logo

༄༅།།མིའི་རིགས་ཕལ་ཆེར་ཤར་ལྷོའི་ལམ་ཐིག་བརྒྱུད་ནས་མདོ་དབུས་མཐོ་སྒང་ལ་ཐོན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2021-03-17 ཀློག་གྲངས།:

མདོ་དབུས་མཐོ་སྒང་། པར་རིས་པའེ་ཏུའུ་པའེ་ཁི་ལས་དྲངས།

      ཡི་གེ་མ་བྱུང་བའི་གོང་གི་དུས་སྐབས་སུ། མདོ་དབུས་མཐོ་སྒང་འདི་རུ་མི་ཚོགས་གང་དག་ཅིག་ཐོན་ནས་འཚོ་སྡོད་བྱས་མྱོང་ངམ་ཞེས་པའི་དོགས་གཞི་ལ། རྒྱལ་ཁབ་མང་པོའི་ཚན་རིག་པ་དང་གནའ་རྫས་རྟོག་ཞིབ་མཁན་གྱིས་ལན་ཁ་གསལ་པོ་ཞིག་འཚོལ་བཞིན་ཡོད།
      མིའི་རིགས་ཇི་ལྟར་མདོ་དབུས་མཐོ་སྒང་གི་འཚོ་གནས་ཁོར་ཡུག་འདི་ལ་རིམ་པར་འཕྲོད་པ་ཡིན་ནམ།
      
2017ལོར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ཧོའུ་ཀོང་ལིང་གིས་སྣེ་ཁྲིད་པའི་ཞིབ་འཇུག་ཚོགས་པ་ཡིས《མདོ་དབུས་མཐོ་སྒང་གི་ཡོངས་གསར་དུས་རབས(全新世)ཀྱི་མིའི་རིགས་འགུལ་སྐྱོད་ཀྱིས་ཁོར་ཡུག་འགྱུར་ལྡོག་དང་ལེན་བྱེད་པ》ཞེས་པའི་ལས་གཞི་རེ་ཞུ་བྱས་ཏེ་མདོ་དབུས་མཐོ་སྒང་འདི་ལྟ་བུའི་འཚོ་གནས་ཆ་རྐྱེན་ཧ་ཅང་ཞན་པའི་ཡུལ་གྱི་ཁོར་ཡུག་འགྱུར་ལྡོག་དང་མིའི་རིགས་ཀྱི་འཚོ་གནས་ཁྱབ་ཁོངས། འཚོ་སྡོད་བྱེད་སྟངས་བཅས་ལ་འབྲེལ་བ་དམ་ཟབ་གང་འདྲ་ཡོད་ཚུལ་གསལ་སྟོན་བྱས་པ་རེད།

གཙང་གསུམ་འབྱུང་ཡུལ་ཁུལ་གྱི་འབྲི་ཆུའི་འགག་དང་པོ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས། 

      སྔོན་ཆད་ཀྱི་ཞིབ་འཇུག་པས་འབྲི་ཆུའི་སྟོད་ཕྱོགས་ཀྱི་འབྲི་སྟོད་རྫོང་ཁོངས་ནས་ད་ལྟའི་བར་དུ་ལོ་ངོ་8000ཡས་མས་འདུག་པའི་ཚ་ཞང་སྒ་ཐོག་རྡོ་ཆས་འཇམ་རིགས་ཀྱི་རྗེས་ཤུལ་རྙེད་ཡོད་ན། འབྲི་ཆུའི་ས་བབ་དམའ་ས་དང་མིའི་རིགས་འཚོ་སྡོད་ལ་འཚམ་པའི་ས་ཆ་སྟེ་ཡུལ་ཤུལ་དང་ཁྲི་འདུ་རྫོང་གི་བར་མཚམས་སུ། སྔ་དུས་ཀྱི་མིའི་རིགས་ཀྱི་རྗེས་ཤུལ་རྙེད་མི་སྲིད་པ་མ་རེད།
      མིག་སྔར། རིག་གཞུང་སྡེ་ཡི་ལྟ་ཚུལ་གཙོ་བོ་ལ་མིའི་རིགས་ནི་མདོ་དབུས་མཐོ་སྒང་གི་ཕྱི་རོལ་གྱི་བྱང་ཤར་རྒྱུད་ནས་མཆེད་དེ་མཐོ་སྒང་འདི་ལ་ཐོན་པར་འདོད། ལྟོས་བཅས་ཀྱིས་བཤད་ན། མདོ་དབུས་མཐོ་སྒང་གི་ཤར་ལྷོའི་རྒྱུད་ཀྱི་ཚན་ཞིབ་བྱ་བ་སྒྲུབ་ཤུགས་ཅུང་ཞན་ལ། རྡོ་ཆས་རྙིང་མའི་དུས་ཀྱི་གནའ་རྫས་གསར་རྙེད་ཀྱི་སྐོར་ཡང་ཧ་ཅང་ཉུང་བ་རེད། དེར་བརྟེན། དགེ་རྒན་ཆེ་མོ་ཧོའུ་ཀོང་ལིང་གི་ཞིབ་འཇུག་ཚོགས་པ་ཡིས་2018ལོ་དང་2019ལོའི་དབྱར་དུས་ལ། མདོ་དབུས་མཐོ་སྒང་གི་ལྟེ་བའི་ས་ཆ་གཙང་གསུམ་འབྱུང་ཡུལ་གྱི་འབྲི་ཆུའི་ཡུལ་ཤུལ་དང་ཁྲི་འདུ་ས་ཆའི་འབབ་རྒྱུད་ཀྱི་ངོགས་གཉིས་སུ་རྟོག་ཞིབ་འཐུས་ཚང་བ་ཞིག་བྱས་པ་རེད།

ཚ་ཞང་སྒ་ཐོག་རྡོ་ཆས་འཇམ་རིགས་ཀྱི་རྗེས་ཤུལ། པར་རིས་ཧོ་ཡན་ཧུང་གིས་འདོན་སྤྲོད་བྱས།

       གནའ་བོའི་རྡོ་ཉིང་དང་རྡོ་ལེབ་བཟོ་ལས་ཀྱི་དཔེ་མཚོན་རྙེད་པ།
      རྒྱུན་ལྡན་ཡིན་ན། མདོ་དབུས་མཐོ་སྒང་གི་རང་བྱུང་ཁོར་ཡུག་ཧ་ཅང་སྡུག་པས། མིའི་རིགས་ཀྱིས་མཐོ་སྒང་འདི་བདག་བཟུང་གི་ལོ་རྒྱུས་རིང་བོ་མིན་པ་རེད། ཡིན་ནའང་། མདོ་དབུས་མཐོ་སྒང་གི་ལྟེ་བའི་ས་ཁུལ་ནས་ལོ་རྒྱུས་སྔར་ལས་རིང་བའི་རྡོ་ཆས་ཀྱི་རྗེས་ཤུལ་རྙེད་ཅིང་། བསྡོམས་རྩིས་བྱས་པར་གཞིགས་ན། ཐག་མདའ་རྗེས་ཤུལ་གྱི་ས་ངོས་བང་རིམ་2ནས་4ཡི་ནང་ནས་རྡོ་ཆས་67རྙེད་པ་དང་། ཞེ་ཀེ་རྗེས་ཤུལ་གྱི་ས་ངོས་བང་རིམ་2པ་ནས་རྡོ་ཆས་43རྙེད་པ་རེད། རྗེས་ཤུལ་གཉིས་ནས་གསར་དུ་རྙེད་པའི་རྡོ་ཆས་རྣམས་ལ། རྡོ་ཆས་བཟོ་ལས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་སྟབས། དེ་གཉིས་ཀ་རྡོ་ཉིང་དང་རྡོ་ལེབ་རྡོ་ཆས་ཀྱི་བཟོ་ལས་ལ་གཏོགས་པ་རེད།
      མིག་སྔར། མདོ་དབུས་མཐོ་སྒང་གི་སྔ་དུས་ཀྱི་མིའི་རིགས་ཀྱི་ལོ་རྒྱུས་ལ་རྟོག་ཞིབ་བྱེད་པར་རྒྱུ་ཆ་ཆེས་མོད་པོ་ནི་སྔར་བཞིན་རྡོ་ཆས་ཀྱི་རིགས་ཡིན་པ་དང་། རྡོ་ཆས་ནི་མདོ་དབུས་མཐོ་སྒང་ནས་ཡུན་རིང་དུ་གནས་ཐུབ་ཅིང་། ས་འོག་ཏུ་མེད་ནའང་ལོ་ངོ་ཁྲི་ཕྲག་ལྷག་གམ་དེ་ལས་རིང་བོར་གནས་ཐུབ་སྟབས། སྔ་དུས་མིའི་རིགས་ཀྱི་རྐང་རྗེས་འཚོལ་བའི་ཕྱོགས་སྟོན་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཚ་ཞང་སྒ་ཐོག་རྡོ་ཆས་འཇམ་རིགས་ཀྱི་རྗེས་ཤུལ་ནས་རྙེད་པའི་རྡོ་ཆས། པར་རིས་ཧོ་ཡན་ཧུང་གིས་འདོན་སྤྲོད་བྱས།
      ཐག་མདའ་དང་ཞེ་ཀེ་རྗེས་ཤུལ་གཉིས་ཀྱི་རྡོ་ཉིང་དང་རྡོ་ལེབ་རྡོ་ཆས་བཟོ་ལས་ལ། རྡོ་ཆས་བཟོ་བའི་གནས་ཚུལ་གསལ་པོ་ཡོད་ནའང་རྡོ་ལོ་མ་འཇམ་རིགས་དང་རྡོ་ལོ་མའི་རིགས་ཀྱི་ལག་རྩལ་གཏན་ནས་མེད་པ་རེད། རྡོ་བཟོའི་གནས་ཚུལ་གསལ་པོ་ཡོད་པ་ལས། རྡོ་ཆས་ཐོན་སྐྱེད་པའི་ཐོབ་ཐང་དང་ལོ་རབས། འབྱུང་ཁུངས་བཅས་ཀྱི་གནད་དོན་ལ་རྗེས་འདེད་བྱེད་པར་སྟབས་བདེ་བཟོས་པར་མ་ཟད། ད་དུང་སྔ་དུས་ཀྱི་མིའི་རིགས་མདོ་དབུས་མཐོ་སྒང་དུ་ཐོན་པའི་དུས་ཚོད་དང་ལམ་ཐིག་ལའང་རྒྱུས་ལོན་བྱེད་བདེ་བར་བྱས་ཡོད།
      ཐག་མདའ་དང་ཞེ་ཀེ་རྗེས་ཤུལ་གྱི་རྡོ་ཆས་དང་འབྲི་ཆུའི་འགག་གསུམ་ས་ཁུལ་གྱི་རྗེས་ཤུལ།
      ད་ཡོད་གནའ་རྫས་རྟོག་ཞིབ་ཀྱི་རྒྱུ་ཆར་གཞིགས་ན། མདོ་དབུས་མཐོ་སྒང་གི་ཡོངས་གསར་དུས་རབས་སྐབས་ཀྱི་རྡོ་ཆས་བཟོ་ལས་ཚང་མར་རྡོ་ལོ་མ་འཇམ་རིགས་ཀྱི་ལས་བཟོའི་གྲུབ་ཆ་གང་འཚམ་ཞིག་འདུག་ལ། ཐག་མདའ་དང་ཞེ་ཀེ་རྗེས་ཤུལ་གྱི་རྡོ་ཉིང་དང་རྡོ་ལེབ་བཟོ་ལས་ཀྱི་སྐོར་ནས་མདོ་དབུས་མཐོ་སྒང་གི་ཡོངས་གསར་དུས་རབས་སྐབས་ཀྱི་རྗེས་ཤུལ་དུ་རྙེད་མེད་པས། རྗེས་ཤུལ་འདི་གཉིས་ཀྱི་ལོ་རབས་ནི་ཡོངས་གསར་དུས་རབས་ལས་ཀྱང་སྔ་བ་མཚོན།
ཡུལ་ཤུལ་རྫོང་ཐག་མདའ་སྡེ་བ་དང་ཐག་མདའ་རྗེས་ཤུལ། པར་རིས་མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་པར་མ་ལས་དྲངས།
      ཡིན་ནའང་། ཐག་མདའ་དང་ཞེ་ཀེ་རྗེས་ཤུལ་དང་འབྲི་ཆུའི་འགག་གསུམ་ས་ཁུལ་གྱི་རྗེས་ཤུལ་ནས་རྙེད་པའི་རྡོ་ཆས་བཟོ་ཚུལ་གཉིས་ལ་འདྲ་པོ་འདུག་པ་རེད། ས་ཁུལ་གཉིས་ཀའི་བར་ཐག་ལ་སྤྱི་ལེ་1000ཙམ་དང་ས་བབ་མཐོ་ཚད་ལ་སྨི་3000ཙམ་ཡོད་ཀྱང་། ཆུ་བོ་གཅིག་གི་བཞུར་རྒྱུད་ཀྱི་ས་ངོས་བང་རིམ་2ནས་4ཡིན་སྟབས། རྡོ་ཆས་གསར་སྤེལ་མཁན་གཉིས་ཀས་ལུང་གཞོང་ཡངས་པའི་ས་ཆ་སྤྱད་ཡོད། འདྲ་པོ་འདུག་པ་འདི་ཡིས་ཐག་མདའ་དང་ཞེ་ཀ་རྗེས་ཤུལ་གྱི་རྡོ་ཆས་ཐོན་སྐྱེད་མཁན་ནི་ཐད་ཀར་འབྲི་ཆུའི་འགག་གསུམ་ས་ཁུལ་ནས་ཡོང་བ་རེད་ཅེས་གཏན་འཁེལ་བྱས་མེད་ཅིང་། དེས་ང་ཚོ་ལ་ཐག་མདའ་དང་ཞེ་ཀེ་རྗེས་ཤུལ་གྱི་རྡོ་ཆས་ཐོན་སྐྱེད་མཁན་གྱི་འབྱུང་ཁུངས་དང་ལོ་རབས་འཚོལ་བར་ཁ་ཕྱོགས་བསྟན་ཡོད་པ་རེད།
ཕྱོགས་བསྡུས་རྟོག་ཞིབ་བྱས་མཐར། ཐག་མདའ་དང་ཞེ་ཀེ་རྗེས་ཤུལ་གྱི་རྡོ་ཆས་ཐོན་སྐྱེད་མཁན་འགུལ་སྐྱོད་ཀྱི་ལོ་རབས་ནི་ཕལ་ཆེར་གསར་སྒྱུར་དུས་རབས་མཇུག་(晚更新世 ཧ་ལམ་སྤྱི་ལོ་སྔོན་གྱི་ལོ་ཁྲི་12.8ནས་སྤྱི་ལོ་སྔོན་གྱི་ལོ་ཁྲི་1བར་ཡིན་པ།)གི་སྐབས་ཡིན་ལ། ཁོང་ཚོ་ཕལ་ཆེར་འབྲི་ཆུའི་བར་སྟོད་ས་ཁུལ་གྱི་ལུང་གཞོང་ནས་མདོ་དབུས་མཐོ་སྒང་དུ་མཆེད་པ་རེད།
ཡུལ་ཤུལ་རྫོང་ཐག་མདའ་སྡེ་བའི་མཁར་རྫོང་། པར་རིས་ཡུས་ཧྲུའུ་གསར་འགྱུར་དྲ་བ་ལས་དྲངས།
      ཨེ་ཤ་ཡ་ཤར་མའི་གདོད་གནས་མི་ཚོགས་ཀྱིས་མདོ་དབུས་མཐོ་སྒང་ལ་གསར་སྤེལ་བྱས་པའི་གོ་རིམ།
      སྔར་གྱི་རིག་གཞུང་སྡེ་ནས་མདོ་དབུས་མཐོ་སྒང་གི་སྔ་དུས་བདག་པོ་ནི་རྡོ་ལོ་མ་དང་རྡོ་ལོ་མ་འཇམ་རིགས་སྤྱོད་པའི་མི་ཚོགས་ཡིན་པ་དང་ཁོང་ཚོ་ནི་མཐོ་སྒང་འདིའི་ཕྱི་རོལ་གྱི་བྱང་ཤར་རྒྱུད་དང་བྱང་རྒྱུད་ནས་ཡོང་བར་འདོད་པ་རེད། ཡིན་ནའང་། ཐག་མདའ་དང་ཞེ་ཀེ་རྗེས་ཤུལ་གྱི་རྡོ་ཆས་ལ་ཞིབ་འཇུག་གཏིང་ཟབ་བྱས་ན། མདོ་དབུས་མཐོ་སྒང་གི་ཤར་ལྷོའི་རྒྱུད་ཀྱི་ལྟེ་བའི་ས་ཆའི་སྔ་དུས་བདག་པོ་ལ་ད་དུང་རྡོ་ཉིང་དང་རྡོ་ལེབ་བཟོ་ལས་བེད་སྤྱོད་ཀྱི་མི་ཚོགས་ཤིག་ཀྱང་ཡོད་ལ། དེ་ཚོ་ནི་གསར་སྒྱུར་དུས་རབས་མཇུག་གི་སྐབས་ལ་ཤར་ལྷོའི་ལམ་ཐིག་ནས་མདོ་དབུས་མཐོ་སྒང་ལ་བསླེབས་པ་རེད།
ཐག་མདའ་དང་ཞེ་ཀེ་མི་ཚོགས་ཀྱིས་སྤྱོད་པའི་རྡོ་ཉིང་དང་རྡོ་ལེབ་ལག་རྩལ་གྱིས་གསར་སྒྱུར་དུས་རབས་མཇུག་གི་སྐབས་ཀྱི་ཨེ་ཤ་ཡ་ཤར་མའི་འབྲི་ཆུའི་བཞུར་རྒྱུད་ཀྱི་ཆེས་ས་གནས་རང་བཞིན་གྱི་རྡོ་ཆས་བཟོ་ལས་ཀྱི་རྣམ་པ་མཚོན་ལ། དེས་ཨེ་ཤ་ཡ་ཤར་མའི་གདོད་གནས་མི་ཚོགས་ཀྱིས་མདོ་དབུས་མཐོ་སྒང་གི་སྔ་དུས་གསར་སྤེལ་གྱི་གོ་རིམ་གསལ་བར་བྱས་ཡོད།
འབྲི་ཆུའི་བཞུར་རྒྱུད་ནས་རྙེད་པའི་རྡོ་ཆས། པར་རིས་མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་པར་མ་ལས་དྲངས།
      རྡོ་ཉིང་དང་རྡོ་ལེབ་བཟོ་ལས་འདི་མདོ་དབུས་མཐོ་སྒང་གི་ས་བབ་མཐོ་ཚད་སྨི་3500ཡི་ཡན་གྱི་ས་བབ་འབྲིང་ཙམ་དང་མཐོ་བའི་ཁུལ་ལ་འཚམ་ཞིང་། ལག་རྩལ་འདི་ལ་མི་རྣམས་ཀྱི་བསམ་ཡུལ་ལས་འདས་པའི་སྐྱེ་ཁམས་འབྱུང་འཕྲོག་ནུས་པ་དྲག་པོ་ཞིག་ཡོད་པ་གསལ། ཐག་མདའ་དང་ཞེ་ཀེ་རྗེས་ཤུལ་གྱི་རྡོ་ཉིང་དང་རྡོ་ལེབ་ལག་རྩལ་གྱིས་ཀྱང་ཕལ་ཆེར་སྔར་གྱི་རིག་གཞུང་སྡེ་ནས་ཤེས་རྟོགས་མ་བྱུང་བའི་མདོ་དབུས་མཐོ་སྒང་གསར་སྤེལ་བྱེད་པའི་གནའ་བོའི་ཡི་གེ་མ་བྱུང་བའི་གོང་གི་མི་ཚོགས་མཚོན་པ་རེད།
འབྲེལ་ཡོད་འོས་སྦྱོར།