞུང་ལས་འབྱུང་བ་ལྟར། ཉིན་བཟང་པོར་རི་མཐོན་པོའི་དབུས་སམ་གནས་ཁང་གི་སྟེང་དང་མདུན་རྒྱབ་གང་བདེར་བསངས་ཆོག་སྤྱི་དང་། ཁྱད་པར་རླུང་རྟའི་བསངས་མཆོད་བརྒྱག་བརྔན་གྱི་གཞུང་རྒྱས་བསྡུས་རླུང་རྟ་དར་ལྕོག་ངོ་སྤྲོད་མདོར་བསྡུས། གང་རུང་དང་འབྲེལ་ཡིག་འགོ་རླུང་ཕྱོགས་བསྐོར་ཏེ་འཛུགས་ལ། དར་ལྕོག་གི་སྟེང་དུ་རླུང་རྟ་སྡེ་བཞི་དང་བཀྲ་ཤིས་རྟགས་བརྒྱད། རྒྱལ་བ་རིགས་ལྔ། རྒྱལ་སྲིད་སྣ་བདུན་སོགས་དམ་ཆོས་ཀྱི་མཚོན་དོན་རི་མོའི་ཀྱང་མཛེས་རྒྱན་སྤྲས་ཏེ་རླུང་རྟའི་རི་མོ་དང་གཟུངས་བསྔགས་མཉམ་གསེས་བྱས་ནས་དཔར་བར་མ་ཟད། དེ་ནི་ཆོ་ག་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད།
ལྔ། དར་ལྕོག་གི་ཁ་དོག་དང་མཚོན་དོན།
ཤར་ཡུལ་ཕུན་ཚོགས་ཚེ་རིང་གི«བོད་ཀྱི་གནའ་བོའི་ཆོས་ལུགས་ཆོ་ག་དང་ཡུལ་སྲོལ»ལས། “སྤྱིར་ན་དར་ལྕོག་གི་ཁ་དོག་ནི་ཤིང་མེ་ས་ལྕག་ཆུ་ཞེས་ཁ་དོག་ལྔ་ལས་གྲུབ་པ་ཞིག་ཡིན། ཁྱིམ་ཚང་གཅིག་ལ་ཆ་བཞག་ན་ནང་མི་སོ་སོའི་ཁམས་ལ་གཞིགས་ཏེ་ཤིང་ལྗང་ཁུ་དང་། མེ་དམར་པོ། ས་སེར་པོ། ལྕགས་དཀར་པོ། ཆུ་སྔོན་པོ་བཅས་བཟུང་ནས་དར་ལྕོག་གི་ཚོས་གཞི་གཏན་འབེབས་བྱེད་དགོས་ལ་དར་བཞིན་དར་ལྕོག་གི་ཚོས་གཞི་ལ་བལྟས་ནས་དར་ལྕོག་གོང་ངའི་ཁ་དོག་ལ་བལྟ་དགོས་ལ། འབྱུང་རྩིས་ཀྱི་ལུགས་ལྟར། མ་བུ་དགྲ་གྲོགས་ལས། ལྕགས་བུ་ཆུ་དང་། ཆུ་བུ་ཤིང་། ཤིང་བུ་མེ། མེ་བུ་ས་སོགས་ཀྱི་གཞིར་བཟུང་། དར་ལྕོག་དམར་པོ་ལ་གོང་ང་སྔོན་པོ་བཏང་ཚེ་མེ་དགྲ་ཆུ་ཞེས་རྩ་བ་ནས་མི་མཐུན་པ་ཞིག་ཡིན་ལ། དར་ལྕོག་གི་ཁ་མདོག་ལྗང་ཁུ་ཤིང་ལ་གོང་ང་དཀར་པོ་ལྕགས་ལའང་མི་མཐུན་པ་གསལ་པོར་མཁྱེན་ཐུབ།”སྤྱིར་བཏང་དར་ལྕོག་ནི་ཁ་དོག་སྔོན་པོ། དཀར་པོ། དམར་པོ། ལྗང་གུ། སེར་པོ་སོགས་དར་ཚོན་སྣ་ལྔའི་སྟེང་དུ་དཔར་སྲོལ་ཡོད། དེ་དག་ནི་འབྱུང་བ་ལྔའི་མཚོན་བྱེད་ཡིན་པ་རྩིས་གཞུང་འགའ་རེར་གསུངས། འབྱུང་བ་ལྔ་ནི་ས་ཆུ་མེ་རླུང་ནམ་མཁའ་ལྔར་བགྲང་ཡང་། རྩིས་གཞུང་དུ་ཤིང་དང་མེ། ལྕགས་དང་ཆུ། ས་བཅས་ལྔར་བགྲང་མོད། འོན་ཀྱང་དར་ལྕོག་གི་ཁ་དོག་དེ་དག་སྒྲིག་སྟངས་ལ་འདྲ་མི་འདྲ་མང་པོ་མཐོང་རྒྱུ་ཡོད་མོད། གྲགས་ཆེ་བ་སྔོན་པོ་ལས་ནམ་མཁའ་དང་། དཀར་པོ་ལས་སྤྲིན་པ། དམར་པོ་ལས་མེ། ལྗང་གུ་ལས་ཆུ། སེར་པོ་ལས་ས་བཅས་མཚོན་པར་བཤད། དེའི་དགོས་དོན་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དེ་ནང་བཅུད་སེམས་ཅན་གྱི་བརྟེན་ཡུལ་ཡིན་ཞིང་། འབྱུང་ཁམས་འཕྲོད་ན་ལོ་ཕྱུགས་ལེགས་ཤིང་ཚེ་བསོད་འཕེལ་ནས་མི་ཡུལ་དེ་དུས་བདེ་དགའ་སྐྱིད་ལྡན་པ་ཞིག་ཏུ་འགྱུར་བ་དང་། འབྱུང་ཁམས་འཁྲུག་ཚེ་མི་ཡུལ་སྡུག་བསྔལ་ཏུ་འགྱུར་ཟེར་བའི་མཚོན་རྟགས་ཡིན། དེང་སང་བོད་པ་མང་པོ་ཞིག་གིས་གནས་རི་འགངས་ཆེན་དང་རི་སྒང་། ཉག་ག དགོན་པའི་རྒྱབ་རི་སོགས་མཐོང་མ་ཐག་ཏུ་དར་ལྕོག་གང་སར་འཐེན་པ་འདི་ཡང་འབྱུང་རྩིས་ཀྱི་ལུགས་དང་འགལ་ཡོད་པར་བསམ།
དྲུག། དར་ལྕོག་འཛུགས་སྟངས།
སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི«དགེ་སྡུག་སྤང་བླང»ལས། “དར་ཤིང་རྩེ་མོ་ནོར་བུར་མཚལ་དཀར་བྱུགས། །འདོགས་ལུགས་བདེར་གཤེགས་སྙིང་པོ་གང་ཡིན་རུང་། །མཇུག་ཕྱོགས་དར་ཤིང་ལ་བཏགས་དབུ་ཕྱོགས་ནི། །རླུང་ལ་ཕྱར་ཞིང་འདོན་པའི་ཚུལ་དུ་བྱ། །འཛུག་པའི་དུས་ནི་ཆོ་འཕྲུལ་ཟླ་བའམ། །ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་དང་། །བཅུ་གསུམ་བཅོ་བརྒྱད་ཁྱད་པར་དུས་བཟང་ཉིན། །སྔ་དྲོ་ཉི་ཤར་ལ་སོགས་འཛུགས་པར་བྱ། །དེ་ཡང་སྔོན་དུ་རབ་གནས་བྱིན་རླབས་བྱ། །འཛུག་དུས་ཁོ་བོས་བཀོད་པའི་དར་བསྟོད་བྱ། །”
ཤར་ཡུལ་ཕུན་ཚོགས་ཚེ་རིང་གི«བོད་ཀྱི་གནའ་བོའི་ཆོས་ལུགས་ཆོ་ག་དང་ཡུལ་སྲོལ»ལས། “ལོ་གསར་དང་རྟེན་འབྲེལ་བྱེད་སྒོ་ཁག་ལ་དར་ལྕོག་འཛུགས་སྐབས་དབུས་གཙང་ཁམས་གསུམ་དུ་སྤྱིར་ན་ཡུལ་སྡེ་སོ་སོའི་གཤིས་ལུགས་མི་འདྲ་བས་དར་ཤིང་ཐོག་ཁྱིམ་ཚང་གི་ནང་མིའི་ཁམས་གཞིར་བཟུང་ནས་དར་ལྕོག་འཛུགས་པ་དང་། དེའི་སྟེང་དུ་དར་ཆུང་འགའ་ཞིག་ལས་གནམ་སྔོན་པོ་དང་། སྤྲིན་དཀར་པོ། བར་བཙན་དམར་པོ། ཆུ་ལྗང་། ས་སེར་ཞེས་རིམ་བཞིན་དར་ཆུང་བཏགས་པའི་སྲོལ་ཡོད་ཅིང་། སྔར་སྲོལ་ལྟར་ན་དར་ཤིང་གི་རྩེ་མོར་བལ་ཆུང་ངུ་མང་པོ་བཏགས་པའི་ལུགས་སྲོལ་ཡོད་ལ། ད་ལྟ་ཁ་བཏགས་དར་ཁྱབ་ཆེ་བས་དར་ཤིང་གི་རྩེ་མོར་དར་སྣ་ཚོགས་སྒྲོན་པ་དང་། རྩེ་དཀར་ཟེར་དར་ཤིང་གི་དབྱུག་གུའི་པགས་པ་བཤུས་ཏེ་དཀར་པོ་བཟོ་དགོས། དེའི་རྒྱུ་མཚན་ནི་དར་ཤིང་སྐྱེས་ན་བཀྲ་མ་ཤིས་པ་ཞིག་ཡིན་ཞེས་བཤད་སྲོལ་ཡོད། ལོ་གསར་སྐབས་དར་ཤིང་གི་རྩེ་མོར་ཁ་ཟས་བཏགས་པའི་སྲོལ་ཡང་ཡོད་ལ། རྟེན་འབྲེལ་མཚོན་བྱེད་ཡུལ་ལྷ་གཞི་བདག་ལ་ཆོ་ག་རྒྱ་ཆེར་གཏོང་བ་དང་། གྲོང་པ་ཁྱིམ་མཚེས་རྣམས་ལྷན་འཛོམས་གཟབ་རྒྱས་རྒྱ་ཆེར་གནང་བའི་གཤིས་ལུགས་དེ་རིགས་སྐྱེ་བོ་སེར་སྐྱ་མང་པོས་གསལ་བོར་རྟོགས།”
ང་ཚོའི་ཕ་ཡུལ་ཕྱོགས་ནས་ཀྱང་ལོ་གསར་ཚེས་མགོ་དང་དུས་ཆེན་གྱི་ཉིན་མོར་དར་ལྕོག་འཛུགས་པའི་སྲོལ་འདི་ད་ལྟའི་བར་དུ་ཉམས་རྒུད་དུ་མ་སོང་བར་གནས་ཡོད། དར་ལྕོག་མ་བཙུགས་པའི་ཡར་སྔོན་དུ་ལག་པ་གཙང་མར་བཀྲུས་ནས་དར་ཤིང་གི་དབྱུག་གུའི་པགས་པ་བཤུས་ཏེ་དཀར་པོ་བཟོ་ལ། དེ་དང་མཉམ་དུ་ཤིང་གི་བཟོས་པའི་ཉི་ཟླ་སྐར་གསུམ་དང་ཁ་བཏགས་དར་ཤིང་གི་རྩེ་མོར་འདོགས་དགོས། སྔོན་མ་ཡིན་ན་བལ་སོགས་འདོགས་པར་བཤད། ད་ལྟ་ཁ་བཏགས་དར་ཁྱབ་ཆེ་བས་མང་པོ་ཞིག་གིས་ཁ་བཏགས་བེད་སྤྱོད་བྱེད་བཞིན་འདུག། དེ་ནས་དར་ལྕོག་གི་ཁ་དོག་གོ་རིམ་བཞིན་སྔོན་པོ། དཀར་པོ། དམར་པོ། ལྗང་གུ། སེར་པོ་སོགས་དར་ཤིང་གི་ཐོག་ཏུ་བཏགས་རྗེས་མནོལ་བསངས་ཕུད་ནས་ཡར་བསླངས་དགོས། ད་ལྟ་ཡིན་ན་ལུགས་སྲོལ་འདི་དག་ལ་འགྱུར་བ་ཅུང་ཙམ་རེ་ཐེབས་བཞིན་འདུག། དཔེར་ན། དར་ཤིང་དང་ཉི་ཟླ་སོགས་ལྕགས་ཀྱི་བཟོ་བཞིན་པ་ལྟ་བུ།
བདུན། དར་ལྕོག་བཙུགས་པའི་ཕན་ཡོན།
མདོ་ལས། “སྟོབས་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གཡུལ་ངོར་སོང་ན། ཕ་རོལ་གྱི་དམག་ཚོགས་ཀྱིས་མི་ཚུགས་པར་འགྱུར་རོ། །ཞེས་དང་། གྲོང་ཁྱེར་ཐམས་ཅད་ཀྱི་སྒོའམ། གྲོང་ངམ། གྲོང་ཁྱེར་རམ། རིམ་གྲོ་ཆེར་བྱས་ཏེ་བཙུགས་ན་བཙུགས་མ་ཐག་ཡུལ་དུ་ཞི་བ་བྱས་པར་འགྱུར་རོ། །ཞེས་དང་། རྒྱལ་མཚན་གྱི་རྩེ་མོར་བཞག་པ་མཐོང་ངམ། དེ་དང་ཉེ་བར་གནས་པར་གྱུར་ན། ཐ་ན་དེའི་གྲིབ་མས་ཕོག་གམ་རྡུལ་རླུང་གིས་བཏབ་པ་ཕོག་ནའང་། ལྷའི་དབང་པོ་སེམས་ཅན་དེ་ལ་སྡིག་པ་ཐམས་ཅད་དང་། ངན་འགྲོར་འགྲོ་བའི་འཇིགས་པ་ཐམས་ཅད་འབྱུང་བར་མི་འགྱུར་རོ། །”ཞེས་སོགས་གསུངས། །
«ཡི་གེ་བརྒྱ་རྒྱུད»ལས། “ཡི་གེའི་སྙིང་པོ་ཡིད་བཞིན་ནོར་བུ་འདི། །ཟ་འོག་དར་རམ་རས་སམ་དྲི་མེད་ལ། །རིན་ཆེན་ཁུ་བ་མཚལ་སྣག་གང་རུང་གིས། །བྲིས་ཤིང་རི་བོ་ཞིག་གི་རྩེར་བཙུག་ན། །རི་བོ་དེ་ལ་རྩྭ་ཟོས་ཆུ་འཐུང་དང་། །མིག་གིས་མཐོང་ཚད་སངས་རྒྱས་ཐོབ། །གནས་རི་བཟང་པོ་ཞིག་གི་འགྲམ་བཙུགས་ན། །དེ་ལ་གནས་པའི་སེམས་ཅན་སངས་རྒྱས་ཐོབ། །ཡུལ་དེ་ནད་ཡམས་གདུག་པའི་གནོད་མི་ཚུགས། །རི་ཁྲོད་དགོན་པ་ཞིག་གི་འགྲམ་བཙུག་ན། །དེར་གནས་དགེ་བའི་བཤེས་གཉེན་གང་ཞིག་གི །དགེ་སྦྱོར་མཐར་ཕྱིན་དམ་ཚིག་ཉམས་པ་གསོ། །”ཞེས་གསུངས་པ་ལྟར། དར་ལྕོག་བཙུགས་པ་ལ་མདོ་སོ་སོ་བཀླགས་པའི་ཕན་ཡོན་འབྱུང་བ་དང་། ཕ་རོལ་གྱི་དམག་ཚོགས་ཀྱིས་མི་ཚུགས་པ། ནད་ཡམས་དང་འཚེ་བ། གནོད་པ། དམག་འཁྲུགས་མུ་གེ་སོགས་ཀྱི་འཇིགས་པ་ཞི་ཞིང་། ཆག་ཆེ་ཉམ་ང་སོགས་མི་མཐུན་པའི་རྐྱེན་ངན་ཀུན་ལས་གྲོལ་བ། གཡུལ་ཞི་ཞིང་། ཚེ་བསོད་དབང་ཐང་དང་འབྱོར་བ་རྒྱས་པ། ཕྱི་མ་མི་ཁོམ་པའི་གནས་སུ་མི་སྐྱེ་བ་དང་མཐོ་རིས་ཀྱི་བདེ་བ་ཐོབ་ཅིང་བྱང་ཆུབ་ཀྱི་ལམ་དང་འཕྲད་པ་སོགས་ཕན་ཡོན་དཔག་ཏུ་མེད་པ་ཡོད་པར་གསུངས། །
མདོར་དྲིལ་ན། ང་ཚོས་ཤེས་ཐུབ་པ་ཞིག་ནི་དར་ལྕོག་སློང་བའི་སྲོལ་དེ་བཙན་པོའི་རྒྱལ་རབས་སྐབས་སུ་དར་ཡོད་པས་ད་ལྟའི་བར་ལོ་ངོ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། དར་ལྕོག་གི་ནང་དོན་དང་རྣམ་པའི་ཐད་ནས་ལོ་རྒྱུས་ཀྱི་གོམ་འགྲོས་དང་བསྟུན་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དེ་རེད། བོད་མིའི་ཁྱིམ་རེ་རེའི་སྒོ་སྟེང་དུ་དར་མདུང་རེ་སློང་བ་འདི་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ལྟ་བུ་ཡིན་ཏེ། དར་ལྕོག་གི་བྱུང་བ་ཐོག་མར་བཙན་པོའི་དུས་སུ་དྲག་པོའི་ལས་ལ་མཁོ་བའི་མཚོན་ཆ་མདུང་དེ་ཉིད་ཕོ་བྲང་གི་སྟེང་དང་མདུན་དུ་བཙུགས་ནས་དྲག་པོའི་ཟིལ་ཤུགས་ངོམ་ཚུལ་བསྟན་པ་དེ་ཡིན། དར་ལྕོག་འཛུགས་པའི་སྲོལ་དེ་ཡང་ནང་བསྟན་ཆོས་ལུགས་གཏིང་ཟབ་ཁྱབ་གདལ་སོང་བ་དང་ཆབས་ཅིག་སྔ་མོ་དམག་གི་རྟགས་སུ་མངོན་པའི་དར་མདུང་དེ་རིམ་བཞིན་ཆོས་ལུགས་ཀྱི་ནང་དོན་གཏིང་ཟབ་ལྡན་པའི་རླུང་རྟ་འཕེལ་བ་དང་། བགེགས་བར་བཟློག་ཆེད་དར་ལྕོག་འཛུགས་སྲོལ་ཞིག་ཏུ་གྱུར་པ་རེད། དར་ལྕོག་ནི་རླུང་རྟ་དར་བར་བྱེད་པའི་མཚོན་རྟགས་ཤིག་ཡིན་ལ། གནམ་ལོ་གསར་ཚེས་ཀྱི་སྐབས། ཚེས་བཟང་དུས་བཟང་ཞིག་ལ་བོད་རིགས་མང་ཚོགས་ཚོས་རང་ཁྱིམ་གྱི་ཐོག་ཁའི་དར་ལྕོག་བརྗེས་ནས་ལོ་གསར་པའི་ནང་ལོ་ལེགས་ཡོང་བ་དང་། མི་ནད་ཕྱུགས་ནད་མི་ཡོང་བ། བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་ཞིག་ཡིན། བོད་མིའི་ཁྱིམ་ཞིག་ཡིན་ཕྱིན་གནས་གང་དུ་ཡོད་ཀྱང་། དར་ལྕོག་སློང་བའི་སྲོལ་དེ་མ་ཉམས་པར་ད་ལྟའི་བར་དུ་གནས་ཡོད་པ་ཡིན།
དཔྱད་གཞིའི་ཡིག་ཆ།
༡ «དག་ཡིག་གསར་བསྒྲིགས།» བསམ་གཏན་དང་ཀྲིན་ཧོ་ཀུང་སོགས་ཀྱི་རྩོམ་སྒྲིག་བྱས།
༢ «སྨོན་ལམ་ཚིག་མཛོད་ཆེན་མོ།» དགེ་བཤེས་བློ་བཟང་སྨོན་ལམ།
༣ «བོད་ཡིག་ཚིག་གཏེར་རྒྱ་མཚོ།» ཐུབ་བསྟན་ཕུན་ཚོགས།
༤ «བརྡ་དག་མིང་ཚིག་གསལ་བ།» དགེ་བཤེས་ཆོས་ཀྱི་གྲགས་པ།
༥ «རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།» དགེ་འདུན་ཆོས་འཕེལ།
༦ «མདའ་དང་འཕང་།» མཁར་རྨེའུ་བསམ་གཏན།
༧ «སྒྲུང་ལྡེའི་བོན་གསུམ་གྱི་གཏམ་ཨེ་མ་ཧོ།» མཁས་དབང་ནམ་མཁའི་ནོར་བུ།
༨ «དྲིན་གྱི་བུ་ལོན།» གུར་མགོན་སྐྱབས།
༩ «བོད་ཀྱི་གནའ་བོའི་ཆོས་ལུགས་ཆོ་ག་དང་ཡུལ་སྲོལ།» ཤར་ཡུལ་ཕུན་ཚོགས་ཚེ་རིང་།
༡༠ «བླ་མེད་རྡོ་རྗེ་ཐེག་པའི་ཕྱག་མཚན་དང་མཆོད་རྫས་ཡོ་བྱད་ཀྱི་རྣམ་གཞག།» མངའ་རིས་པ་མཁན་ཆེན་ཚེ་དབང་རིག་འཛིན།
༡༡ «དགེ་སྡུག་སྤང་བླང་།» སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན།
༡༢ «རླུང་རྟའི་རིག་གནས་ཀྱི་བྱུང་འཕེལ་དང་མཚོན་དོན་ལ་དཔྱད་པ།» སྙན་བཟང་པ་ཀུན་བཟང་རྒྱལ།
འབྲེལ་ཡོད་འོས་སྦྱོར།