༄༅། །གཉལ་གྱི་མདའ་ནས་བྱ་ཡུལ་ཕོ་བྲང་ཡང་རྩེའི་རྗེས་ཤུལ་ལ་རྟོག་མྱུལ་ལན་གཉིས་བྱས་པ།
རྩོམ་པ་པོ།:རྒན་གོང་ཨོ་རྒྱན་རྡོ་རྗེ།
ཡོང་ཁུངས།:འོད་འཛིན་རྩོམ་སྟེགས།
དུས་ཚོད།:2022-11-29
ཀློག་གྲངས།:
2020ལོའི་ཟླ6པའི་ཚེས7ཉིན་ང་ཚོ་བཅར་འདྲི་ཚོ་ཆུང་གིས་མི་ངོ་ལྔས་ཙཱ་རི་དང་ཡུལ་སྨད་དུ་བཅར་འདྲི་བྱེད་པའི་བྱ་བ་མཇུག་སྒྲིལ་ཏེ་ཚེས8ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་པར་ཡུལ་སྨད་ནས་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཕྱོགས་སུ་བསྐྱོད། ལམ་བར་དུ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་སྡེ་འབྲུག་གསང་སྔགས་ཆོས་གླིང་དུ་དགོན་དེའི་ལོ་རྒྱུས་ཀྱི་སྐོར་ལ་བཅར་འདྲི་ཞུས་པ་དང་། ཞོར་དུ་ལྷོ་པ་རིགས་ཀྱི་གཞོན་སྐྱེས་སྙན་ངག་པ་ཅི་ཐར་རམ་བསོད་ནམས་ཚེ་རིང་སོགས་ཀྱི་སྣེ་ཁྲིད་འོག་མདོ་ཡུལ་གྱི་ཁྱིམ་མ་ཕུའི་ཁྱད་འཕགས་ཡུལ་ལྗོངས་ལ་མྱོང་རོལ་བྱས་པ་མ་ཟད། དེ་གར་ཡོད་པའི་རས་ཆུང་རྡོ་རྗེ་གྲགས་པའི་སྒྲུབ་གནས་བྱར་པོ་ནགས་ཀྱི་དགོན་ཤུལ་སོགས་ལའང་ལྟ་སྐོར་བྱས། དེ་ནས་དེ་གའི་ནགས་གསེབ་ཀྱི་སྤང་ཁ་ཞིག་ཏུ་ཇ་བསྐོལ་ཏེ་ཟ་མ་སྟབས་བདེ་ཞིག་ཟོས་རྗེས་མདོ་ཡུལ་ལྷོ་པ་མི་རིགས་ཤང་སྲིད་གཞུང་གནས་ཡུལ་གཏིང་འཇམ་དུ་བསྐྱོད་དེ་ཤང་དེའི་འབྲེལ་ཡོད་མི་སྣར་ལྷོ་པ་རིགས་ཀྱི་སྐོར་ལ་བཅར་འདྲི་དང་། ལྷོ་པའི་དམངས་སྲོལ་འགྲེམ་སྟོན་ཁང་ལ་ལྟ་སྐོར། ཡུལ་དེའི་དམིགས་བསལ་ཐོན་རྫས“བྱ་བསེ་རུ་ཇ”སོགས་ལ་ཤེས་རྟོགས་བྱས་ཏེ་ཕྱི་དྲོར་ལྷུན་རྩེ་རྫོང་གྲོང་དུ་བསྐྱོད་པའི་ལམ་དུ་ཞུགས།
རྫོང་གྲོང་དུ་བསྐྱོད་པའི་ལམ་བར་དུ་སྔར་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་དུས་སུ་བྱ་ཡུལ་ཁྲི་སྐོར་གྱི་ལྟེ་གནས་ཡིན་པའི་ཕོ་བྲང་ཡང་རྩེའི་རྗེས་ཤུལ་ལ་ལྟ་ཆོག་ཅིང་། ཁོང་རྣམ་པ་རྗེས་ཤུལ་དེ་མཐོང་མྱོང་མེད་པས་དུས་ཚོད་ཅུང་ཕྱིས་ནའང་རྗེས་ཤུལ་དེར་ལྟ་བར་སོང་། ང་ཚོས་ཕོ་བྲང་དེའི་རྗེས་ཤུལ་གྱི་ལྟག་རྒྱབ་ནས་འཛེགས་ཏེ་རླངས་འཁོར་སྒོ་ཕྱིར་བཞག་ཐོག་དེ་གའི་དོ་དམ་པར་ང་ཚོ་ཡོང་དོན་གསལ་བཤད་ཞུས་པ་དང་འབྲེལ་ཁོང་གི་རྗེས་འབྲངས་ནས་ཕོ་བྲང་དེའི་རྗེས་ཤུལ་ལ་ལྟ་སྐོར་བྱེད་བཞིན་ཁོང་ལ་ཕོ་བྲང་དེའི་ལོ་རྒྱུས་དང་། ཁྲི་དཔོན་རིམ་བྱུང་། དེ་སྔའི་དབང་སྒྱུར་གྱི་ས་ཁོངས་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པ་ཡིན། མ་གཞིར་ང་རང་གིས་ཕོ་བྲང་དེའི་ལོ་རྒྱུས་རགས་ཙམ་རྟོགས་མོད། སླར་བཀའ་འདྲི་ཞུ་བ་ནི་གང་གསལ་གང་རྒྱས་ཡོང་ཕྱིར་ལོས་ཡིན། འོན་ཀྱང་ཡིད་ཕངས་པ་ཞིག་ལ་ཁོང་ལ་བྱ་པ་ཁྲི་དཔོན་ཞེས་པ་དེ་སྟོབས་ཤུགས་ཆེན་པོ་ཡིན་ཚུལ་དང་། སྲས་གསུམ་ལ་དྭགས་པོ་སོགས་སུ་གཞིས་ཀ་མང་དུ་ཡོད་ཚུལ། སྲས་མོ་བཞི་ལའང་ཉེ་འཁོར་དུ་སྡེ་བཞི་པདྨ་གླིང་དང་། གདགས་ཕུན་ཚོགས་གླིང་། གན་དེ་འབུམ་པ་གླིང་། གཡུལ་རྒྱལ་ཚད་མ་གླིང་ཟེར་བའི་གཞིས་ཀ་རེ་ཡོད་ཚུལ་ཙམ་ལས་གཞན་བཤད་རྒྱུ་མེད་ཅིང་། བཤད་པ་ཡང་དེར་ཡོད་ལྷ་ཁང་གི་སྐོར་ཡིན་པས་དེས་ང་རང་གི་རེ་བ་མ་འགྲུབ།
ང་རང་གིས་ཕོ་བྲང་དེའི་ལོ་རྒྱུས་ཀྱི་ཡིག་ཆ་འདྲ་ཡོད་མེད་བཀའ་འདྲི་ཞུས་པ་ན་ཁོང་གིས་ཉེ་དུས་བྲིས་པ་ཡིན་འདྲ་བའི་ཤོག་ལྷེ་བྲིས་མ་ཞིག་མཁོ་འདོན་གནང་མོད་། དེའི་སྟེང་དུ་འཁོད་པ་ཡང་ཆེས་རགས་པས་ཕོ་བྲང་དེའི་ལོ་རྒྱུས་གསལ་མི་འགྱུར། དེ་ནི་ལོ་ཟླའི་འཐོར་རླུང་གིས་ཕོ་བྲང་དེའི་གདོང་རིས་ངོ་མ་དེ་སྔ་ས་ནས་སུབ་པས་ད་ལྟ་འདི་གར་འཚོ་བཞུགས་གནང་བའི་སྐྱེ་བོ་ཚོས་ཤེས་པ་ཡང་ཕལ་ཆེར་དེ་ཙམ་ཡིན་པ་འདྲ།
དྲང་པོར་བཤད་ན་ཕོ་བྲང་ཡང་རྩེ་ཞེས་པའི་མིང་དེ་ང་རང་གི་རྣ་བར་ཐོག་མར་ལྷུངས་པའི་དུས་ཚོད་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་དུས་འགོ་ཙམ་དུ་ཡིན། དེ་དུས་ང་རང་ལྷུན་རྩེ་རྫོང་སློབ་འབྲིང་དུ་དགེ་རྒན་གྱི་མིང་འཛིན་བཞིན་ཡོད་ཅིང་། ལྷུན་རྩེ་བ་ལ་ལས་ཕོ་བྲང་དེ་བརྗིད་ཉམས་ཆེ་ཚུལ་དང་། ཕོ་བྲང་གི་བདག་པོར“ཆོས་རྒྱལ་བྱ་པ”ཞེས་གྲགས་ཆེ་ཚུལ། དེའི་མིག་ནི་བྱ་མིག་དང་འདྲ་བར་འབྱེད་བཙུམ་བྱེད་དུས་མིག་ལྕིབས་འོག་མས་ཡར་འགེབས་ཚུལ་སོགས་ལྷ་སྒྲུང་དང་འདྲ་བ་མང་པོ་ཞིག་བཤད་འོང་། འོན་ཀྱང་དེ་དུས་ང་རང་ན་སོ་ཕྲ་རྐྱེན་ཕོ་བྲང་ཡང་རྩེ་དང་། མིག་ལྕིབས་འོག་མས་ཡར་འགེབས་པའི་ཆོས་རྒྱལ་བྱ་པ་སོགས་ཀྱི་སྐོར་གཉལ་གཞུང་གི་ཐལ་བའི་དཀྱིལ་དུ་འདོར་བར་ཐལ།
ད་ལྟ་ཆད་མེད་མདུན་དུ་འབབ་པའི་ལོ་ཟླའི་ཀླུང་ཆེན་གྱིས་བདས་ཏེ་ཆེས་མཐའ་མའི“འབབ་ཚུགས”སུ་སླེབས་ལ་ཉེ་དུས་ཐོས་པ་གསོག་པར་ཞེན་པས་ད་ཐེངས་ཙམ་མ་ཟད། 2011ལོར་ཡང་ལམ་ཞོར་དུ་གནས་འདིར་ལན་གཅིག་བཅར་ཏེ་ཕོ་བྲང་དེའི་སྐོར་ལ་ཤེས་རྟོགས་བྱས་པ་དང་འབྲེལ་ཡིག་ཚང་གསར་རྙིང་ནང་འཁོད་ཡོད་མེད་ལའང་དོ་སྣང་བྱས་པ་ཡིན། འོན་ཀྱང་སྟབས་ཉེས་པ་ཞིག་ལ་དེང་གི་ཆར་བོད་ཀྱི་ལོ་རྒྱུས་ཡིན་ཟེར་བའི་དེབ་རྒན་མང་པོ་ཆར་རྗེས་ཀྱི་ཤ་མོ་བཞིན་ཐོན་ཡོང་ནའང་རྒྱ་ཡིག་གི་ཐོག་ནས་བརྩམས་པའི་དཔེ་དེབ་ཆེས་ཉུང་ཤས་ཀྱི་ནང་རྟེན་འབྲེལ་མཚོན་བྱེད་ཙམ་འཁོད་པ་ཕུད། རང་རེའི་ཡིག་རིགས་ཀྱི་ཐོག་ནས་བརྩམས་པའི་དཔེ་གསར་ནང་སྔར་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་དུ་གྱུར་པའི་བྱ་ཡུལ་ཁྲི་སྐོར་གྱི་སྐོར་འཁོད་པ་ནི་སྐྱ་ཀའི་སོ་དང་མཚུངས་པས་ཡིད་ཕངས་ཀྱི་གནས་སུ་ལྷུངས།
དེ་ཡང་གནའ་བོའི་ཕོ་བྲང་དེའི་མིང་ལ“ཕོ་བྲང་ཡང་རྩེ”འམ“བྱ་ཡུལ་ཕོ་བྲང་ཡང་རྩེ”ཞེས་བྱ། དེ་ནི་སྔར་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་དུས་སུ་བྱ་ཡུལ་ཁྲི་སྐོར་གྱི་ཁྲི་དཔོན་བྱ་པ་ཞེས་པ་དེའི་ཕོ་བྲང་ཡིན། ཕོ་བྲང་དེ་ད་ལྟའི་ལྷུན་རྩེ་རྫོང་གཉལ་སྨད་ཤང་མི་དམངས་སྲིད་གཞུང་གནས་ཡུལ་གྱི་བྱང་ཤར་མཚམས་སུ་མཆིས་པའི་ཡང་རྩེ་ཞོལ་གྲོང་ཚོའི་ས་ཁོངས་སུ་གནས་ཡོད་པ་སྟེ། ལྷུན་རྩེ་རྫོང་གྲོང་ནས་ཕོ་བྲང་འདིའི་རྗེས་ཤུལ་བར་ལམ་ཐག་སྤྱི་ལེ27ཡོད་ཅིང་། གཉལ་སྨད་ནས་བྱ་ཡུལ་དང་མདོ་ཡུལ་གྱི་ཕྱོགས་སུ་བསྐྱོད་སའི་གཞུང་ལམ་ཉེ་འཁོར་གྱི་དེའུ་ཞིག་གི་སྟེང་དུ་ཆགས་ཡོད། རྒད་པོ་ཚོས་ཕོ་བྲང་ཆགས་སའི་དེའུ་དེར“རི་བོ་གླང་ཆེན་ཐུར་དུ་འབབ་འདྲ”ཟེར་ཡང་ང་རང་གིས་དེའུ་དེ་ཕག་པའི་ཟེ་འདྲ་བ་ཞིག་ཏུ་མཐོང་།
ཡུལ་འདི་ནི་གཡས་གཡོན་བྲག་རིས་བསྐོར་བའི་གྲོག་རོང་གུ་དོག་པོ་ཞིག་ཡིན་ཞིང་། གཡས་ནས་གཉལ་ཆུ་སྔོན་མོ་ལྷུང་ལྷུང་དུ་བཞུར་བ་དང་། གཡོན་ནས་གྲོག་ཆུ་དྭངས་མ་ཆལ་ཆིལ་དུ་འབབ། ཡུལ་འདི་དེ་སྔ་བྱ་ཡུལ་ཆུས་ཀྱི་ཁོངས་སུ་གཏོགས་ཀྱང་གཉལ་སྨད་དང་ལམ་ཐག་ཉེ་བས་དུས་ཕྱིས་གཉལ་སྨད་ཤང་གི་ཁོངས་སུ་བསྒྱུར་འདུག
ཕོ་བྲང་འདིའི་འབྱུང་ཚུལ་ཐད«དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས»ནང་རགས་ཙམ་འཁོད་པ་དང་། དེ་མིན2011ལོར་ང་རང་གནས་འདིར་ཐོག་མར་སླེབས་དུས་འདི་གའི་ཡུལ་མི་རྒན་པོ་འགར་བཀའ་འདྲི་ཞུས་པའི་ངག་རྒྱུན་ལྟར་ན། སྔར་ཡུལ་ཡར་ཀླུང་གི་སྨད། མ་ཡུལ་ལྗོངས་ཀྱི་འདབས་སུ་བྱའི་རྒྱལ་པོ་གཤོག་བཟང་དང་འདབ་བཟང་གི་རིགས་ལས་མཆེད་པ་གཅེན་བྱ་ཆོས་ཀྱི་ཀ་བ་དང་། གཅུང་ཐོད་པ་གཡུའི་སྨིན་མ་ཅན་གཉིས་མཆིས། གཅུང་ཐོད་པ་གཡུའི་སྨིན་མ་ཅན་ལ་སྲས་ཡོན་ཏན་མཆོག་དང་བྱ་ཤ་ཀ་གཉིས་བྱུང་བ་ལས་ཡོན་ཏན་མཆོག་གིས་འབྲིང་སྡེ་ལ་རབ་ཏུ་བྱུང་སྟེ་ཨེ་ནས་ཀློགས[1]དང་། བྱར་ནས་ཤར་མདའ།[2] དྭགས་པོ་ནས་གྲོམ་མདའ།[3] གཉལ་ནས་སྲིན་མོ་མིག[4]བཅས་བཟུང་། བྱ་ཤ་ཀ་ལ་སྲས་རྡོ་རྗེ་ལེགས་པ་དང་རྡོ་རྗེ་དབང་ཕྱུག་གཉིས་བྱུང་བ་ལ་དེ་གཉིས་ཀྱིས་ཕལ་ཆེར1080ལོའི་གཡས་གཡོན་དུ་གཉལ་ཕྱོགས་སུ་བསྐྱོད་དེ“རྒྱ་མཚོ་གྲོ་མཁར”རམ“རྒྱ་མཚོ་གྲོང་མཁར”ཕྱག་བཏབ་ནས་ཡུལ་དེ་དབང་དུ་བསྒྱུར།
སྐབས་དེའི་དབང་བསྒྱུར་གྱི་ས་ཁོངས་ནི་གཉལ་ཤོ་པོ་སོགས་ཡིན་ལ། དབང་སྒྱུར་གྱི་དུས་རབས་ནི་བོད་སིལ་བུའི་དུས་སུ་ཡིན་ཞིང་། ཐོག་མའི་དབང་སྒྱུར་གྱི་ལྟེ་གནས་ནི་ད་ལྟའི་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་ཤོ་པོ་ཤར་གྱི་ཞོལ་གྲོང་ཚོའི་ཁོངས་སུ་མཆིས་པའི་གྲོང་མཁར་ཆོས་སྡེ་ཆགས་ཡུལ་དུ་ཡིན། དབང་སྒྱུར་གྱི་ལྟེ་གནས་དེའི་མཚོན་རྟགས་སུ་གྱུར་པའི་གནའ་མཁར་མཐོན་པོ་ཞིག་དུས་ད་ལྟ་ཡང་གྲོང་མཁར་ཆོས་སྡེའི་ལྟག་རྒྱབ་ཏུ་གནའ་སྔ་མོ་ནས་བཞུད་ཟིན་པའི་ཁོ་རང་གི་ལོ་ཟླར་རྒྱང་ལྟ་བྱེད་པ་ལྟར་ཀྲོང་ངེར་འགྱིངས་ནས་ཡོད།
ཧ་ལམ་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་འགོ་ཙམ་དུ་བྱ་རྡོ་རྗེ་དབང་ཕྱུག་ལ་སྲས་བྱ་ནག་ཆེན་པོ་རིན་ཆེན་འོད་འཁྲུངས། འདི་པ་ནར་སོན་རྗེས་ཆོས་སྲིད་གཉིས་ཀའི་བྱ་བར་ཞུགས་ཏེ་ཆོས་ཕྱོགས་ནས་ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་དང་། རྒྱལ་བ་ཐོག་རྡུགས་པ། སྐྱོ་འོད་འབྱུང་། འཇད་རྟ་མིག་པ་སོགས་མཁས་པ་མང་པོ་བསྟེན་ནས་ཐོས་བསམ་སྒོམ་གསུམ་ལྷུར་ལེན་མཛད། ཁྱད་པར་དུ་སྤུ་གྲི་སྐོར་གསུམ་སོགས་ཡི་དམ་ཆོས་སྐྱོང་ལ་རྩལ་དུ་ཐོན། འདི་པས1141ལོར་ད་ལྟའི་ལྷུན་རྩེ་རྫོང་གཉལ་སྨད་ཤང་གི་བྱང་ཤར་དུ་མཆིས་པའི་ཡང་རྩེ་གཙུག་ལག་ཁང་ཐོག་མར་ཕྱག་བཏབ།
བཤད་སྲོལ་ལ་ཡང་རྩེ་གཙུག་ལག་ཁང་ཕྱག་འདེབས་སྐབས་བོངས་ཚོད་ཤིན་ཏུ་ཆེ་བའི་སྟག་དང་། སྤྲེའུ། ཤོ་མོང་གསུམ་གྱི་ཆོ་འཕྲུལ་བྱུང་བས་སྟག་དང་ཤོ་མོང་གཉིས་བསད། སྤྲེའུ་དེ་གསོད་ཐུབ་ན་དབུས་གཙང་སྤྱི་དང་། ཁྱད་པར་ལྷོ་རྒྱུད་ཀྱི་མི་བདེ་བའི་རྩ་བ་ཞི་བ་ཞིག་འོང་རྒྱུ་ཡིན་ཡང་དེ་ཤོར་ཅིང་ཕྱིས་སུ་སྐུ་རབ་ཏུ་བྱུང་སྐད། དེའི་སྨོན་ལམ་གྱི་མཐུས་ཕོ་བྲང་ཡང་རྩེར་དམག་ལྷགས་པར་གྲགས། སྟག་དང་ཤོ་མོང་གཉིས་བསད་པའི་སོབ་སྐབས་དེའི་ཡང་རྩེའི་ལྷ་ཁང་དཀར་པོའི་ནང་དུ་ཡོད་པར་བཤད།
བྱ་ནག་ཆེན་པོ་རིན་ཆེན་འོད་ཀྱིས་སྔ་རྗེས་སུ་གཉལ་དུ་ཆོས་གྲྭ་གྲོང་མཁར་དང་། ཨེ་རུ་སེ་པོ།[5] དྭགས་སུ་ནགས་མོ་ཤོད། བྱར་དུ་རྒྱ་མཚོ་བླུག་གང་སྟེ། ཆོས་ཀྱི་སྡེ་བཞི་བཟུང་སྟེ་ཚོགས་པ་བསྐྱངས་པ་ལ་སློབ་མ་གྲགས་ཆེ་བ་བྱར་སྨད་དུ་ཚལ་སྒོམ་ཆོས་ལ་དགའ་དང་། ལོ་རོར་རབ་དགའ་བ་ཆེན་པོ། དྭགས་པོར་བ་ཚོ་རས་པ། གཙང་དུ་འུ་ཡུག་པ་ཆེན་པོ་བཅས་ཆོས་ཀྱི་བུ་བཞི་བྱོན། བྱ་ནག་ཆེན་པོ་རིན་ཆེན་འོད་ཀྱི་སྲས་བྱ་ཇོ་སྲས་ཀྱིས1160ལོར་གཉལ་སྨད་དུ་ཟངས་པོ་ཆེ[6]ཞེས་པའི་བཙུན་དགོན་ཞིག་ཕྱག་བཏབ། དེ་རྗེས་དགོན་དེ་གྲུ་གུ་བསོད་ནམས་སེང་གེར་ཕུལ་ཏེ་བཙུན་མ་རྣམས་དེ་དང་ཉེ་བའི་གནས“ཟུར་ཕུད”ཅེས་པར་སྤོས།
བྱ་ཇོ་སྲས་ཀྱི་སྲས་མངའ་བདག མངའ་བདག་ལ་སྲས་དགེ་སློང་བ་དང་། བྱ་རིན་ཅེན། བྱ་ཆོས་རྒྱལ་དཔལ་བཟང་བཅས་གསུམ་བྱུང་། དགེ་སློང་བར་སྲས་རིན་ཅེན་དཔལ་དང་། དབང་ཕྱུག་རིན་ཅེན། རིན་ཅེན་བཟང་པོ། དྭགས་པོ་བ་བཅས་བཞི་བྱུང་བ་དེ་དག་གིས་དྭགས་པོ་དང་། གཉལ། ལོ་རོ[7]རྣམས་བཟུང་སྟེ་གཞིས་ཀ་མང་དུ་བརྩིགས། བྱ་རིན་ཅེན་གྱིས་ཨེ་དང་། གཉལ། དྭགས་པོ། བྱར།[8] ལོ་རོ་བཅས་ཀྱི་དཔུང་བསྡུས་ནས་ཧོར་དམག་བཟློགས་པས་ཡུལ་དེ་དག་གི་དཔོན་དུ་གྱུར། དུས་རབས་ལ་བལྟས་ན་སྐབས་དེའི་ཧོར་དམག་དེ་ཧོར་དོར་རྟ་ནག་པོའི་དམག་མིན་ནམ་སྙམ།
སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས་འགོར་བྱ་ཆོས་རྒྱལ་དཔལ་བཟང་གིས་ཡང་རྩེའི་གཙུག་ལག་ཁང་རྒྱ་སྐྱེད་མཛད་དེ་རྒྱ་ཧོར་གྱི་ནོར་སྣ་མང་པོ་བསྡུས་ནས་མཛོད་དུ་རྒྱས་བཏབ། ཆོས་སྲིད་ཀྱི་དབང་ཐང་རྒྱས་ཏེ་དུས་ཕྱིས་བྱ་པ་ཁྲི་དཔོན་གྱི་ཕོ་བྲང་དང་ཆོས་སྡེ་མཉམ་གནས་ཡིན་པའི“བྱ་ཡུལ་ཕོ་བྲང་ཡང་རྩེ”ཞེས་པ་དེ་གྲུབ་པར་གྱུར། གོང་གསལ་དྭགས་པོ་སོགས་ཡུལ་དེ་དག་གི་ཆོས་སྲིད་ལ་དབང་བསྒྱུར་བས“ཆོས་རྒྱལ་བྱ་པ”ཞེས་ཡོངས་སུ་གྲགས། ཕོ་བྲང་འདིའི་ཉེ་འཁོར་དུ་སྲས་མོ་བཞི་ལ་གཞིས་ཀ་རེ་ཡོད་ཚུལ་ཡང་དུས་འདི་ཙམ་དུ་མིན་ནམ་སྙམ།
ས་སྐྱའི་ས་གནས་སྲིད་དབང(སྤྱི་ལོ1265~1353)གི་དུས་སུ་བྱ་རིན་ཅེན་གྱི་སྲས་བྱ་ཀུན་དགའ་རིན་ཅེན་གྱིས་ས་སྐྱའི་དཔོན་ཆེན་ཀུན་དགའ་བཟང་པོར་གཏུགས། བྱ་ཆོས་རྒྱལ་དཔལ་བཟང་གིས་འགྲོ་མགོན་འཕགས་པའི་དྲུང་དུ་བྱོན་ཏེ་སོག་དམག་དང་ཞི་བའི་གྲོས་མོལ་བྱས། སྐབས་དེར་ཡོན་རྒྱལ་རབས་ཀྱི་སེ་ཆེན་གོང་མས་བོད་ས་གནས་ཀྱི་མངའ་བདག་དང་ཆོས་ལུགས་གྲུབ་མཐའ་ཁག་གིས་བཅད་བཟུང་བྱས་པའི་ས་ཁུལ་དང་མི་འབོར་གྱི་གནས་ཚུལ་ལ་གཞིགས་ཏེ“བོད་ཁྲི་སྐོར་བཅུ་གསུམ”ཞེས་དབུས་གཙང་དུ་སྲིད་འཛིན་གྱི་ས་ཁུལ་ཁག་བཅུ་གསུམ་དུ་དབྱེ་བ་ལས་བྱ་ཡུལ་ཁྲི་སྐོར་དེ་ཁྲི་སྐོར་བཅུ་གསུམ་གྱི་གྲས་སུ་གཏོགས། ཁྲི་སྐོར་དེའི་ཆོས་སྲིད་ཀྱི་ཁ་ལོ་བྱའི་རིགས་རྒྱུད་ཀྱིས་བསྒྱུར་བས་མིང་ལའང“བྱ་པ་ཁྲི་དཔོན”ཞེས་བྱ།
དེ་ཡང་བྱ་ཆོས་རྒྱལ་དཔལ་བཟང་གི་སྲས་བྱ་ཆོས་སེང་འོད་འབྲི་གུང་གི་སྐུ་ཚ་ཡིན་པའི་འབྲེལ་བ་སོགས་ལ་བརྟེན་ནས་བྱ་ཡུལ་ཁྲི་སྐོར་གྱི་ཁྲི་དཔོན་དུ་བསྐོས་ཤིང་འདི་པ་གོང་ནས་བསྐོས་པའི་བྱ་ཡུལ་ཁྲི་སྐོར་གྱི་ཁྲི་དཔོན་ཐོག་མ་དེ་ཡིན། བྱ་ཆོས་སེང་འོད་ཀྱི་སྲས་མཁན་ཆེན་ཚུལ་ཁྲིམས་བཟང་པོས་ཐོག་མར་གཉལ་སྨད་ཟངས་ཆེན་དགོན་གྱི་མཁན་པོ་མཛད། དེ་ནས་ཡང་རྩེར་ཁྲི་དཔོན་གྱི་གོ་སར་བྱོན། དེ་རྗེས་རིམ་པ་བཞིན་དཔལ་མགོན་རྡོ་རྗེ་བ་སོགས་ཀྱིས་བྱ་ཡུལ་ཁྲི་སྐོར་གྱི་ཆོས་སྲིད་ཀྱི་ཁ་ལོ་བསྒྱུར།
སྐབས་དེའི་བྱ་པ་ཁྲི་དཔོན་གྱི་དབང་སྒྱུར་ས་ཁོངས་ནི་ད་ལྟའི་ལྷུན་རྩེ་རྫོང་བྱ་ཡུལ་ཤང་གི་ཡུལ་ཚན་ཁག་དང་། སྒྲོན་པ་ཤང་གི་ཡུལ་ཚན་ཁག གཉལ་ནས་སྲིན་མོ་མིག་ལ་སོགས་པའི་ཡུལ་ཚན་འགའ་ཞིག ཆུ་གསུམ་རྫོང་ཁོངས་ཀྱི་ཀློགས། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ཁོངས་ཀྱི་གྲོམ་མདའ། མཚོ་སྣ་རྫོང་ཁོངས་ཀྱི་ལོ་རོའམ་སྦྱོར་ར་ཤང་གི་ཡུལ་ཚན་ཁག དེ་མིན་འབྲུག་ཡུལ་བཅས་ཡིན་པར་སྣང་།
དེ་དུས་ཁྲི་སྐོར་རེར་ཁྱིམ་དུད་ཁྲི་རེ་ཡོད་པར་གྲགས་ཀྱང་ཁྲི་སྐོར་ཚང་མར་ཁྱིམ་དུད་ཁྲི་རེ་ཡོད་པ་མིན་ཏེ། «བོད་ལྗོངས་ལོ་རྒྱུས་ཆེན་མོ»ཞེས་པའི་ནང་དུ་འཁོད་པ་ལྟར་ན། སྐབས་དེར་བྱ་ཡུལ་ཁྲི་སྐོར་ལ་ཁྱིམ་དུད2950ལས་མེད་པར་བཤད། ཁྲི་སྐོར་གྱི་སྒྲིག་གཞི་ཡང་དུས་གཅིག་ལ་བཙུགས་པ་མིན་པར་སྔ་ཕྱི་ཡོད་པ་ལས་བྱ་ཡུལ་ཁྲི་སྐོར་དེ་འཛུགས་ཕྱི་བའི་གྲས་སུ་གཏོགས།
ཕག་གྲུ་ས་གནས་སྲིད་དབང(སྤྱི་ལོ1354~1618)གི་དུས་སུ་བྱ་པའི་སྟོབས་ཤུགས་ལ་སྔར་བཞིན་མཐོང་ཆེན་བྱས་ཏེ་འདི་པའི་མི་རྒྱུད་རིམ་བྱོན་གྱིས་གོང་གསལ་ས་ཁུལ་དེ་དག་གི་ཁ་ལོ་བསྒྱུར་བ་སྟེ། མཁན་ཆེན་ཚུལ་ཁྲིམས་བཟང་པོའི་ཚ་བོ་བྱ་བཀྲ་ཤིས་དཔལ་བཟང་གིས་ཆོས་སྡེ་རྩེད་ཐང་དུ་སློབ་གཉེར་མཛད་རྗེས་ཕག་གྲུ་ས་གནས་སྲིད་དབང་གི་ཁྲི་རབས་ལྔ་པ་གྲགས་པ་རྒྱལ་མཚན(སྤྱི་ལོ1385~1432)གྱིས་བྱ་པའི་དཔོན་དུ་བསྐོས། ཕག་གྲུ་ས་གནས་སྲིད་དབང་གི་ཁྲི་རབས་དྲུག་པ་གྲགས་པ་འབྱུང་གནས(སྤྱི་ལོ1433~1454)ཀྱི་དུས་སུ་བྱ་བཀྲ་ཤིས་དཔལ་བཟང་གི་སྲས་བྱ་རྒྱལ་བ་བཀྲ་ཤིས་ཀྱིས་ཕག་གྲུ་ས་གནས་སྲིད་དབང་གི་དྲུང་འཁོར་མཛད། དེ་རྗེས་བྱ་པ་ཁྲི་དཔོན་གྱི་གོ་སར་བྱོན།
ཕག་གྲུ་ས་གནས་སྲིད་དབང་གི་ཁྲི་རབས་བདུན་པ་ཀུན་དགའ་ལེགས་པའི(སྤྱི་ལོ1445~1454)དུས་སུ་བྱ་རྒྱལ་བ་བཀྲ་ཤིས་ཀྱི་སྲས་ལྔའི་རྒན་འགོ་བྱ་བཀྲ་ཤིས་དར་རྒྱས་ཀྱིས་ཕག་གྲུ་སྡེ་སྲིད་ཀྱི་བློན་པོའི་འགན་བཞེས། དེ་རྗེས་བྱ་པའི་ཁྲི་དཔོན་དུ་བྱོན། བྱ་པ་ཁྲི་དཔོན་རིམ་བྱུང་ལས་འདི་པ་གྲགས་ཆེ་བར་བཤད་ཅིང་ལྷོ་རྒྱུད་ཀྱི་རྒྱལ་པོ་ཡང་ཟེར། ཕག་གྲུ་ས་གནས་སྲིད་དབང་གི་ཁྲི་རབས་བཅུ་པ་ངག་དབང་བཀྲ་ཤིས་གྲགས་པའི(སྤྱི་ལོ1499~1504)དུས་སུ་བྱ་བཀྲ་ཤིས་དར་རྒྱས་ཀྱི་སྲས་རྒན་པ་འབྲུག་པ་སྤྲུལ་སྐུ་འཇམ་དབྱངས་ཆོས་ཀྱི་གྲགས་པས་ཡབ་ཡུམ་གྱི་བཀའ་བཞིན་སྐུ་ཚེའི་སྟོད་ལ་བྱ་པའི་སྲིད་བསྐྱངས། བྱ་བཀྲ་ཤིས་དར་རྒྱས་ཀྱི་སྲས་གཞོན་པ་བྱ་ནོར་བུ་བཀྲ་ཤིས་ཀྱིས་ཕག་གྲུ་ས་གནས་སྲིད་དབང་གི་དྲུང་འཁོར་འགངས་ཆེའི་འགན་བཟུང་། འཇམ་དབྱངས་ཆོས་ཀྱི་གྲགས་པའི་སྲས་མཚོ་སྐྱེས་རྡོ་རྗེ་དང་། མཚོ་སྐྱེས་རྡོ་རྗེའི་སྲས་མི་ཕམ་ཚེའི་དབང་པོ། དམག་དཔོན་སྟག་རྡོ་རྗེ་སོགས་ཀྱིས་རིམ་པ་བཞིན་བྱ་པའི་ཆོས་སྲིད་ཀྱི་ཁ་ལོ་བསྒྱུར།
གོང་གསལ་ཕག་གྲུ་ས་གནས་སྲིད་དབང་གི་དུས་སུ་ཡང་བྱ་པ་ཁྲི་དཔོན་ཟེར་བ་ནི་མི་རྣམས་ཀྱི་ཁ་རྒྱུན་ཡིན་པ་སྟེ། སྐབས་དེར་ཁྲི་སྐོར་བཅུ་གསུམ་གྱི་སྒྲིག་གཞི་མེད་པ་བཟོས་ཏེ་རྫོང་ཁག་བཅུ་གསུམ་དང་རྫོང་དཔོན་བསྐོ་གཞག་གི་ལམ་ལུགས་བཙུགས་པས་དོན་དུ་བྱ་པའི་མི་རྒྱུད་རིམ་བྱོན་གྱིས་ལུགས་རྙིང་ལྷུན་རྩེ་རྫོང་གི་རྫོང་དཔོན་གྱི་གོ་ས་བཟུང་ཞིང་། ཕོ་བྲང་ཡང་རྩེ་ཡང་རིམ་བཞིན་ཆོས་སྡེ་མཉམ་གནས་ཀྱི་སྒེར་གཞིས་སུ་གྱུར་བར་སྣང་།
ཕལ་ཆེར་གཙང་པ་སྡེ་སྲིད(1565~1642)ཀྱི་དུས་ནས་རིགས་རྒྱུད་འདི་རིམ་བཞིན་ཉམས་རྒུད་དུ་སོང་བ་འདྲ་སྟེ། དུས་ཕྱིས་ཀྱི་ལོ་རྒྱུས་ནང་འདི་པའི་རིགས་རྒྱུད་ཀྱིས་སྲིད་ཀྱི་འགན་ཆེན་བཟུང་བའི་སྐོར་མི་སྣང་ཞིང་། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི(སྤྱི་ལོ1708~1757)དུས་སུ་བྱ་པའི་མི་རྒྱུད་སྟོངས་པས་དེའི་ཕ་གཞིས་བཀའ་ཤག་སྲིད་གཞུང་གི་དཔོན་རིགས་རྡོ་རིང་ཚང་ལ་སྤྲད།
བཤད་རྒྱུན་དུ་ཕོ་བྲང་འདི་རྡོ་རྩིག་ལས་གྲུབ་པ་དང་། མཐོ་ཚད་ལ་ཐོག་ས་བཅུ་གསུམ་ཡོད་པ། ཕྱི་རོལ་ནས་བལྟས་ན་ལྷ་སའི་ཕོ་བྲང་པོ་ཏཱ་ལ་དང་ཤིན་ཏུ་འདྲ་བ། ཨར་སྐྲུན་གྱི་ས་བཟུང་རྒྱ་ཁྱོན་ལ་རྨིད་ངོས་གྲུ2400ཡོད་པར་གྲགས། ཕོ་བྲང་འདིའི་ནང་ངོས་ཀྱི་གྲུབ་ཆ་གཙོ་བོ་ནི་ཤར་ངོས་སུ་ཁྲི་དཔོན་གྱི་བཞུགས་གནས་གཟིམ་ཆུང་ཟིལ་གནོན་ཕོ་བྲང་དང་། རྒྱ་ནག་ཕོ་བྲང་། ཀ་བཞི་གདུང་བརྒྱད། སྲིད་འཛིན་ལས་ཁུངས་སོགས་དང་། ནུབ་ངོས་སུ་འདུ་ཁང་ཀ་བ་སུམ་ཅུ་ཅན་དང་། སྔགས་པ་ལྷ་ཁང་། གནས་རྟེན་ལྷ་ཁང་། ལྷ་ཁང་དཀར་པོ། ཁྱབ་འཇུག་གི་རྟེན་ཁང་སོགས་མཆིས་པ་ལས་ལྷ་ཁང་ཁག་གི་ནང་དུ་བ་སོ་སོགས་ལས་གྲུབ་པའི་འདྲ་སྐུ་སྣ་ཚོགས་དང་། ལྷ་ཁང་དཀར་པོའི་ནང་དུ་བྱ་ནག་ཆེན་པོ་རིན་ཆེན་འོད་ཀྱི་འདྲ་སྐུ་དང་བྱ་པ་ཁྲི་དཔོན་རིམ་བྱོན་གྱི་གདུང་རྟེན།
འདུ་ཁང་ཀ་བ་སུམ་ཅུ་ཅན་གྱི་ནང་དུ་རིན་ཆེན་སྣ་ལྔས་བྲིས་པའི་བཀའ་འགྱུར་དང་བསྟན་འགྱུར་སོགས་ཡོད་སྐོར་དང་། ཕོ་བྲང་འདིར་གཉེར་ཚང་གོང་འོག་གཉིས་ཡོད་པ་ལས་གཉེར་ཚང་འོག་མའི་ནང་དུ་དཀར་ཡོལ་ཡུ་རིང་སྒམ་དང་བཅས་པ་ཤུབས་རང་འགྲིག གོས་ཆེན་ཡུག འགོ་སྣམ་གྱི་གྱོན་གོས་སྣ་ཚོགས། ཞྭ་མོ་སོག་ཞྭ། ལྷམ་འཇའ་ཆེན། ཐ་མག་ཧོར་ཁ། ཐ་མག་གང་ཟག་པད་བཏུམས་མ་མང་པོ། དམ་ཆེན་བརླ་རྡུང་ཞེས་པའི་གྲི་དཔའ་དམ་རིང་ཚད་འདོམ་ལོན་པ་གསེར་ཚགས་ཅན་སོགས་ཡོད་པར་བཤད་མོད། ད་ལྟ་ཐོར་ཞིག་ཏུ་སོང་སྟེ་དུས་ཕྱིས་ཉམས་གསོ་བྱས་པའི་ཁྱབ་འཇུག་གི་རྟེན་ཁང་དང་མགོན་ཁང་སོགས་ལས་ཨར་སྐྲུན་གཞན་རྣམས་ནི་རྩིག་རྨང་ཙམ་དུ་ཟད། འོན་ཏེ་ད་ལྟའི་མགོན་ཁང་གི་ནང་དུ་བྱ་པ་ཁྲི་དཔོན་གྱི་ཡིན་ཟེར་བའི་གྲི་དཔའ་དམ་རིང་ཚད་སྤྱི་ཁྲེ་ལོན་པ་ཞིག་དང་། མེ་མདའ་བོད་མདའ། མདའ་དང་གཞུ། མདུང་དང་ཕུབ། ཆུ་འཁོར་གྱི་ཡས་རྡོ་སོགས་མཐོང་རྒྱུ་ཡོད་པ་མ་ཟད། ཕོ་བྲང་དེའི་མདུན་ངོས་ཀྱི་རྩིག་ཞབས་སུ་བར་ཐག་རྨིད་སྟོང་ལ་ཉེ་བའི་རྟ་ལམ་ཐོག་ཅན་མ་ཞིག་ཡོད་པ་དེའི་རྗེས་ཤུལ་དང་། སྔར་གཞུང་སྒོ་མདུན་ཕྱོགས་སུ་ཡོད་ཟེར་ཡང་ད་ལྟ་ལྟག་རྒྱབ་ཏུ་བཏོན་ཡོད་པ་དེའི་གཤམ་འོག་གི་ཆུ་ཕ་རིར་མིང་ལ་པདྨ་བཀོད་མཁར་ཞེས་པའི་གནའ་མཁར་རྩེ་ཐོར་ཞིག དེ་མིན་ཕོ་བྲང་གི་གཤམ་འོག་ཏུ་སྟོང་ལོའི་སྦྱར་སྡོང་སོགས་ཀྱང་མཐོང་རྒྱུ་ཡོད།
གོང་གསལ་ཁྱབ་འཇུག་གི་རྟེན་ཁང་དེ་ནི་གཟའ་ཁྱབ་འཇུག་གི་བཞུགས་གནས་དངོས་ཡིན་ཟེར་བ་དང་། རྟེན་ཁང་དེའི་གྱང་ལྡེབས་སུ་ཞེང་ཚད་ལ་ལི་རྨིད་བཞི་བཅུ་ཙམ་དང་། མཐོ་ཚད་ལ་ལི་རྨིད་ལྔ་བཅུ་ཙམ་ཡོད་པའི་སྐར་ཁུང་ཞིག་བཏོན་འདུག་པ་དེ་ནི་ཁྱབ་འཇུག་རྟེན་ཁང་ནང་དུ་འཛུལ་ཡོང་ས་ཡིན་ཟེར། ཡུལ་མི་ཚོའི་བཤད་སྲོལ་ལ་གཟའ་ཁྱབ་འཇུག་ཅེས་པ་དེ་བོངས་ཚོད་བྱ་རོག་ཙམ་ཡོད་པ་དང་། ལུས་ལ་མིག་མང་དུ་མཆིས་པ། གཤོག་པ་ལྡན་པ། ངོ་གདོང་མི་དང་འདྲ་ཡང་འདབ་ཆགས་ཀྱི་མཆུ་ལྡན་པ། དེས་དེ་སྔ་བོད་ཟླ་དང་པོའི་ཚེས་བཅོ་ལྔ་སོགས་གཟའ་ཚེས་བཟང་བའི་ནམ་སྟོད་ཀྱི་སྲོད་དུ་གཉལ་གཞུང་གི་བར་སྣང་བརྒྱུད་འཕུར་ནས་ཡོང་བ་དང་། ནམ་སྨད་ཀྱི་སྲོད་དུ་འཕུར་ནས་འགྲོ་ཞིང་། ཕར་འཕུར་ཚུར་འཕུར་བྱེད་དུས་ལུས་ལ་མེ་འབར་བཞིན་དུ་བ་རིང་པོ་ཞིག་དྲུད་ནས་འཕུར་འགྲོ་བ་མ་ཟད། མེ་འོད་དེ་བཀྲག་མདངས་ཤིན་ཏུ་ཆེ་བས་ས་སྟེང་གི་རྡེའུ་ཡང་གསལ་བ། དེ་མིན་སྐབས་ལ་ལར་མེ་མདའི་སྒྲ་ཡང་སྒྲོག་གིན་ཡོད་སྐད།
དེ་སྔ་རྟེན་ཁང་ནང་དུ་སྦྲ་ཞིག་ཡོད་པ་དང་། སྦྲ་དེའི་འབྱུང་ཁུངས་ལའང་ལྷ་སྒྲུང་ལྟ་བུའི་བཤད་རྒྱུན་ཞིག་ལྡན་ཞིང་། སྦྲ་དེ་ནས་ཚལ་པ་ཞིག་ལུས་ལ་ཐོགས་ན་གཟའ་འགོག་པར་བཤད། འོན་ཀྱང་དེ་སྔ་ང་རང་གཉལ་གཞུང་དུ་མི་ལོ་ལྔ་སྐྱེལ་དུས་ཁྱབ་འཇུག་ཕར་ཚུར་འཕུར་བྱེད་པ་མིག་གིས་མ་རིག་ལ། མེ་མདའི་སྒྲ་སྒྲོག་པ་ཡང་རྣ་བས་མ་ཐོས་ཤིང་། གཉལ་གཞུང་གི་མི་བུ་ཚོས་ཀྱང་དེང་སང་ཁྱབ་འཇུག་ཕར་འཕུར་ཚུར་འཕུར་བྱེད་པ་མི་མཐོང་ལ། རྒད་པོ་ལ་ལས་ཉར་ཚགས་བྱས་པའི་སྦྲ་ཚལ་ལའང་གཟའ་འགོག་གི་ནུས་པ་མི་འདུག་ཟེར། དེ་འདྲ་ཡིན་ན་ཆེས་མཐུག་པའི་རང་རེའི་རྣམ་རྟོག་གི་ལྒང་ཕུག་དེ་ད་ལྟ་བརྡོལ་བ་མིན་ནམ།
མདོར་ན། སྔར་བྱ་ཡུལ་ཁྲི་སྐོར་གྱི་ལྟེ་གནས། བྱ་པ་ཁྲི་དཔོན་གྱི་བཞུགས་ས། ཕོ་བྲང་ཡང་རྩེ་ཞེས་པ་དེ་ད་ལྟ་རྩིག་ཤུལ་ཙམ་ལས་མཐོང་རྒྱུ་མེད་མོད། དེ་ཡང་ཡིན་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་གོང་དུ་འཕེལ་བའི་བརྒྱུད་རིམ་ནང་ཆད་མེད་དྲག་ཏུ་བཞུར་བའི་སྙིགས་དོར་བཅུད་ལེན་གྱི་ཀླུང་ཆེན་དེ་སུ་ཞིག་གིས་ཟློག་ཐུབ།
མཆན།
[1] ཀློགས། ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་ཀློགས་གྲོང་ཚོ།
[2] ཤར་མདའ། ལྷུན་རྩེ་རྫོང་ཞོལ་གཟར་ཤང་གི་ཤར་མདའམ་གཤམ་མདའ་གྲོང་ཚོ།
[3] གྲོམ་མདའ། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་ས་ཆ་ཞིག
[4] སྲིན་མོ་མིག ལྷུན་རྩེ་རྫོང་རྙིང་གི་ཤར་ངོས་སུ་གནས་པའི་ས་ཆ་ཞིག
[5] སེ་པོ། ཆུ་གསུམ་རྫོང་ཆུ་མདོ་གྱང་ཤང་སེ་པོའམ་སེའུ་གྲོང་ཚོ།
[6] ཟངས་པོ་ཆེ། ད་ལྟའི་གཉལ་སྨད་ཟངས་ཆེན་དགོན་ཞེས་པ་དེ་ཡིན།
[7] ལོ་རོ། མཚོ་སྣ་རྫོང་སྦྱོར་ར་ཤང་གི་གནའ་མིང་།
[8] བྱར་། ལྷུན་རྩེ་རྫོང་ཞོལ་གཟར་ཤང་དང་། གསང་སྔགས་ཆོས་གླིང་ཤང་། མདོ་ཡུལ་ཤང་བྱར་སྨད་གྲོང་ཚོ་བཅས་ཀྱི་སྤྱི་མིང་།
ཡོང་ཁུངས། «གཉལ་གཞུང་། ངོ་མཚར་དཔལ་གྱིས་ཕྱུག་པའི་ཡུལ་ལུང»

འབྲེལ་ཡོད་འོས་སྦྱོར།