གླིང་སྒྲུང་གི་མི་སྣའི་གཟུགས་བརྙན་ཞིབ་འབྲིའི་སྐོར་ལ་དཔྱད་པ། གཉིས།
རྩོམ་པ་པོ།:གཅོད་པ་དོན་གྲུབ།
ཡོང་ཁུངས།:ཀྲུང་གོའི་བོད་རིག་པ།
དུས་ཚོད།:2026-05-19
ཀློག་གྲངས།:
དྲུག་པ། མི་སྣ་གཙོ་བོའི་བླ་གནས་ཀྱི་གཟུགས་བརྙན་བཞེངས་སྐྲུན་སྐོར་བཤད་པ།
གེ་སར་རྒྱལ་པོའི་སྒྲུང་ལས་བཀོད་པ་ལྟར་ན། གླིང་རྗེ་གེ་སར་དང་དཔའ་རྟུལ་སུམ་ཅུ་དག་ལ་ལྷ་ཀླུ་གཉན་གསུམ་གྱིས་སྡོངས་གྲོགས་མཛད་པ་མ་ཟད། ཁོང་རྣམས་ལའང་བླ་རི་དང་བླ་མཚོ་བླ་རྟ་བཅས་པའི་སྲོག་འཛིན་གྱི་བླ་གནས་མང་པོའི་གཟུགས་བརྙན་བཞེངས་སྐྲུན་གནང་འདུག དཔེར་ན། གླིང་གེ་སར་རྒྱལ་པོའི་བླ་རི་ནི་རྨ་ཆེན་སྦོམ་ར་ཡིན་ཞིང་། གལ་ཏེ་གེ་སར་རྒྱལ་པོ་འདུལ་བསམ་ན་ཐོག་མར་རི་རབ་རྨ་ཆེན་སྦོམ་ར་མེད་པར་བཟོ་དགོས་པ་རེད། དེ་མིན་གེ་སར་རྒྱལ་པོ་ཉིད་འདུལ་པའི་ཐབས་ཤེས་སྤུ་ཙམ་ཡང་མེད། གླིང་སེང་ལྕམ་འབྲུག་མོའི་བླ་གནས་མཚོ་སྐྱ་རེངས་ཡིན་པར་གྲགས། དེ་ཡང་བླ་མཚོ་བསྐམས་སུ་མ་བཅུག་ན་འབྲུག་མོའི་ཚེ་སྲོག་ལ་གནོད་པ་ཅི་ཡང་ཡོང་མི་ཐུབ། ཧོར་གྱི་ཤན་པ་རྨེ་རུ་རྩེའི་བླ་གནས་ཀྱང་འབྲོང་གཡག་དམར་པོ་ཞིག་ཡིན་པར་གྲགས། ཧོར་གུར་དཀར་དང་གུར་ནག་གུར་སེར་བཅས་ལ་མཚོན་ན། འབྲོང་གཡག་དཀར་པོ་གུར་དཀར་རྒྱལ་པོའི་བླ་འབྲོང་དང་། འབྲོང་གཡག་ནག་པོ་གུར་ནག་རྒྱལ་པོའི་བླ་འབྲོང་ཡིན། འབྲོང་གཡག་སེར་པོ་གུར་སེར་རྒྱལ་པོའི་བླ་འབྲོང་ཡིན་པར་གྲགས། བླ་འབྲོང་དེ་དག་ཀྱང་འབྲོང་གཡག་ཕལ་བ་ཞིག་མིན་པར་ལུས་སྟོབས་ཆེས་ཆེ་ལ་ནུས་ཤུགས་འགྲན་ཟླ་མེད་པའི་གཟུགས་བརྙན་བཞེངས་སྐྲུན་བགྱིས་ཡོད། ཁྱད་པར་དུ་ཧོར་གུར་དཀར་རྒྱལ་པོར་སྲ་ཞིང་མཁྲེགས་པའི་ཐེའུ་རང་བླ་ལྕགས་ཡོད། མོན་ཤིང་ཁྲི་རྒྱལ་པོའི་བླ་སྲོག་བཅོལ་ས་དེ་མགོ་དགུ་ཅན་གྱི་གདུག་སྲིན་ཞིག་ཡིན་ཞིང་། གྲུ་གུ་རྒྱལ་པོའི་བླ་སྲོག་བཅོལ་ས་དེ་དོམ་ནག་འཇིགས་སུ་རུང་བ་ཞིག་དང་མགོ་དགུ་ཅན་གྱི་འུག་རྒན་ཞིག་ཡིན་པར་གྲགས། བདུད་ཀླུ་བཙན་རྒྱལ་པོའི་བླ་སྲོག་བཅོལ་ཡུལ་དེ་བླ་འབྲོང་བླ་ཤིང་བླ་མཚོ་ཡིན་པས། གེ་སར་མཆོག་གིས་བདུད་རྒན་འདུལ་བའི་སྐབས་སུ། ཐོག་མར་བླ་འབྲོང་བསད། བླ་ཤིང་བཅགས། བླ་མཚོ་བསྐམས་སུ་བཅུག་རྗེས་ད་གཟོད་བདུད་རྒན་ཆམ་ལ་ཕབ་པ་ལགས། བདུད་རྒན་གྱི་ཨ་ཆེ་སྲིན་མོ་སྒྲོལ་མའི་སྲོག་བཅོལ་ས་དེ་ཡང་བྱུ་རུའི་བུམ་པའི་ནང་དུ་ཡོད་པའི་བླ་གཡུ་སྦྲང་མ་ཞིག་ཞིབ་འབྲི་བྱས་ཡོད། བདུད་རྒན་འདུལ་སྐབས་སུ་སྲིན་མོ་དེ་ཁ་བྲག་ཁུང་འདྲ་བ་དང་མིག་འོད་ཁུང་འདྲ་བ་གདངས་ནས་ངའི་ཇོ་ཇོ་སུས་བསད་པ་རེད་ཟེར་ནས་རྒྱུགས་ཡོང་པ་ན། གེ་སར་མཆོག་གིས་བླ་སྦྲང་གི་སྐེ་ནས་བཟུང་སྟེ་དགྱེ་དགྱེ་བྱས་པས་བདུད་ཀྱི་ཨ་ཆེ་དེ་ཡང་དགྱེ་དགྱེ་བྱས་པ། སྒུར་སྒུར་བྱས་པས་མོ་ཡང་སྒུར་སྒུར་བྱས་སོ། །སྐེད་པའི་མཚམས་སུ་བཅད་པའི་ཚེ་བདུད་རྒན་གྱི་ཨ་ཆེ་སྲིན་མོ་ཡང་དེ་མ་ཐག་ཁ་གདངས་ནས་ལྔ་བའི་ལམ་དུ་ཆས་པའི་གཟུགས་བརྙན་ངོ་མཚར་བ་དག་ཞིབ་འབྲི་གནང་འདུག དེ་ཡང་དཔའ་མི་འགྱུར་རྒྱ་ཚ་ཞལ་དཀར་ཉིད་ཀྱིས་རྨ་ཤེལ་བྲག་གི་གཏེར་སྒོ་འབྱེད་པའི་སྐབས་སུ། བཙན་པོ་ཕོ་བདུད་རྒྱལ་པོའི་བླ་སྟག་ངར་མ་ཆམ་ལ་ཕབ་པའི་གཟུགས་བརྙན་ཡིད་དུ་འོང་པ་དག་བཞེངས་སྐྲུན་བྱས་འདུག གཞན་ཡང་ཞལ་ལུ་དཀར་པོས་ཧོར་གྱི་ཐེའུ་རང་བླ་ལྕགས་དེ་ཐལ་བར་གཏོར་བའི་ལོ་རྒྱུས་དེ་ཡང་སེང་ལྕམ་འབྲུག་མོས་མ་གཅིག་གོང་སྨན་རྒྱལ་མོའི་ལུང་བསྟན་ཇི་བཞིན་ཧོར་གུར་དཀར་རྒྱལ་པོར་བླ་ལྕགས་ཁམས་གསུམ་གྲོང་འཇོམས་ནག་པོ་དེ་འབེན་ལ་ཅིས་ཀྱང་འཇོག་ཏུ་བཅུག་པ་ན། གླིང་པ་རྣམས་རྨ་ཆུ་རབ་ཁ་ནས་སྔ་སྒུག་རྗེས་ཟིན་གྱིས་ཁྲ་སྤུངས་སེ་འཛོམས་ཤིང་། ཞལ་དཀར་ཉིད་དང་འདན་མ་བྱང་ཁྲ་གཉིས་ཀས་ལྷན་དུ་མདའ་བཏོན་ནས་མཐེབ་ལྟོང་མཉམ་སྤྲོད་བྱས་ཏེ། དཔོན་བློན་གཉིས་ཀས་ངས་འཕེན་ཁྱོད་སྡོད་ཟེར་ནས་ཞལ་མི་འཆམ་པར་གདའ། དེར་ཞལ་དཀར་གྱིས་སྤྱན་གྱིས་མ་གཟིགས་པར་དོང་བ་ལས་མདའ་གཅིག་ཕྱག་ཏུ་བཞེས་པ་དེ་སྔར་གླིང་གེ་སར་རྒྱལ་པོ་བྱང་ལ་འབྱོན་སྐབས་སུ་དགྲ་ལྷའི་ཚེ་གོས་སྨུག་པོ་དང་། ཚེ་མདུད་རྡོ་རྗེའི་གོ་ཁྲབ་གཉིས་དང་ལྷན་དུ་གནང་བའི་ཕྱག་མདའ་འཕུར་ཤེས་ཐོག་ལྕེ་དེ་ཡིན་པས་སྤྲིངས་བྱུང་བ་ན། མེ་ལྕེ་སེར་རྒོད་གློག་གསུམ་གྱིས་གནམ་ས་ཁེབས། ཐེའུ་རང་ལྕགས་ནག་ཁམས་གསུམ་གྲོང་འཇོམས་དེ་བྱ་སྒྲོ་མེ་ཡིས་གཞོམ་པ་ལྟར་ཐལ་བ་ཙམ་དུ་བཟོས། རྒྱལ་པོ་གུར་དཀར་ཡང་ཁྲི་ཐོག་ནས་མགོ་མཇུག་བསྒྱུར་ཏེ་རེ་ཞིག་བརྒྱལ་བར་གྱུར་ཏོ། །ཞེས་ཞིབ་འབྲི་གསོན་ཉམས་ལྡན་པ་བགྱིས་ཡོད། རྨ་ཤེལ་བྲག་གཏེར་སྒོ་འབྱེད་པའི་སྐབས་སུ་བདུད་ཀྱི་བླ་འབྲོང་རྒོད་པས་མི་གསོད་རྟ་འགྱེད་ངན་པའི་བགེགས་སྐྱོན་བཟོད་མེད་བཟོས་པའི་དུས་དེར། གླིང་གི་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ་ཚ་ཞང་འདན་མ་བྱང་ཁྲའི་རལ་གྲི་ལྗང་པ་ཡུ་དམར་འོག་ཏུ་བཅུག་པའི་གཟུགས་བརྙན་ལེགས་པོ་བཞེངས་སྐྲུན་བྱས་འདུག ཡང་འཇང་གླིང་གཡུལ་འཁྲུག་གི་སྐབས་སུ། འཇིག་རྟེན་ཁམས་ན་ཡ་མེད་པའི་འཇང་མི་དུག་གསུམ་དེ་དཔའ་མི་འགྱུར་ཚ་ཞང་འདན་མའི་མདའ་མི་འགྱུར་གནམ་ལྕགས་ཐོག་མདས་བརྒྱབ་ནས་ལྔ་བའི་ལམ་དུ་དྲངས་པར་མ་ཟད། འཇང་ས་དམ་རྒྱལ་པོའི་བླ་ལྕགས་དུར་རུ་ཁམས་པ་ཟེར་བ་དེ་དུམ་གསུམ་དུ་བཅགས་ཏེ་མེད་པར་བཟོས་པ་རྣམས་ཞིབ་འབྲི་ཡིད་དབང་འཕྲོག་པ་བགྱིས་ཡོད། ད་དུང་གླིང་གི་དཔའ་རྟུལ་དང་བདུད་སྡེ་འདྲེ་སྲིན་གང་ཡིན་ཡང་། གཡུལ་འགྱེད་སྐབས་སུ་ཚེ་ལས་འདས་པ་ན་ཐམས་ཅད་ཀྱི་རྣམ་ཤེས་ཕྱི་མའི་ཡུལ་དུ་འགྲོ་བ་དང་། རང་རང་གིས་དགེ་སྡུག་སྤང་བླང་གི་ཁྱད་པར་ལྟར་དུ་རིགས་དྲུག་གི་འཁོར་བའི་ནང་དུ་སླར་ཡང་སྐྱེ་བ་ལེན་པའི་ཆོས་གཞུང་བརྗོད་པ་མ་ཟད། གླིང་རྗེ་གེ་སར་རྒྱལ་པོས་དགྲ་སྡེ་རྣམས་རྨེག་མེད་བཟོས་རྗེས། དེ་མ་ཐག་དཀར་པོ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ནག་པོ་བདུད་ཡུལ་ཐམས་ཅད་ཀྱང་དཀར་ཕྱོགས་ཆོས་ལ་བསྒྱུར་ཏེ། ཤི་བོ་དུང་ཕྱུར་ཐམས་ཅད་ཀྱི་རྣམ་ཤེས་དག་པའི་ཞིང་ལ་འདྲེན་པ་སོགས་གསལ་བོར་ཞིབ་འབྲི་བྱས་ཡོད། དེ་བས་སྒྲུང་དཔེ་ལས་གེ་སར་རྒྱལ་པོ་མཆོག་ནི་སྔ་དྲོ་དགྲ་བོ་གསོད་པའི་ལག་དམར་དང་ཕྱི་དྲོ་རྣམ་ཤེས་འདྲེན་པའི་བླ་མ་ལགས་ཞེས་སྡོམ་ཚིག་བཞག་པ་ཡང་དོན་ལ་མཐུན་པ་རེད། བོད་གནའ་རབས་མི་དམངས་ཀྱི་རྣམ་ཤེས་ཀྱི་འདུ་ཤེས་འཛིན་སྟངས་འདི་འདྲའི་གཟུགས་བརྙན་གསལ་བོ་ཞིག་ཞིབ་འབྲི་བྱས་འདུག་པ་གཞན་གྱི་རྩོམ་རིག་གི་བརྩམས་ཆོས་གང་ལས་ཀྱང་མཐོང་རྒྱུ་དཀོན་པས། འདིར་ཤིན་ཏུ་མཐོ་བའི་ངོས་ཟིན་གྱི་རིན་ཐང་དང་རྩོམ་རིག་གི་རིན་ཐང་མཆིས་པ་རེད།
བདུན་པ། དུད་འགྲོ་སྲོག་ཆགས་བཅས་ཀྱིས་མི་དོན་སྒྲུབ་པའི་གཟུགས་བརྙན་སོགས་ཞིབ་འབྲིའི་སྐོར་བཤད་པ།
གེ་སར་རྒྱལ་པོའི་སྒྲུང་ནང་དུ་གོང་མ་ལྷ་དང་དུད་འགྲོ་རྟ་འདབ་ཆགས་བྱ་བཅས་ཀྱིས་མི་སྐད་སྨྲ་ཤེས་ཤིང་མི་དོན་སྒྲུབ་པ་མ་ཟད། ཉག་ཕྲག་མདའ་དང་གནམ་རུ་གཞུ་ཡིན་ཡང་མི་སྐད་སྨྲ་ཤེས་ཤིང་མི་དོན་སྒྲུབ་པའི་གཟུགས་བརྙན་བཞེངས་སྐྲུན་གསོན་ཉམས་ལྡན་པ་བགྱིས་ཡོད། ད་དུང་ཁོ་ཚོའི་ཤུགས་ལ་བརྟེན་ནས་འཕྲིན་གསར་ཕར་ཚུར་བསྐྱལ་བ་དང་ལས་དོན་སྒྲུབ་པ་ཡང་རྒྱུན་ཏུ་མཐོང་ཐུབ། དཔེར་ན། «ཧོར་གླིང་གཡུལ་འགྱེད»ལས། གུར་དཀར་རྒྱལ་པོ་ལ་བཙུན་མོ་འཚོལ་བའི་བློ་བསྡུར། དེ་ཡང་བསོས་བྱ་མི་སྐད་སྨྲ་ཤེས་པ་རྒྱ་བྱ། རྨ་བྱ། ནེ་ཙོ། ཁྭ་ཏ་བཅས་བཞི་ཡོད་པ་དེ་དག་དོན་གལ་པོ་ཆེར་མངགས་ཏེ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག རྒྱ་འཇང་མོན་གསུམ། ལི་བལ་ཁ་ཆེ་གསུམ་སོགས་ཐམས་ཅད་དུ་བཙུན་མོ་ཉན་པ་ཡོད་མིན་བལྟ་བར་བཏང་སྟེ། བྱ་བཞི་བོ་ས་ཁད་གསུམ་ཙམ་ལ་སླེབས་དུས། ནེ་ཙོས་སྨྲས་པ། རྒྱ་བ་རྒྱ་ཡི་ཡུལ་དུ་སོང་རྨ་བྱ་རྨ་ཤོད་ཡུལ་དུ་སོང་། ང་ནེ་ཙོ་ལྷོ་མོན་རོང་དུ་འགྲོ། ཁྭ་ཏ་ནག་བཙོག་གར་བདེ་གར་སྐྱིད་ཡུལ་ལ་སོང་། ཞེས་བྲིས་འདུག་པར་དཔྱད་ན་མི་སྐད་ཤེས་པའི་བྱ་བཞི་འདིས་མི་སྐད་གསལ་ཞིང་དག་པ་སྨྲ་ཤེས་པ་མ་ཟད། རྒྱལ་པོར་བཙུན་མོ་འཚོལ་བའི་ལས་འགན་ཡང་ཕྲག་ཏུ་བླངས་ཡོད། འདིར་བྱ་རིགས་ཀྱི་སེམས་ཁམས་དང་ཁྱད་ཆོས་སོགས་ཞིབ་འབྲི་ལེགས་པོ་བྱས་འདུག གླིང་གི་འབྲུག་མོ་ཧོར་གྱིས་འཕྲོག་པ་ཡང་ཁྭ་ཏ་ནག་བཙོག་གིས་གསང་མྱུལ་བྱས་པའི་གཏམ་ལ་བརྟེན་ནས་འཕྲོག་པ་ཡིན། དུད་འགྲོ་རྟ་ཡིས་མི་སྐད་སྨྲ་ཤེས་པ་དེ་ཡང་། དཔེར་ན«ཧོར་གླིང་གཡུལ་འགྱེད»ལས། འདན་མས་མདའ་གཅིག་བརྒྱབ་པས་སྡིག་གཅོད་ཤན་པའི་མགོ་ཀ་ལི་ལག་མཐིལ་ཙམ་ཞིག་རྒྱ་མཐོངས་ཁ་ཕྱེ་འདྲ་གཅིག་བྱས། དེར་ཤན་པ་འགྱེལ་ནས་ཡོད་པའི་སྤྱི་གཙུག་རྨ་ཁུང་ནས་བལྟས་པས་ཀླད་པ་ཐོལ་ཐོལ་བྱེད་དོ། །ལྕག་ཚན་གྱི་ཡུ་བས་དཀྲུགས་ནས་གསོད་སྙམ་མ་ཐག་ཏུ། རྟ་འདོ་བ་དངོས་གྲུབ་ལྡེམ་པ་ན་རེ། ཚ་ཞང་འདན་མ་བྱང་ཁྲ་ལགས། སྡིག་གཅོད་ཤན་པ་རྨེ་རུ་རྩེ་འདི་སྟེང་མ་ལྷ་ཡི་ཡུལ་ནས་སྐུ་རྗེ་སེང་ཆེན་རྒྱལ་པོ་དང་ལས་སྨོན་འབྲེལ་བའི་སྐུ་མཆེད་ཡིན། ཤན་པ་རྨེ་རུ་འདི་ཧོར་གླིང་གཉིས་མིག་གཡས་གཡོན་དང་འདྲ་བ་བྱེད་མི་ཡིན་པས་བསད་ན་ནོར་བུ་དགྲ་འདུལ་གྱིས་གསུང་ཅི་འབྱོན་མི་ཤེས་པས་སྐྱུར་ཞོག་ཟེར་རོ། །ཞེས་བྲིས་པ་ལས་འདན་མས་ལྕག་ཚན་གྱིས་ཀླད་པ་དཀྲུགས་བསམ་པའི་སྐབས་དེར། རྟས་མི་སྐད་སྨྲ་ནས་བཀག་པ་མ་ཟད། གེ་སར་རྒྱལ་པོ་དང་ཤན་པ་གཉིས་སྟེང་མ་ལྷ་ཡུལ་ཁམས་སུ་སྐུ་མཆེད་ཀྱི་འབྲེལ་བ་ཡོད་པའི་ལོ་རྒྱུས་བརྗོད་ཅིང་། ད་དུང་ཕྱི་མ་ཧོར་བདུད་འདུལ་བའི་སྐབས་ལ་ཕན་བདེ་བསྒྲུབ་པའི་དགོས་པ་ཡོད་པ་སོགས་བརྗོད་འདུག འདིར་མི་རྟ་གཉིས་ཀྱི་གཟུགས་བརྙན་བསམ་གྱིས་མི་ཁྱབ་པ་བཞེངས་སྐྲུན་གནང་འདུག ཉག་ཕྲན་མདའ་མོས་མི་སྐད་སྨྲ་བ་ཡང་སྒྲུང་དཔེའི་ཐོག་མཐའ་བར་གསུམ་དུ་མཐོང་ཐུབ། གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུ་གང་ཡིན་རུང་ཕ་རོལ་ཕས་རྒོལ་འདུལ་བའི་སྐབས་སུ་མདའ་འཕེན་པ་ན། མདའ་སྐུལ་གྱི་གླུ་ལེན་པ་དང་ཉག་ཕྲན་མདའ་ཡིན་ནའང་མདའ་འཕེན་མཁན་དེར་གླུ་ལན་འདེབས་པ་ལགས། དཔེར་ན། གེ་སར་རྒྱལ་པོས་བདུད་ཀླུ་བཙན་འདུལ་བའི་སྐབས་སུ་མདའ་སྐུལ་གྱི་གླུ་འདི་ལྟར་བླངས་འདུག གཞུ་ཡར་མཆོག་ཚངས་པ་དཀར་པོས་འཚོས། །མར་མཆོག་དུང་སྐྱོང་ཀླུ་ཡིས་འཚོས། །འཆང་གཟུང་གཉན་རྒྱལ་དམར་པོས་འཚོས། །མདེའུ་སྣེ་ཁྱབ་འཇུག་ཆེན་པོས་ཁྲིད། །ཐོག་འཐུག་གློག་གསུམ་རོལ་དུ་ཆས། །གློག་ཞགས་སེར་རྒོད་དཔུང་ལ་ཆས། །མདེའུ་སྣེ་བདུད་རྒན་སྟེང་དུ་དྲོངས། །ངས་ཅི་བསམ་གཅིག་ཏུ་འགྲུབ་པ་ན། །ཁོའི་དཔྲལ་བར་མདའ་འདི་ཐེབས་མཛོད་ཅིག །ཅེས་མདའ་སྐུལ་གྱི་གླུ་བླངས་འདུག་པ་ཞིབ་འབྲི་བྱས་ཡོད། ཡང«ཧོར་སེར་འགྱོད་པའི་མིག་ཆུ»ལས། གེ་སར་གྱི་མདའ་མོ་ཐོག་རྒོད་འཕུར་ཤེས་ཀྱིས་གླུ་འདི་ལྟར་བླངས་འདུག བུ་བཟང་བོའི་མཐེབ་རྩལ་མ་ཞན་ན། །ང་མདའ་མོའི་དཔའ་རྩལ་ཅི་ལ་ཞན། །ཧོར་སེར་བོ་འདུལ་བའི་སྟོབས་མེད་ན། །ང་ཐོག་རྒོད་འཕུར་ཤེས་ཅི་ལ་ཐོགས། །ཧོར་སེར་བོ་སྡེ་ཤོག་ཁྲི་མ་འབུམ། །ཁྲག་དམར་པོ་ཐུར་མས་དཀྲུག་དཀྲུག་བྱེད། །རྡོ་ཨབ་རྩེ་ལེབ་མོ་གནམ་ལ་འཕེན། །གནམ་ས་གཞི་ལང་རྡེབ་རྡེབ་བྱེད། །དུས་བསྐལ་པའི་ཆགས་འཇིག་ངེས་པར་སྟོན། །ལས་དེ་འདྲ་མ་བྱས་མདའ་མོ་ང་། །རྟེན་ལྷ་མདའ་སུམ་ཅུའི་གླུད་ལ་རྫོངས། །ཞེས་མདའ་མོས་བླངས་པའི་གླུ་ལས། མདའ་མོ་རང་གི་རྩལ་དང་ནུས་པ་ཐམས་ཅད་ཞིབ་མོར་བརྗོད་དེ། གེ་སར་རྒྱལ་པོ་ཁོང་ལ་བློ་ཁེལ་ཆོག་པའི་གླུ་ལན་བཏབ་པ་རེད། གཞན་ཡང་ལྷ་ཀླུ་གཉན་གསུམ་ཡིན་ཡང་མི་སྐད་སྨྲ་པའི་ནང་དོན་ཡང་ཤིན་ཏུ་མང་། ཁྱད་པར་དུ་སྨན་ཨ་ནེ་གོང་མ་རྒྱལ་མོར་མཚོན་ན། ཕལ་ཆེར་སྒྲུང་གི་མགོ་མཇུག་བར་གསུམ་དུ་གླུ་ལེན་པའི་ཚུལ་ལ་བརྟེན་ནས་མི་སྐད་སྨྲ་བ་ལགས།
བརྒྱད་པ། མོ་བའི་གཟུགས་བརྙན་ཞིབ་འབྲིའི་སྐོར་བཤད་པ།
གླིང་སྒྲུང་ལས་མོ་བ་ལྷ་བྱ་རྩིས་པ་ནང་ནས་རྒྱུན་དུ་མཐོང་བ་ནི་མོ་བ་ཡིན། མོ་བ་འདི་ཁྲ་མོ་གླིང་ལ་ཡོད་པ་མ་ཟད། སེར་པོ་ཧོར་དང་ཁ་ཤ་མོན། མ་རུངས་བདུད་དང་སྨུག་པོ་འཇང་སོགས་ལ་ཡང་མོ་བ་ཡོད། རྒྱལ་ཕྲན་གང་དང་རྒྱལ་པོ་གང་བགེགས་དང་བར་ཆད་དག་ལ་ཐུག་ལ་ཉེ་བའི་སྐབས་སུ། ལམ་སང་མོ་བ་ཁྲིད་ཡོང་སྟེ་མོ་འདེབས་སུ་འཇུག་པའི་གོམས་སྲོལ་ཡོད། དཔེར་ན། སེར་བོ་ཧོར་དང་ཁྲ་མོ་གླིང་གཉིས་གཡུལ་འགྱེད་དྲག་པོ་བགྱིད་པའི་སྐབས་སུ། ཧོར་དམག་ལ་ཆག་གྲུམ་མང་པོ་བྱུང་རྗེས་ཧོར་གུར་དཀར་གྱིས་མོ་བ་དུང་མགོ་ཁྲིད་ཡོང་སྟེ། མོ་འདེབས་དགོས་པའི་རྒྱུ་མཚན་བཤད་པ་ན། མོ་མི་དགོས་བརྟག་པ་བཞག་པས་ཆོག་ཟེར་ཏེ། དེར་མདའ་དར་དཀར་ནག་ཁྲ་གསུམ་བཙུགས། ཕྱེ་མར་ཟས་ཕུད་བཤམས་ནས་ཡུད་ཅིག་བདར་བ་དང་བཅས་ཉལ་བསྡད་དོ། །གཉིད་དེ་ཐོག་སད་བྱས་ནས་ཧར་ལངས་པ་དང་མཉམ་དུ། མདའ་དར་ཁྲ་བོ་དང་ནག་པོ་གཉིས་འགྱེལ། དཀའ་པོ་དེ་ལངས་ནས་བསྡད་འདུག་པ་ལ། མོ་བས་འདི་ལྟར་གསུངས་པ། གཉིད་མར་ཉལ་རྨི་ལམ་འདི་འདྲ་བྱུང་། ཤར་ཁྲ་བོ་གླིང་གི་ཡིན་ཟེར་བའི། མི་འཐེང་ཁྱི་འཐེང་རྟ་འཐེང་གསུམ། འཐེང་གསུམ་ཧོར་ལ་བྱུང་བ་རྨིས། ཅོག་ལྷའི་དཔལ་མཁར་གཏོར་བ་རྨིས། འདོད་བའི་ཁྱུ་སྣེ་བཅད་པ་རྨིས། ཤན་པའི་ཀླད་ཕོར་བཀོག་པ་རྨིས། མཆེ་བ་ཁྲག་ལ་བཤན་པ་རྨིས། ཧོར་སྟོང་ཤོམ་འབུམ་ཐུབ་གཙོས་བྱས་པའི། མི་བརྒྱ་ཚོ་བཅུ་གཅིག་ཤོར་བ་རྨིས། ཞེས་བྲིས་འདུག་པ་ལ་བལྟས་ན་མོ་བ་དུང་མགོས་མོ་ཡིག་ལ་མ་བལྟས་པར། གཉིད་པ་ཙམ་གྱི་རྨི་ལམ་ལ་བརྟེན་ནས་བཤད་པའི་ནང་དོན་ཐམས་ཅད་མ་འོངས་པའི་ལུང་བསྟན་དུ་གྱུར་པ་ལས་གཞན། མ་འགྱངས་པར་འདན་མས་ཤན་པའི་ཀླད་པ་གཏོར་ནས་ཧོར་དམག་མི་ཉུང་བའི་སྲོག་ཤོར་པ་མངོན་སུམ་དུ་ཤར་བྱུང་བའི་སྐོར་ཞིབ་འབྲི་གསལ་བོ་བྱས་འདུག མོན་གྱི་ཐེའུ་རང་བླ་མ་རྐང་གཅིག་གིས་མོན་གྱི་ཤིང་ཁྲི་རྒྱལ་པོའི་བདེ་འཚམས་སུ་མོ་བཏབ་པ་འདི་ལྟ་སྟེ། ད་རེབ་མོ་བབས་འདི་འདྲ་འདུག དང་པོ་ཕོ་རོག་མགྲིན་ཁུར་བབས། གཏམ་སྙན་པོ་མི་ཡིས་བསླུ་བའི་མོ། གཡོ་ཆེན་པོ་ཁྱོད་མགོ་སྐོར་བའི་མོ། གཉིས་པ་ཤ་ཟན་སྤྱང་མོ་བབས། དགྲ་ས་ཡིན་པས་ངན་པར་འདུག མི་ཕྱུག་ཤ་དམར་ཀོ་རིམ་གྱིས། གཅན་གཟན་ཟས་ལ་ཚུད་པའི་མོ། གསུམ་པ་ཁུ་བྱུག་སྔོན་མོ་བབས། མོ་ཕྱྭ་ཡིན་པས་ཅུང་ཟད་ཞན། འབབ་ས་རྒྱ་ལྕང་མགོ་ལ་བྱེད། སྙན་མོ་སྐད་ཀྱི་གྲེ་འགྱུར་དེ། མི་ཡུལ་ལུང་ལ་གྲགས་པའི་མོ། བདུན་པ་སེང་གེ་དཀར་མོར་བབས། འཐབ་ཕྱྭ་ཡིན་པས་བཟང་བར་འདུག སེང་གཡུ་རལ་རྒྱས་ནས་དགྲ་བཞི་ཐུལ། གཅན་གཟན་ཀུན་གྱི་གཙོ་བོར་འགྱུར། བཟང་ངན་མོ་འབབ་དེ་འདྲ་འདུག ཅེས་བྲིས་འདུག་པར་དཔྱད་པ་བཏང་ན་མོན་རྒྱལ་པོའི་མོ་བ་བླ་མ་རྐང་གཅིག་གིས་བཏབ་པའི་མོ་ལས་གསལ་བོར་བསྟན་པ་སྟེ། སེང་ཆེན་རྒྱལ་པོས་ཕྱོགས་བཞི་དགྲ་བཞི་འདུལ་རྒྱུའི་དོན་ཕལ་ཆེར་ཁ་གསལ་ཡོད་པ་རེད། འདིར་མོ་བའི་མངོན་ཤེས་དང་གཟུགས་བརྙན་དག་ཞིབ་འབྲི་ལེགས་པོ་བགྱིས་འདུག གེ་སར་རྒྱལ་པོས་བདུད་ཀླུ་བཙུན་འདུལ་པའི་གྲ་སྒྲིག་བགྱི་པའི་སྐབས་སུ། བདུད་རྒན་གྱིས་མོ་བཏབ་པ་འདི་ལྟར། དེ་ནས་བདུད་ཀླུ་བཙན་གྱིས་མོ་ཡིག་གསལ་བའི་མེ་ལོང་དང་བཅུ་ཐིག་མངོན་ཤེས་སྒྲོན་མ་ལ་བལྟས་རྗེས་མོ་ཚིག་བརྗོད་པ་འདི་ལྟ་སྟེ། དྲང་སྲོང་རིག་པའི་ཡེ་ཤེས་བཅོམ་ལྡན་འདས། གཤེན་རབ་བོན་དང་གཡུང་དྲུང་མཐོང་གསལ་གྱིས།རྣོ་མཐོང་རིག་པའི་ལྷ་ཡི་བྱིན་རླབས་ཕོབས། ང་ཡིས་བརྟག་བའི་དོན་ཀུན་གསལ་བོར་སྟོན། ཞེས་བཅུ་ཐིག་ལན་གསུམ་བཏབ་པས། མོ་ཚིག་དང་པོ་ལ་གེ་སར་ཁོ་ང་ལ་ཁ་གཏད་ནས་འདུག ཨ་ཁ་ཅི་ཟེར། མོ་ཚིག་གཉིས་པ་ལ་ཁོ་ཐང་ཆེན་པོ་ཞིག་གིས་ཆོད་ནས་འདུག མཚོ་ཆེན་པོ་ཞིག་གིས་ཆོད་ནས་འདུག ལ་དགུ་ལུང་དགུས་ཆོད་ནས་འདུག མོ་ཚིག་གསུམ་པ་ལ་བྱ་སྣ་ཚོགས་ཀྱིས་བཀང་འདུག ཁོ་ཤི་ནས་རུས་པ་ལ་རྩྭ་ཤིང་སྐྱེས་ཡོད་པ་འདྲ་བ་འདུག་གོ །ཞེས་མོ་ལ་བབས་པའི་དོན་གྱིས་གེ་སར་རྒྱལ་པོ་ཁོའི་ཁ་གཏད་འདུག་པ་ཁེད་ཡོད་ཀྱང་བདུད་རྒན་གྱིས་ཞིབ་ཏུ་བརྟག་པར་རྒྱ་ཡན་དུ་བཏང་ནས་ཉལ་ནས་བསྡད་དོ། །འདི་ཕྱོགས་ཀྱི་སྐོར་ལ་གླིང་སྒྲུང་ནང་དུ་ཞིབ་འབྲི་བྱས་པ་མང་པས་རེ་རེ་དཔེར་དྲངས་ནས་བརྗོད་པའི་དགོས་པ་མེད་པར་སྙམ་ནས་སྨྱུག་རྩེ་རེ་ཞིག་མཚམས་བཞག་གོ །
དགུ་པ། མཇུག་བསྡུ་བའི་གཏམ།
རྩོམ་རིག་གང་དང་གང་ཡིན་རུང་དངོས་ཡོད་འཚོ་བའི་མཚོན་བྱེད་ཡིན་པ་ལྟར། གོང་སྨྲས་ཀྱི་དོན་ཚན་བརྒྱད་ཀྱི་ཕྱོགས་ནས་བརྟག་ན་གླིང་སྒྲུང་གི་མི་སྣ་བཞེངས་སྐྲུན་ལས་གསལ་བོ་མཐོང་ཐུབ་པ་སྟེ། དུས་སྐབས་ཤིག་གི་མི་རྣམས་ཀྱི་ཕྱིའི་གཟུགས་རིས་དང་ནང་གི་སེམས་ཁམས་ཀྱང་མཚོན་ཡོད་ལ། སྤྱི་ཚོགས་ཀྱི་དངོས་ཡོད་ལོ་རྒྱུས་ཀྱང་གསལ་བོར་མཚོན་ཡོད། དེ་བས་སྒྲུང་དཔེ་ནང་གི་མི་སྣ་བཞེངས་སྐྲུན་གྱི་སྐོར་ལ་ཞིབ་འཇུག་གནང་རྒྱུ་དེ་གླིང་སྒྲུང་འབའ་ཞིག་གི་དགེ་དབང་ཙམ་མིན་པར་གཙོ་བོ་ཕྱིས་སུ་ངེད་ཅག་གི་དེང་རབས་རྩོམ་རིག་འདི་སྔར་ལས་འཕེལ་རྒྱས་གཏོང་པར་ཕན་ནུས་བླ་ལྷག་མཆིས་པའི་ཆེད་ཀྱང་ལགས་སོ།། ད་དུང་གོང་གསལ་གྱི་མི་སྣའི་གཟུགས་བརྙན་བཞེངས་སྐྲུན་དང་འབྲེལ་བ་དམ་པོ་མཆིས་པའི་ལྷ་ཀླུ་གཉན་གསུམ་གྱི་དཔེ་མཚོན་གཟུགས་བརྙན། ལྟ་ན་སྡུག་པའི་ཡུལ་ལྗོངས་ཀྱི་ཞིབ་འབྲི་ལ་སོགས་ཞིབ་ཏུ་བརྗོད་ན་མང་པར་འདོད་ནས་རེ་ཞིག་མཚམས་བཞག་གོ །ཕྱིས་སུ་འདི་ཕྱོགས་ལ་སྤྲོ་བ་ཅན་མང་པོ་མཆིས་ན་ཁོ་བོས་ཅུང་རྒྱས་པར་ངོ་སྤྲོད་བགྱིས་ཆོག སྤྱིར་ན་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་མི་སྣ་ཞིབ་འབྲིའི་སྐོར་ནི་མུ་མཐའ་མེད་པའི་ཆུ་གཏེར་ཡངས་པ་ཞིག་དང་མཚུངས་པར་རྒྱ་ཆེ་ཞིང་གཏིང་ཟབ་པས་ན། དེ་དག་གི་ངོ་མཚར་བའི་གཟུགས་བརྙན་གྱི་ཁྱད་ཆོས་ཀྱང་ཆ་ཚང་ཞིང་དོན་ཟབ་པ་ཞིག་བརྗོད་དཀའ་མོད། ཡིན་ནའང་ཕྱིས་སུ་ངེད་ཅག་ཐམས་ཅད་ཀྱིས་རིག་པའི་ནུས་ཤུགས་ཡོད་ཚད་བཀོལ་ནས་རིན་པོ་ཆེ་ལྟ་བུའི་དཔྱད་གཏམ་སྣ་ཚོགས་སྤེལ་ན། སླད་ཆར་རང་རེའི་བོད་གངས་ཅན་གྱི་རྩོམ་རིག་སྒྱུ་རྩལ་འཕེལ་རྒྱས་དང་རྒྱུད་འཛིན་གྱི་ཐད་ལ་ཕན་འབྲས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བ་ཞིག་ཐོན་ངེས་སོ། །
དཔྱད་གཞིའི་ཡིག་ཆ།
① «བོད་མིའུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ» བཀྲ་ཤིས་རྒྱ་མཚོ་དང་ཐེག་མཆོག་རྔོ་རྗེས་བརྩམས། 1992ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
② «བདུད་འདུལ» 1980ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
③ «གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས» དམུ་དགེ་བསམ་གཏན་གྱིས་བརྩམས། «གེ་སར་ཞིབ་འཇུག»བསྡུས་དེབ་དྲུག་པ། 2003ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
④ «འཁྲུངས་གླིང་མེ་ཏོག་ར་བ» 1980ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
⑤ «མདོ་སྨད་ཆོས་འབྱུང» བྲག་དཀོན་པས་བརྩམས། 1982ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
⑥ «ངོར་གླིང་གཡུལ་འགྱེད» (སྟོད་སྨད་ཆ) མཚོ་སྔོན་དམངས་ཁྲོད་ཞིབ་འཇུག་ཚོགས་པས་བསྒྲིགས། 1962ལོ་དང1980ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
⑦ «བྱང་ཀླུ་བཙན་རྒྱལ་པོ་འདུལ་བ» གྲགས་པས་བཤད། 1997ལོར་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
⑧ «བོད་ཀྱི་རྩོམ་རིག་ལོ་རྒྱུས» (དེབ་གཉིས་པ) གཅོད་པ་དོན་གྲུབ་དང་རྣམ་སྲས་ཀྱིས་བརྩམས། 2009ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན།
⑨ «རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ» བྱང་ཆུབ་རྒྱལ་མཚན་གྱིས་བརྩམས། 1986ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན།
⑩ «བོད་ཡུལ་གྱི་གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་རྣམ་བཤད་རབ་གསལ་མེ་ལོང» གཅོད་པ་དོན་གྲུབ་ཀྱིས་བརྩམས། 2010ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན།

འབྲེལ་ཡོད་འོས་སྦྱོར།