༄༅། །བོད་ཀྱི་བཟའ་བཏུང་རིག་གནས་ལ་ཐོག་མར་འཇུག་པའི་སྒོ།
རྩོམ་པ་པོ།:ཀརྨ་བདེ་ལེགས།
ཡོང་ཁུངས།:གངས་ལྗོངས་ཉི་གཞོན།
དུས་ཚོད།:2023-02-09
ཀློག་གྲངས།:
མདོ་དབུས་མཐོ་སྒང་དུ་བོད་ཀྱི་མེས་པོ་རྣམས་ཀྱིས་མི་ལོ་ཁྲི་སྟོང་མང་པོའི་རིང་གི་འབད་བརྩོན་ལས་ཤེས་རབ་དང་དཔལ་ཡོན་མང་པོ་ཞིག་བསྐྲུན་པའི་ཡ་གྱལ། བཟའ་བཏུང་རིག་གནས་ལ་མཚོན་ན་མདོ་དྲི་མེད་གཟི་བརྗིད་ལས། ལུག་ལྷ་བ་བལ་ཆེན་བཞོས་པ་ལས། །འོ་མའི་སྙིང་པོ་མར་དུ་བྱུང་། །སྔོན་མོ་ནས་ཀྱི་ཕྱེ་མ་དང་། །སྙིང་པོ་མར་གྱི་བཅུད་བསྡེབས་པས། །ཕྱེ་མ་འོལ་ཀོན་གསོས་སུ་བྱུང་། །ཞེས་དང་། ཡང་། སྔོན་མོ་ནས་ཀྱི་ཉིང་ཁུ་ལ། །རྩི་བཅུད་འོ་མ་སྲིད་པ་ལས། །ཨརྒྷཾ་ཕུད་ཀྱི་མཆོད་པ་བྱུང་། །ཞེས་བྱུང་བ་ལྟར་འབྲོག་པའི་ལུག་མར་དང་ཞིང་པའི་ནས་སྔོན་གྱི་རྩམ་པ་བསྲེས་པའི་ཕྱེ་མར་གྱི་བཟའ་བ་དང་། འབྲུ་སྔོན་བསྙལ་བའི་ནས་ཆང་དང་ལུག་གི་འོ་མའི་བཏུང་བ་གཉིས། ཟས་ཀྱི་ཐོག་མ་བྱུང་ཚུལ་གྱི་ལོ་རྒྱུས་ཡོད་པ་དང་། བོད་རྒྱལ་གཉའ་ཁྲི་བཙན་པོ་ཁྲི་ལ་བཀོད་པའི་གཏམ་རྒྱུད་ཏུན་ཧོང་ཡིག་རྙིང་ལས་ཀྱང་། ཐུད་དང་མར་གྱི་སྲེག་ཤ །གདར་སོགས་བཟའ་བཏུང་གི་ལོ་རྒྱུས་ཡོད་པ་དང་། སྤྱི་ལོའི་དུས་རབས་གསུམ་པའི་ནང་བླ་སྨན་དུང་གི་ཐོར་ཅོག་ཅན་གྱིས་འཚོ་བ་ཟས་ཀྱི་མདོ་དང་། སྦྱོར་བ་སྨན་གྱི་མདོ་གཉིས་བརྩམས་པ་དང་། ཡང་ཆབ་མདོ་མཁའ་རོ་དང་མཚོ་སྔོན་ཙོང་རི་ལྷ་ས་ཁྱི་གོང་སོགས་ནས་ཐོན་པའི་གནའ་རྫས། བཟའ་བཏུང་གཡོ་སྣོད་ཀྱི་རྫ་ཆས་དེ་དག་རྒྱུ་སྤུས་བཟང་བ་དང་། སྣ་ཁ་མང་བ་ཙམ་མ་ཚད་རི་མོ་ལ་མཛེས་སྤྱོད་ཀྱི་མཚོན་དོན་རྒྱ་ཆེན་པོ་ཡོད་པ་ལ་དཔྱད་ན་ལོ༣༥༠༠ནས༥༠༠༠ཙམ་གྱི་སྔོན་དུས་སུ་སྤྱི་ཚོགས་འཚོ་བའི་ཆུ་ཚད་དང་མཛེས་སྤྱོད་ལྟ་བ་སོགས་ཚད་གཞི་ངེས་ཅན་ཞིག་ལ་ཐོན་ཡོད། སྤྱི་ལོའི་དུས་རབས་བརྒྱད་པའི་ནང་ཙམ་དུ་རྒྱུད་བཞི་ལས། མི་ན་བར་གནས་པར་བྱེད་པ་ཟས་དང་སྤྱོད་ལམ་གྱི་སྐོར་རྒྱ་ཆེར་བསྟན་ཏེ་མ་ལག་རང་བཞིན་ལྡན་པའི་བཟའ་བཏུང་གཡོས་སྤྱོར་ལག་རྩལ་ཞིག་གྲུབ་ཡོད།
བོད་ཀྱི་བཟའ་བཏུང་གི་རྒྱུ་ཆའི་སྐོར་ལ། དེ་ཡང་ཞིང་འབྲོག་གཉིས་ཀྱི་ཐོན་རྫས་ལས་དང་པོ། ཞིང་པའི་འབྲུ་རིགས་བཅུ་བདུན། འབྲོག་པའི་ཤ་རིགས་བརྒྱད། སྣུམ་རིགས་སྡེ་བཞི། སྔོ་ལྡུམ་སྣ་ཚོགས། རང་བྱུང་རི་སྐྱེས་ཀྱི་ཚོད་མ་དང་ཤ་མོ་སྣ་ཚོགས། བཏུང་བ་ལ་འོ་མ། ཆུ། ཆང་། ཇ་སོགས་ཀྱི་ཕན་ནུས་དང་། ཁྱད་ཆོས། ཉར་ཚགས་བྱ་ཚུལ་སོགས་རྒྱས་པ་བསྟན་ཡོད། གཡོས་སྦྱོར་ལག་རྩལ་ལ། ༡.བསྐོལ་བ། ༢.བཙོ་བ། ༣.བསྲེགས་པ། ༤.ཡིབ་པ། ༥.བསྙལ་བ། ༦.རྗེན་པ། ༧.བརྔོས་མ། ༨.བསྐམ་པ་དང་འཁྱག་པ་བཅས་རྩ་བའི་གཡོས་སྦྱོར་གྱི་ལག་རྩལ་མ་ལག་བརྒྱད། བཙོས་མ་ལ་ཆུར་བཙོས་དང་། རླངས་བཙོས། སྣུམ་བཙོས་གསུམ་དང་། བརྔོས་མ་ལ་རྗེན་བརྔོས་དང་། སྣུམ་བརྔོས། བསྲེགས་པ་ལ་རྗེན་བསྲེགས་དང་། སྣུམ་བསྲེགས་བཅས་ཀྱི་དབྱེ་བ་ཡོད།
བོད་ཟས་ཀྱི་རོ་བྲོ་བ་ལ། འབྱུང་ལྔའི་ཁམས་ལས་སྐྱེས་པའི་བཟའ་བཏུང་གི་དངོས་པོ་ཐམས་ཅད་རོ་ནུས་མི་འདྲ་བ་བྱུང་བ་ཡང་འབྱུང་བ་ལྔ་ཤས་ཆེ་ཆུང་དབང་གིས་བྱུང་བ་ཡིན་ཞིང་། དེ་ཡང་རྩ་བའི་རོ་དྲུག་ལས་འཕྲོས་པའི་རོ་སྦྱོར་བསྡུས་པ་ལྔ་བཅུ་རྩ་བདུན། འབྲིང་པོ་ལ་དྲུག་ཅུ་རྩ་གསུམ། རྒྱས་པ་ལ་བརྒྱ་ཐམ་པ་སྟེ་གཡོས་སྦྱོར་གྱིས་བྲོ་བ་འདོན་སྟངས་སྣ་མང་ཕུན་སུམ་ཚོགས་པ་ཡོད།
ཟས་ལོངས་སུ་སྤྱོད་ཚུལ་ལ། རྒྱུད་ལས། འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས། །ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་པར་བྱེད། །ཅེས་ཟས་སྨན་གྱི་འབྱུང་ཁུངས་ནི་རང་བྱུང་ཁམས་ཡིན་པ་དང་། རང་བྱུང་ཁམས་ཀྱི་ནང་དུ་བདེ་ཐང་སྲུང་འཛིན་བྱེད་པའི་མན་ངག་མང་པོ་ཞིག་ཡོད་པ་སྟེ། འགྲོ་བ་མིའི་རིགས་སུ་ཡིན་ནའང་རང་ཉིད་གནས་སའི་ཁོར་ཡུག་དེ་དང་འཚམ་པར་བཟའ་བཏུང་རིག་གནས་ཤིག་གསར་གཏོད་བྱས་ཡོད་ལ། བོད་ལྟ་བུ་ལ་མཚོན་ན་མདོ་དབུས་མཐོ་སྒང་ནི་ས་མཐོ་ཞིང་། གྲང་ལྷགས་སེར་གསུམ་ཧ་ཅང་ཆེ་བ། གསོ་རླུང་ཉུང་བའི་ཁོར་ཡུག་དམིགས་བསལ་བ་འདིའི་ནང་དུ། བོད་ཀྱི་མེས་པོ་གོང་མ་རྣམས་ཀྱིས་ཀྱང་མི་ལོ་ཁྲི་སྟོང་མང་པོའི་རིང་། སོ་སོའི་ཁོར་ཡུག་ལ་འཕྲོད་ཅིང་འཚམ་པའི་བཟའ་བཏུང་གཡོས་སྦྱོར་ལག་རྩལ་ཞིག་ཡོད་པ་ལའང་རྒྱུ་ཆ་དང་། གཡོས་སྦྱོར་གྱི་ཐབས་ཤེས། བྲོ་རྫས། བྲོ་བ་འདོན་སྟངས། བཟའ་བཏུང་སྤྱོད་ཚུལ་སོགས་ས་མཐོའི་ཁོར་ཡུག་དང་འཚམས་པ་སྟེ། གྲང་ལྷགས་སེལ་ཞིང་དྲོད་འགུག་པའི་ནུས་པ་ལྡན། ས་དམའ་སའི་ཁུལ་གྱི་རྒྱུ་ཆ་དང་མི་འདྲ་བར་འཚོ་བཅུད་ཆེ་བ། གཡོས་སྦྱོར་ཐབས་ལམ་སྣ་ཚོགས་ཀྱིས་ཟས་བཅུད་མི་ཉམས་པར་ས་མཐོའི་མིའི་ལུས་ཕུང་ལ་དགོས་པའི་འཚོ་བཅུད་མཁོ་འདོན་ཐུབ་པ། འཚོ་རླུང་ཉུང་བའི་ས་ཆར་འཚོ་རླུང་ཁ་གསབ་ཐུབ་པའི་ནུས་པ་སོགས། དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་རིག་གནས་མ་ལག་ལྡན་པ་ཞིག་དར་ཡོད་པ་དེ་ཉིད་ཚུལ་མཐུན་གྱིས་ལོངས་སྤྱོད་དགོས་སོ།།
ཕྱེ་མ། མདོ་དབུས་མཐོ་སྒང་དུ་འགྲོ་བ་མིའི་རིགས་འཕེལ་འགྱུར་བྱུང་བ་ནས་ཟས་ཀྱི་ཐོག་མ་ཕྱེ་མར་ཡིན་པ་གྲགས་ཏེ། འབྲོག་པའི་སྒོ་ཕྱུགས་ཀྱི་ཐོག་མ་ལུག་ཡིན་པ་དང་། ཞིང་པའི་འབྲུ་རིགས་ཀྱི་ཐོག་མ་ནས་ཡིན་ཞིང་། དེ་གཉིས་གཡོས་སྦྱོར་ལག་རྩལ་གྱིས་བསྡེབས་པས་ཟས་ཀྱི་ཐོག་མ་ཕྱེ་མར་བྱུང་བའི་ལོ་རྒྱུས་ནི་མདོ་དྲི་མེད་གཟི་བརྗིད་ལས། ཕྱེ་མ་འོལ་ཀོན་གསོས་སུ་བྱུང་། །ཞེས་པ་བཞིན་གནའ་ནས་ཟས་ཀྱི་ཐོག་མ་ད་ལྟའི་བར་བྱུང་བའི་ལག་རྩལ་འདིའི་མེས་པོ་དག་ལ་བཀའ་དྲིན་དང་བཀྲ་ཤིས་རྟེན་འབྲེལ་སོགས་མཚོན་པའི་ཞིམ་ཟས་ཏེ་ཕྱེ་མར་འདི་བཟོ་སྲོལ་ཡོད་པ་ཡིན།
ཐུད། ལོ་ངོ་སྟོང་གཉིས་ཀྱི་སྔོན་ཏེ་གཉའ་ཁྲི་བཙན་པོ་ཁྲི་ལ་བཀོད་པའི་གཏམ་རྒྱུད་ཏུང་ཧོང་ཡིག་རྙིང་ནང་མཐུད་གོང་མོ་ཙམ་མཆིས་སམ་མ་མཆིས་ཞེས་དྲིས་པ་གསལ་བ་ལྟར་ན། མཐུད་ནི་ཐུད་དེ། ཐུད་བཟོ་བའི་སྲོལ་ནི་མ་མཐའ་ཡང་སྐབས་དེ་དུས་ནས་དར་བ་ཤེས་ལ། ཐུད་ཀྱི་བྲོ་བ་ལ་མངར་སྐྱུར་གཉིས་དང་བཟོ་ཚུལ་མི་འདྲ་བ་མང་ཞིང་རོང་འབྲོག་གཉིས་ཀྱི་རྒྱུ་ཆ་རང་རང་ལ་འཚམ་པའི་བཟོ་སྟངས་ཏེ། ཞུན་ཐུད། ཕྱུར་ཐུད། གྲོ་ཐུད། རྩམ་ཐུད་སོགས་བཟོ་བའི་ལག་རྩལ་ད་ལྟའི་བར་དར་ཡོད།
འོ་མ། མདོ་དབུས་མཐོ་སྒང་དུ་གདོད་མིའི་དུས་ནས་བཏུང་བ་ཐོག་མ་ཡི་གྲས་སུ་བྱུང་བ་གསལ་སྟེ། མདོ་དྲི་མེད་གཟི་བརྗིད་ལས། འོལ་ཀོན་གསོས་སུ་བྱུང་ཟེར་བ་དང་། ཡང་རྩི་བཅུད་འོ་མ་སྲིད་པ་ལས། །ཨརྒམ་ཕུད་ཀྱི་མཆོད་པ་བྱུང་། །ཞེས་གསལ་བ་ལྟར་མེས་པོ་གོང་མ་ཚོའི་འོ་མ་སྐོམ་སེལ་གྱི་ཐོག་མ་འོ་མ་བྱུང་ཚུལ་སོགས་བཤད་པ་ནི་འཚོ་བ་དངོས་ཀྱི་བྱུང་བ་ཡིན་ལ་ད་ལྟའི་ཆར་ཡང་བེད་སྤྱོད་གཏོང་གིན་ཡོད།
ཇ། བོད་ཀྱི་ལོ་རྒྱུས་རྣམས་སུ་ཇ་འདི་སྤྱི་ལོ་བདུན་བརྒྱ་ནང་འདུས་སྲོང་མང་པོ་རྗེའི་དུས་སུ་མདོ་དབུས་མཐོ་སྒང་འདིར་དར་བ་བཤད་ཀྱང་། ཉེ་དུས་མངའ་རིས་ནས་ལོ་ཆིག་སྟོང་བརྒྱད་བརྒྱའི་སྔོན་ཙམ་གྱི་ཇ་ལོ་ཞིག་རྙེད་པ་དག་ལ་བསམ་ན་མ་མཐའ་ཡང་ལོ་སྟོང་གཉིས་ཡན་མན་ནས་དར་ཡོད་པ་མངོན་ལ། སྤྱིར་བོད་པས་གནའ་ནས་ཇ་ལ་མཐོང་ཆེན་བྱས་པ་གསལ་ཏེ། ཇ་བསྐོལ་ཚུལ་སྣ་ཚོགས་དང་བླུག་སྣོད་སོགས་ལ་ཡང་བཟོ་རྩལ་དང་མཛེས་ཆོས་ཀྱི་ལག་རྩལ་ཕུན་སུམ་ཚོགས་པོ་ཡོད་པ་དུས་ད་ལྟ་ཡང་གསལ་བ་འདི་ལགས།
ཆང་། འགྲོ་བ་མིའི་རིགས་བྱུང་ཞིང་མདོ་དབུས་མཐོ་སྒང་གི་གདོད་མའི་བཏུང་བ་ཐོག་མ་ཆང་སྟེ། མདོ་དྲི་མེད་གཟི་བརྗིད་ལས། སྔོན་མོ་ནས་ཀྱི་ཉིང་ཁུ་དང་། །རྩི་བཅུད་འོ་མ་སྲིད་པ་ལས། །ཨརྒམ་ཕུད་ཀྱི་མཆོད་པ་བྱུང་། །ཞེས་གསལ་བ་ལྟར་མེས་པོ་གོང་མ་ཚོའི་ཆང་གི་རིག་གནས་དང་ལག་རྩལ་དག་ད་ལྟའི་བར་དུ་རྒྱུན་མ་ཆད་པར་ཡོད་ཅིང་གནས་པ་སྟེ། སྐོམ་སེལ་སྐྱེམས་ཀྱི་ཐོག་མ་ཆང་བྱུང་ཚུལ་སོགས་བཤད་པ་ནི་འཚོ་བ་དངོས་ཀྱི་བྱུང་བ་ཡིན་ལ་ད་ལྟའི་ཆར་ཡང་བེད་སྤྱོད་གཏོང་གིན་ཡོད།
བོད་ཟས་བཙོས་མ། ལོ་ཉིས་སྟོང་ཡན་མན་ནས་བོད་རང་ལ་བཙོ་བའི་ལག་རྩལ་ཡོད་པ་ཤུགས་ནས་གོ་ནུས་པ་ཞིག་ནི་སྟོན་པ་གཤེན་རབ་ཀྱི་སྐུ་དུས་བརྗོད་པའི་མདོ་དྲི་མེད་གཟི་བརྗིད་ལས་སྔོན་མོ་ནས་ཀྱི་ཉིང་ཁུ་ཆང་གི་མཆོད་པ་ཡོད་ཚུལ་བཤད་པའི་ཤུགས་ནས་བཙོ་བའི་ལག་རྩལ་ཡོད་པ་གོ་ལ། ཡང་ལོ་ངོ་སྟོང་གི་སྔོན་ནས་བཙོ་བའི་ལག་རྩལ་གྱི་ཟ་མ་བཟོ་སྲོལ་ཡོད་པ་བསམ་ཡས་རབ་གནས་ཀྱི་མཛད་སྒོའི་ཐོག་གི་བཙོས་ཟས་ལ་རྒྱལ་པོ་བཀའ་ཐང་ལས་གཡག་རྒོད་ཤ་རློན་བཙོས་དང་ཞེས་གསལ་པོ་བསྟན་ཡོད།བོད་ཟས་བསྲེག་མ། ད་ལྟའི་ཆར་ཤེས་རྟོགས་ཐུབ་པ་ལ་སྲེག་པའི་ལག་རྩལ་ནི་ལོ་སྟོང་གཉིས་སྔོན་ནས་ཡོད་པ་གསལ་ཏེ། ཏུན་ཧོང་ཡིག་རྙིང་ལས་གཉའ་ཁྲི་བཙན་པོ་ཁྲི་ལ་བཀོད་པའི་གཏམ་རྒྱུད་དུ་སྲེག་ཤ་སྲེག་པའི་ཆེ་ཆུང་ཙམ་ཡོད་མེད་དྲིས་པའི་ལོ་རྒྱུས་ཡོད་ལ། ལོ་སྟོང་གི་སྔོན་ཏེ་བསམ་ཡས་རབ་གནས་སྐབས་གཡག་ཤ་སྲེག་པའི་ཟ་མ་ཡོད་པ་རྒྱ་པོ་བཀའ་ཐང་དུ་གསལ་པོ་བསྟན་ཡོད།
བོད་ཟས་བསྙལ་མ། བསྙལ་བའི་ལག་རྩལ་འདི་ལོ་ངོ་སྟོང་གཉིས་ཡན་མན་ནས་ཚད་མཐོར་ཡོད་པ་གོ་ནུས་ཏེ། མདོ་དྲི་མེད་གཟི་བརྗིད་ལས་ཆང་གི་མཆོད་པ་ཕུལ་ཚུལ་གསལ་བ་ལས་ཤེས་ཤིང་། དུས་རབས་དྲུག་པའི་ནང་བོད་མིའི་ཆང་བཏུང་བའི་ལོ་རྒྱུས་ཐང་ཡིག་ནང་གསལ་བ་དང་། ཡང་ལོ་སྟོང་གི་གོང་དུ་ཞོ་བསྙལ་བ་རྒྱལ་པོ་བཀའ་ཐང་ལས་ཞོ་མར་ཐུད་སོགས་ཡོད་པ་བཤད།བོད་ཟས་བསྐོལ་མ། བསྐོལ་བའི་ལག་རྩལ་ནི་ལོ་སྟོང་གི་སྔོན་ནས་ཡོད་པ་ཞིག་སྟེ་རྒྱལ་པོ་བཀའ་ཐང་ལས་མར་བཀོལ་ཕྲུམ་དང་ཞོ་མར་ཐུད་དང་ནི་བཤད་པའི་ཤུགས་ནས་བསྐོལ་བའི་ལག་རྩལ་མངོན་ལ་ཕྲུམ་ཟས་ནི་འོ་མ་བསྐོལ་བ་ལས་བཟོ་དགོས་པའི་ཟ་མ་ཞིག་ཡིན་ནོ།།
ཡིབ་པའི་ལག་རྩལ། ད་ལྟའི་ཆར་ཤེས་རྟོགས་ཐུབ་པ་ལ་ལོ་ངོ་སྟོང་གི་སྔོན་ནས་བསམ་ཡས་རབ་གནས་ཀྱི་གསོལ་སྟོན་སྐབས་སུ། གཡག་རྒོད་ཀྱི་ཤ་ཡིབ་པ་བཟོས་ཚུལ་རྒྱལ་པོ་བཀའ་ཐང་ལས་བསྟན་ལ། ཡང་མངའ་རིས་ནས་རྙེད་པའི་བོད་བཙན་པོའི་སྐབས་ཀྱི་དམག་དོན་དཔེ་རྙིང་དུའང་། ཡིབ་ཤ་ཞེས་རྙིང་དུ་གཞུགས་པའི་ལག་རྩལ་ཡོད་པ་གསལ་ཡོད།
བོད་ཟས་རྗེན་པ། ལག་རྩལ་འདི་ད་ཆར་ཡིག་ཐོག་ཏུ་གསལ་བ་ལྟར་ན་ལོ་ངོ་སྟོང་གི་སྔོན་ནས་ཡོད་པ་ཤེས་ཏེ་བསམ་ཡས་མཛད་སྒོའི་གསོལ་སྟོན་སྐབས་གཡག་ཤ་རློན་པའམ་རྗེན་པ་བཟོས་ཚུལ་རྒྱལ་པོ་བཀའ་ཐང་ནང་དུ་བཀོད་ཡོད། བོད་ཟས་བརྔོས་མ། ད་ཆར་ཡིག་ཐོག་སོགས་ནས་ཁ་གསལ་ནམ་ཞིག་དར་བ་གསལ་པོ་མ་རྙེད་རུང་དམངས་ཁྲོད་ལག་ལེན་གྱི་རྣམ་པའི་ངོས་ནས་བལྟས་ན་ཉེ་རབས་རྒྱ་ཟས་ཀྱི་བརྔོ་ཚུལ་དང་ལར་ནས་མི་འདྲ་བར་བཙོ་བརྔོ་ཟུང་འབྲེལ་གྱི་རྣམ་པ་ལྟ་བུའི་ངོས་ནས་བསམ་ན་ཡང་གནའ་སྔ་མོ་ནས་ལག་རྩལ་འདི་དར་ཡོད་པ་ཤེས་ཐུབ།
བོད་ཟས་སྐམ་འཁྱག ལག་རྩལ་འདི་མཐོ་སྒང་གི་གནམ་གཤིས་དང་དབྱར་དགུན་དུས་འགྲོས་ལ་བསྟུན་ནས་བཟོ་དགོས་པ་གང་ཞིག་ལ་ཕྲུམ་དང་ཡིབ་ཤ་བཟོ་བའི་ལག་རྩལ་དང་འདྲ་བ་ཡོད་པ་སོགས་ལ་བསམ་ན་ལོ་སྟོང་གི་སྔོན་ནས་དར་ཡོད་པའི་ངེས་ཤེས་སྐྱེ་ཆོག བོད་ཀྱི་བཟའ་བཏུང་ལོ་རྒྱུས་ལ་མཚོན་ན་མི་ལོ༡༥༠༠གོང་དུ་འཚོ་བ་ཟས་ཀྱི་མདོ་ཡོད་པ་དང་། མི་ལོ༡༡༠༠གོང་དུ་རྒྱུད་བཞིའི་ནང་མི་ན་བར་གནས་པར་བྱེད་པའི་ཟས་དང་སྤྱོད་ལམ་སྐོར་གྱི་རིག་གཞུང་ཆགས་ཡོད་པ། མི་ལོ༨༠༠གོང་དུ་འཇམ་དབྱངས་མགོན་པོས་བཟའ་བཏུང་གཡོས་སྦྱོར་སྐོར་གྱི་བསྟན་བཅོས༡༢༠བརྩམས་པ་སོགས། མ་ལག་རང་བཞིན་ལྡན་པའི་བཟའ་བཏུང་རིག་གནས་ཀྱི་ཆུ་མགོ་ཆེན་པོ་ཞིག་མདོ་དབུས་མཐོ་སྒང་གི་ས་ཆར་བྱུང་ཡོད། དེ་ཡང་མེས་པོ་མཁས་མཛངས་ལྡན་པ་ཚོའི་འཚོ་བ་ཟས་ཀྱི་མདོ་དང་། སྦྱོར་བ་སྨན་གྱི་མདོ་གཉིས་ཀྱི་ནང་ནས་དང་པོ་འཚོ་བ་ཟས་ཀྱི་མདོ་དེ་གལ་ཆེ་བར་བརྩིས་ཡོད་པ་ལྟར། ང་ཚོས་ཀྱང་མདོ་དབུས་མཐོ་སྒང་གི་ཁྱད་ཆོས་ལྡན་ཞིང་ལྷད་མེད་ཀྱི་བཟའ་བཏུང་དག་མའི་ཤེས་རིག་འདིས། འཛད་སྤྱོད་པའི་གཟུགས་གཞི་བདེ་ཐང་ཁོ་ན་ལ་དམིགས་ནས། ཚེ་རིང་བ། ནད་ཉུང་བ། གཟུགས་གཞི་བདེ་ཐང་ཡོང་བ་སོགས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པ་སོགས་ཡིད་ཆེས་དང་རེ་བས་ཁེངས་པའི་བཟའ་བཏུང་དག་མ་ཞིག་གཡོས་སྦྱོར་བྱ་ནས། སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས་ཀྱི་རིན་ཐང་མངོན་འགྱུར་ཡོང་བར་ལེགས་སྐྱེས་འབུལ་ཐུབ་པ་བྱུང་ན་བསམ། །

འབྲེལ་ཡོད་འོས་སྦྱོར།