སེང་སྟག་ཨ་དོམ་གྱི་མཁར་ཤུལ་ལ་མཇལ་བ།
རྩོམ་པ་པོ།:དབང་ཆེན་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-09-02
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི2025ལོའི་མཚོ་སྔོན་ཞིང་ཆེན“ཁུ་ནུའི་འཇོན་མི་མཐོ་རིམ་གསར་གཏོད་དང་ལས་གཏོད་འཇོན་མི”རྣམ་གྲངས་ཀྱི་མཆོག་གྱུར་འཇོན་མི་གསོ་སྐྱོང་དང་། 2025ལོའི“ནུབ་རྒྱུད་འོད་སྣང”གི་འཚམས་འདྲིའི་མཁས་པའི་ཡུལ་དངོས་བརྟག་དཔྱད་ཚོ་ཆུང་དེ་སྤྱི་ཟླ8པའི་ཚེས9ཉིན་གྱི་སྔ་དྲོར་རྟ་རྣ་དགོན་པའི་གེ་སར་གར་འཆམ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། གེར་མཛོ་རི་དང་གེར་མཚོའི་གནས་རི་བརྒྱུད་དེ་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་བཞི་བཅུ་ཡས་མས་སུ་ནང་ཆེན་རྫོང་ཐོག་ཏུ་ཐོན་པ་དང་། ཀྲུའུ་ཞི་ཨོ་རྒྱན་རྣམ་རྒྱལ་སོགས་དང་མཉམ་དུ་དྲོས་ཇ་སྟབས་བདེ་ཞིག་འཐུང་ཞོར་དཔའ་ཡ་མེད་སེང་སྟག་ཨ་དོམ་གྱི་མཁར་ཤུལ་ཡོད་སའི་གནས་སོགས་ལ་རྒྱུས་ལོན་བྱས་ཏེ། ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ལྔ་བཅུའི་སྟེང་མཁར་ཤུལ་ཡོད་སའི་སྡེ་བར་ཐོན་ཞིང་ལམ་འགྲམ་གྱི་ཚོང་ཁང་ཆུང་ཆུང་ཞིག་གི་ཚོང་བདག་རྒན་མོ་ལོ་ལོན་གྱིས་ལམ་སྟོན་འོག་མཁར་ཤུལ་ལ་ཡུལ་དངོས་ནས་བརྟག་དཔྱད་ལེགས་པོ་བྱེད་ཐུབ་སོང་།

སེང་སྟག་ཨ་དོམ་གྱི་མཁར་ཤུལ་དེ་ནི་ནང་ཆེན་རྫོང་ནས་བྱང་ཕྱོགས་སུ་སོང་ན་སྤྱི་ལེ་བཅོ་བརྒྱད་མཚམས་ཀྱི་ཤོར་མདའ་གྲོང་རྡལ་སྡོམ་ནང་གྲོང་ཚོའི་ནང་དུ་ཡོད། དེ་སའི་གོ་ལའི་བྱང་གི་འཕྲེད་ཚད32°16′20″དང་། ཤར་གྱི་གཞུང་ཚད96°27′48″ཡི་མཚམས་ན་ཡོད། ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ནི་མཚོ་ངོས་ལས་སྨི3652ཡིན།
དཔའ་ཡ་མེད་སེང་སྟག་ཨ་དོམ་ནི་གླིང་འབྲིང་རྒྱུད་ཀྱི་གདུང་ལས་མཆེད་པའི་གླིང་ཕུ་ནུ་སུམ་ཅུ་དང་། ཡང་རྟུལ་དམ་པའི་མི་བདུན། ཞེ་རྟུལ་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ་ཡིན། དཔའ་ལ་མི་ཡི་སྤྱང་ཀིའམ་མི་སྤྱང་དཀར་པོ་ཞེས་གྲགས། སྒྲུང་ལས་བརྗོད་པ་ལྟར་ན། ཤིང་འབྲུག་ལོར་ཡབ་ཆེན་སེང་བློན་ཀ་མ་རི་སྐྱེས་ཀྱི་མཆོད་ཁང་དྲི་མེད་ཆོས་ཀྱི་མཆོད་ཁྲིའི་སྟེང་དུ། བྱ་ག་རུ་ཌའི་སྒོ་ང་དང་མཚུངས་པའི་དུང་སྦུབས་ཤིག་སྨིན། དེར་སེང་བློན་གྱིས་སྙོར་སྐྱོང་ཡག་པོ་བྱས་པ་ན། མ་འགྱངས་པར་དེ་ཁ་གས་ཏེ་ཁྱེའུ་མཛེས་སྡུག་ལྟ་བས་མཆོག་མི་ཤེས་པ་ཞིག་འཁྲུངས། མཚན་ལ་སེང་སྟག་ཨ་དོམ་བཏགས། རིམ་བཞིན་ནར་སོན་པ་ན་ལྷོ་བཟའ་བཻཌཱུརྱ་སྒྲོལ་མ་ཁབ་ཏུ་བཞེས་ནས་སྲས་གཅིག་ཡོད་པར་བཞེད། བཤད་ཚུལ་གཞན་ཞིག་ལ་རྨ་རྒྱལ་སྤོམ་རའི་འཕྲུལ་སྲས་ཡིན་པར་བརྗོད། མཁར་གྱི་མིང་ལ་མི་འགྱུར་སྨུག་པོ་ལྕུག་དཀྲིས། རྟ་ནི་སྟོང་རི་ནོར་གྱི་བང་མཛོད། མཚོན་ལེབ་ཆེན་མི་ཡི་བཤའ་གྲི། སྲས་ཀྱི་མཚན་ལ་བཅོ་ལྔའི་དཔའ་གསར་ཟླ་བ་ཟེར། སྲས་མོན་གླིང་སྐབས་སུ་དཔའ་བོ་ངར་འཐབ་ཀྱིས་ཤི་སྟབས་དག་ཞིང་ལ་འགྲོ་མ་ནུས་པར་ཐོག་རུའི་ཡུལ་དུ་སེར་རྒོད་སྟོང་ཐུབ་ཀྱི་ལུས་བླངས། རྗེས་སུ་ཕ་བུ་ལྷན་འཛོམས་བྱུང་བར་སྐད།

ས་དེའི་ཡུལ་མི་རྣམས་ཀྱིས་མཁར་ཤུལ་འགའ་ཡོད་པ་དེར་དཔའ་ནིས་མཁར་དང་། སྲ་ནིས་རྫོང་། རན་ནིས་རྫོང་ཞེས་འབོད་བཞིན་མཆིས། དེ་ནི་གླིང་གི་དཔའ་རྟུལ་རྣམས་ཀྱི་གཞིས་རྫོང་ཡིན་པར་བཤད། «ཡུལ་ཤུལ་གྱི་གེ་སར་རིག་གནས་ཀྱི་ཤུལ་རྟེན་སྤྱི་ཙམ་བརྗོད་པ»ལས། “དཔའ་ནེས་མཁར་གྱི་ལོགས་རེར་སྤྱི་ཁྲུ་བཅོ་ལྔ་རེ་དང་བསྡོམས་པས་སྤྱི་ཁྲུ་དྲུག་ཅུ་ཡོད། རན་ནེས་རྫོས་ལ་ཡང་སྣ་ལ་སྤྱི་ཁྲུ་ཉིས་བརྒྱ་འཕྲེད་ལ་སྤྱི་ཁྲུ་ཉི་ཤུ་ཡོད། སྡོམ་པས་སྤྱི་ཁྲུ240(ཉིས་བརྒྱ་དང་བཞི་བཅུ)ཡོད། སྲ་ནེས་རྫོང་ལ་ལོགས་རེར་སྤྱི་ཁྲུ་གསུམ་ཡོད། སྡོམ་པས་སྤྱི་ཁྲུ་བཅུ་གཉིས་ཡོད། རྫོང་གཞི་དེ་ལ་ཐོག་སོ་གསུམ་ཡོད། མཁར་གྱང་སའི་རྡུང་བའི་འཕྲོ་ལུས་མཐོ་ཚད་ལ་སྤྱི་ཁྲུ་བཞི་ཙམ་ཡོད།”(1) ངག་རྒྱུན་ལྟར་ན། དཔའ་ནེས་མཁར་ཞེས་པ་དེ་ནི་གླིང་གི་དཔའ་རྟུལ་དཔའ་ལའི་སེང་སྟག་ཨ་དོམ་གྱི་མཁར་ཤུལ་ཡིན་པར་བཤད་ལ། རན་ནེས་རྫོང་དང་སྲ་ནེས་རྫོང་ནི་གླིང་གི་དུས་སྐབས་ཀྱི་མཁར་ཞིག་ཡིན་པར་བཤད་ཀྱང་དཔའ་རྟུལ་སུ་ཞིག་གི་ཡིན་པ་བཤད་ཀྱི་མེད། ཡང་བཞེད་ཚུལ་གཞན་ཞིག་ལ་སེང་སྟག་ཨ་དོམ་གྱི་མཆོད་ཁང་དང་ཇ་ཁང་ཡིན་པར་བཤད། དེ་ལས“གནའ་སྒྲུང་གི་ངག་རྒྱུན་ལས། ཕར་རུ་ཁ་ལ་ཚུར་རུ་སྡོམ། ཁ་སྡོམ་སྟག་མོ་འདུས་མདོ་ལ། སེང་ཨ་སྡོམ་མི་ཡི་སྤྱང་ཀི་ཡོད། ཅེས་པ་ནི། རྫ་ཕར་རུ་ལ་ཁ་མདའ་གྲོང་སྡེ་དང་རྫ་ཚུར་རུ་ལ་སྡོམ་ནང་གྲོང་སྡེ་ཡོད་པའི་རྒྱུ་མཚན་གྱིས་ས་མིང་ལ་དེ་ལྟར་འབོད།”(2)ཅེས་སེང་སྟག་ཨ་དོམ་གྱི་མཁར་ཡོད་སའི་ནང་ཆེན་རྫོང་ཤོར་མདའ་གྲོང་རྡལ་མངའ་ཁོངས་སུ་ཡོད་པའི་སྡོམ་ནང་གྲོང་ཚོ་ཞེས་པའི་མིང་དང་ཐོ་ཐུག་པར་འདོད་ལ། “རི་རྡོ་རྗེ་འདྲ་བའི་གཡས་ཟུར་དང་། རི་སྙིང་དང་འདྲ་བའི་མར་ཞོལ་ན། གཡག་རོག་པོས་ས་མདོ་བཀག་འདྲ་ཡོད།”(3)ཅེས་བརྗོད་པ་བཞིན་ས་དེའི་རྫོང་མཁར་ཆགས་སའི་གནས་དང་ཡུལ་གྱི་བཀོད་པ་དང་ཧ་ཅང་མཐུན་པོ་འདུག །“ཉག་གི་ས་མཚམས་ཕ་ཤུལ་འཇའ་ཟླ་ཐང་ལ་སེང་ཨ་སྡོམ་གྱི་སྒོ་སྲུང་ཕྱི་མ་སྡོད་གནས་ཡིན་ཟེར་བའི་ཁང་ཤུལ་གྱི་གྱང་རལ་ད་ལྟ་ཀུན་གྱི་མཐོང་ལམ་དུ་ཡོད། གྱང་རོ་དེ་ལ་ཕོ་འདོམ་བཅུ་གཉིས་ཙམ་ཡོད། གཞན་ཡང་ཨ་སེང་དཔོན་ཚང་དུ་སེང་ཨ་སྡོམ་གྱི་ཕྱག་རལ་མཛོ་རྭ་དགུ་གཅོད་དང་། སེང་ཨ་སྡོམ་གྱི་མཛོ་མགོ་ནོར་བུ་གཡང་འཁྱིལ་སོགས1958ལོ་བར་ཁྱིམ་རྒྱུད་ཀྱི་ཕུག་ནོར་ཏུ་བཞུགས་ཡོད་དོ། །”(4)ཞེས་པ་དང་། ཡུལ་དེའི་ངག་རྒྱུན་ལ། གླིང་དཔའ་ལའི་མི་རྒྱུད་ནས་སྡོམ་པ་དཔོན་རྒྱུད་མཆེད་པ་དང་། རྡོ་ཚ་དཔོན་ཨ་སེང་ནི་སེང་ཨ་སྡོམ་གྱི་གདུང་རྒྱུད་ཡིན་པའི་བཤད་ཚུལ་ཡང་མཆིས་ཤིང་། ཡུལ་མིང་དུ་ཨ་སེང་རྫོང་ཉག་དང་། ཨ་སེང་ཤྭ་རི་ལ། ཨ་སེང་རག་ལམ། ཨ་སེང་ཟླ་བ་ཁ། ཨ་སེང་མཛོ་མོ་རྭ་བ། ཨ་སེང་མཛོ་ར་ནང་སོགས་དཔོན་མིང་དེ་ས་མིང་ལ་ཐོགས་ཡོད་པར་བཤད་དོ། །
མཆན།
(1)(2)(3)(4) 昂扎编,多杰扎西译.《玉树地区格萨尔文化遗迹综述》[M].北京:中央民族大学出版社,2015: 69-70.དེ་ལས་དཔའ་ནིས་མཁར། སྲ་ནིས་མཁར། རན་ནིས་རྫོང་ཞེས་པ་དང་། དཔའ་ནེས་མཁར། སྲ་ནེས་རྫོང་། རན་ནེས་རྫོང་ཞེས་འབྲི་ཚུལ་མི་འདྲ་བ་བྱུང་འདུག
མཆན།
(1)(2)(3)(4) 昂扎编,多杰扎西译.《玉树地区格萨尔文化遗迹综述》[M].北京:中央民族大学出版社,2015: 69-70.དེ་ལས་དཔའ་ནིས་མཁར། སྲ་ནིས་མཁར། རན་ནིས་རྫོང་ཞེས་པ་དང་། དཔའ་ནེས་མཁར། སྲ་ནེས་རྫོང་། རན་ནེས་རྫོང་ཞེས་འབྲི་ཚུལ་མི་འདྲ་བ་བྱུང་འདུག

དབང་ཆེན་ཚེ་རིང་། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེན་མོ་དང2025ལོའི“ནུབ་རྒྱུད་འོད་སྣང”གི་འཚམས་འདྲིའི་མཁས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།