༄༅། །དགུ་བརྩི་ཚུལ་ཁྱད་པར་བ་ཞིག
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-12-23
ཀློག་གྲངས།:
དགུ་གཅིག་པ་གཉིས་པ་གཉི་ག །
འཕྱི་བྱི་ལོང་ཁུང་ནས་འཁེང་དུས། །
དགུ་གསུམ་པ་བཞི་བ་གཉི་ག །
སྤྱང་དར་མའི་གདོང་བ་འགད་དུས། །
དགུ་ལྔ་བ་དྲུག་པ་གཉི་ག །
ཞྭའི་ཅ་ལ་རླུང་གིས་གཅོད་དུས། །
དགུ་བདུན་པ་བརྒྱད་པ་གཉིས་ཀ །
གོས་ཕུ་རུང་སྐག(སྐེད་)ལ(དཀྱི་)དཀྲི་དུས། །
དགུ་ཐ་མ་དགུ་བ་བརྩི་དུས། །
རྩྭ་རྩི་ཤིང་ལྗང་ལོ་འབུ་དུས། །
འཕྱི་བྱི་ལོང་ཁུང་ནས་འཁེང་དུས། །
དགུ་གསུམ་པ་བཞི་བ་གཉི་ག །
སྤྱང་དར་མའི་གདོང་བ་འགད་དུས། །
དགུ་ལྔ་བ་དྲུག་པ་གཉི་ག །
ཞྭའི་ཅ་ལ་རླུང་གིས་གཅོད་དུས། །
དགུ་བདུན་པ་བརྒྱད་པ་གཉིས་ཀ །
གོས་ཕུ་རུང་སྐག(སྐེད་)ལ(དཀྱི་)དཀྲི་དུས། །
དགུ་ཐ་མ་དགུ་བ་བརྩི་དུས། །
རྩྭ་རྩི་ཤིང་ལྗང་ལོ་འབུ་དུས། །
མདོ་དབུས་མཐོ་སྒང་དུ་འཚོ་ཞིང་གཞེས་པའི་སྒང་བ་བོད་པ་རྣམས་ཀྱིས་ཀྱང་རིག་དར་གྱི་མི་རིགས་གཞན་དག་དང་འདྲ་བར་གནའ་སྔ་མོ་ཞིག་ནས་ལོ་གཅིག་རེའི་ལྡོག་གཉིས་ཏེ་དགུན་ཉི་ལྡོག་དང་དབྱར་ཉི་ལྡོག་གཉིས་དང་། མཉམ་གཉིས་ཏེ་དཔྱིད་ཉིན་མཚན་མཉམ་པ་དང་སྟོན་ཉིན་མཚན་མཉམ་པ་གཉིས་བཅས་ཀྱི་དུས་གཟེར་གལ་ཆེན་པོ་བཞིའི་ཆོས་ཉིད་ཤེས་རྟོགས་བྱུང་ཡོད་ལ། ལྡོག་གཉིས་ཀྱི་ནང་གི་དགུན་ཉི་ལྡོག་གི་ཉིན་མོ་ནས་ཉི་མ་དགུ་རེ་ཚན་པ་རེ་བྱས་ཏེ་དགུ་བརྩི་བའམ་དགུ་འདྲེན་པའི་སྲོལ་ཀའང་སྔ་མོ་ཞིག་ནས་གནའ་བོའི་སྤྱང་བ་དང་རོང་བ་རྣམས་ཀྱི་ཁྲོད་དུ་རྒྱ་ཆེར་དར། སའི་གོ་ལའི་ཐད་གོང་ངམ་འཕྲེད་གཞུང་གི་ཐིག་ཚད་དང་ས་བབ་མཐོ་དམའ་མི་འདྲ་བའི་དབང་གིས་ཡུལ་ལུང་སོ་སོའི་དུས་ཚིགས་ཀྱི་འགྱུར་བ་དང་དྲོ་གྲང་མི་འདྲ་ཞིང་། དེ་ལ་བརྟེན་ནས་དུས་བརྟག་གནམ་དཔྱད་ཀྱི་ངག་རྒྱུན་ཡང་འདྲ་མི་འདྲ་སྣ་ཚོགས་མཆིས་ཤིང་། གོང་དུ་བཀོད་པ་ནི་ཨ་མདོ་ལྷོ་རྒྱུད་ཀྱི་དམངས་ཁྲོད་ནས་འཚོལ་སྡུད་བྱས་པའི་དགུ་བརྩི་ཚུལ་ཅུང་ཁྱད་པར་བ་ཞིག་སྟེ། ངག་སྒྲོས་འདི་དང་རང་རྒྱལ་གྱི་རྒྱ་རིགས་དམངས་ཁྲོད་དུ“一九二九不出手,三九四九冰上走,五九六九沿河看柳,七九河开,八九雁来,九九加一九,耕牛遍地走。”ཞེས་དང་། “一九二九,怀里插手;三九四九,冻死猪狗;五九六九,沿河看柳;…”ཞེས་དགུ་གཉིས་རེ་ཚན་པ་གཅིག་ཏུ་བྱས་ནས་དགུ་བརྩི་སྲོལ་ཡོད་པ་གཉིས་འདྲ་བོ་འདུག་ལ། འདི་ནི་གནའ་མི་རྣམས་ཀྱིས་ཡུན་རིང་ལ་རྟོག་དཔྱོད་བྱས་ཏེ། དགུན་ཉི་ལྡོག་རྗེས་ཀྱི་ཟླ་ངོ་གསུམ་ལ་ཉེ་བའི་དུས་ཀྱི་གནམ་གཤིས་དང་རང་བྱུང་ཁམས་ཀྱི་འགྱུར་བ“དགུ”ཟུང་བཞི་ཡ་གཅིག་ཏུ་བསྡུས་ཤིང་། དེ་རྣམས་སོ་སོའི་སྐབས་སུ་མདོ་དབུས་མཐོ་སྒང་གི་ཤར་མཐའི་རོང་འབྲོག་གི་ཡུལ་ལུང་དུ་འབྱུང་བར་འགྱུར་བའི་དུས་རྟགས་མངོན་གསལ་ཆེ་བ་འགའ་ཕྱོགས་སྡོམ་བྱས་པའི་མྱོང་བྱང་རྩ་ཆེན་ཞིག་ཏུ་སྣང་ངོ་། །


འཚོལ་སྡུད་དག་སྒྲིག་བྱེད་པོ། སྔོ་དེའུ་སྒོམ་པ་བཀྲ་ཤིས།
རྩོམ་ཁུངས། སྔོ་དེའུ་ཚང་གི་འཕྲིན་སྟེགས།
རྩོམ་ཁུངས། སྔོ་དེའུ་ཚང་གི་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
