བོད་ཀྱི་ལོ་རྒྱུས་རྒྱུན་ཤེས་གཞོན་ནུའི་མགུལ་རྒྱན་མེ་ཏོག་ཕྲེང་བ།
རྩོམ་པ་པོ།:བྱམས་རྡོར་དང་གངས་དབང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-01-10
ཀློག་གྲངས།:
༡༢༡ ལྷ་བླ་མ་ཡི་ཤེས་འོད་ཀྱིས་རྒྱར་གར་དུ་ཆོས་སློབ་པར་བརྫངས་པའི་ཁྱེའུ་རིག་པ་རྣོ་བ་ཉི་ཤུ་རྩ་གཅིག་ལས་གང་དག་མཁས་པའི་གོ་འཕང་ཐོབ་ཅིང་བསྟན་བཅོས་བསྒྱུར་ཐུབ་པ་བྱུང་ངོ་།
ཁྱེའུ་མང་ཆེ་བས་ཚ་བ་མ་ཐེག་ནས་གྲོངས། ལོ་ཙྭ་བ་རིན་ཆེན་བཟང་པོ་དང་རྔོག་ལེགས་པའི་ཤེས་རབ་གཉིས་ཀྱིས་ཕྱི་ནང་གི་རིག་གནས་ལ་བྱང་ཞིང་བསྟན་བཅོས་བསྒྱུར་ཐུབ་པ་བྱུང་ངོ་།།
༡༢༢ སྨྲ་སྒོ་མཚོན་ཆ་ཞེས་པ་དེ་སུ་ཡིས་བརྩམས།
པཎྡི་ཏ་སྨྲི་ཏིས་བརྩམས་སོ།།
༡༢༣ ལྷ་བླ་མ་ཡེ་ཤེས་འོད་ཀྱི་འཁྲུངས་འདས་ཇི་ལྟར་ཡིན།
སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་ཆུང་བ་ལྡེ་གཙུག་མགོན་གྱི་སྲས་འཁྲུངས་ཤིང་སྲོང་ངེར་འབོད།ཚེ་སྨད་རབ་ཏུ་བྱུང་བས་མཚན་ལ་ལྷ་བླ་ཡི་ཤེས་འོད་ཅེས་གསོལ།མཐར་གར་ལོག་རྒྱལ་པོའི་བཙོན་དུ་སྐུ་གཤེགས་སོ།།
༡༢༤ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡུལ་གང་དུ་འཁྲུངས།
ཟ་ཧོར་ཡུལ་དུ་སྐུ་འཁྲུངས།
༡༢༥ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་དྲངས་མཁན་སུ་ཡིན།
ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུང་འོད་གཉིས་ཀྱིས་དྲངས་སོ།
༡༢༦ ཇོ་བོ་རྗེ་བོད་དུ་ལོ་ག་ཚོད་བཞུགས།
ཐོག་མར་བོད་དུ་ལོ་གསུམ་བཞུགས་རྗེས་ཕྱིར་རྒྱ་གར་ཕེབས་རྒྱུ་བྱས་ཀྱང་འབྲོམ་སྟོན་སོགས་ཀྱིས་ཞུ་བ་ལྟར་ལོ་བཅུ་བདུན་བོད་དུ་བཞུགས།མཐར་དགུང་ལོ་དོན་གསུམ་ཐོག་སྤྱི་ལོ་༡༠༥༤ལོར་སྐུ་གཤེགས།
༡༢༧ བཀའ་གདམས་པའི་སྲོལ་འབྱེད་པ་པོ་དང་བྱང་ཆུབ་ལམ་གྱི་སྒྲོན་མེ་མཛད་པ་པོ་སུ།
ཇོ་བོ་རྗེ་དཔལ་ལདན་ཨ་ཏི་ཤ་ཡིན།
༡༢༨ ཇོ་བོ་རྗེའི་སློབ་མ་ལས་མཚན་སྙད་ཆེ་ཤོས་དེ་གང་དག་རེད།
ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་།རྔོག་ལེགས་པའི་ཤེས་རབ།འབྲོམ་སྟོན་པ་ལ་རྒྱལ་བའི་འབྱུང་གནས་བཅས་སོ།
༡༢༩ མཉེས་ཐང་སྒྲོལ་མ་ལྷ་ཁང་སུས་བཞེངས།
ཇོ་བོ་རྗེའི་ཐུགས་དམ་གྱི་རྟེན་དུ་འབྲོམ་སྟོན་པས་བཞེངས་སོ།།
༡༣༠ སྨད་གྱི་ལྡེ་གསུམ་ཞེས་པ་ཇི་ལྟར་ཡིན།
འོད་སྲུངས་ཀྱི་སྲས་མངའ་བདག་དཔལ་འཁོར་བཙན་གྱི་བཙུན་མོ་ཆུན་མའི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྲས་དཔལ་ལྡེ་དང་།འོད་ལྡེ།སྐྱིད་ལྡེ་གསུམ་བྱུང་བར་སྨད་ཀྱི་ལྡེ་གསུམ་ཞེས་གྲགས་སོ།།
༡༣༡ བསྟན་པ་ཕྱི་དར་སྐབས་ཀྱི་ལོ་ཙྭ་བ་ཐོག་མ་དེ་སུ་རེད།
ལོ་ཙྭ་བ་རིན་ཆེན་བཟང་པོ་རེད།
༡༣༢ ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྤུན་འཁོར་སྲས་ལྷ་ལྡེ་ལ་སྲས་གསུམ་བྱུང་བ་དེ་གང་རེད།
དེ་ནི་འོད་ལྡེ་དང་ཞི་བ་འོད།བྱང་ཆུབ་འོད་བཅས་སོ།
༡༣༣ ཡ་ཙེའི་རྒྱལ་རྒྱུད་ཀྱི་བཀའ་འགྱུར་བཞེངས་པ་པོ་སུ་ཡིན།
དེ་ནི་ཨ་ནན་རྨལ་ཞེས་པ་དེ་ལགས།
༡༣༤ ཡ་ཙེའི་རྒྱལ་རྒྱུད་ཀྱི་མངའ་བདག་ཐོག་མ་སུ་རེད།
ན་ག་དེ་བའི་སྲས་དབང་ཕྱུག་ལྡེ་ཞེས་པ་དེ་རེད།
༡༣༥ འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་ལྷན་དུ་རྒྱ་ནག་ཏུ་བྱོན་པའི་ཡར་ལུང་རྒྱལ་རྒྱུད་དེ་ནི་སུ་ཡིན།
མངའ་བདག་གྲགས་པ་རིན་ཆེནཡིན།
༡༣༦ ཕོ་བྲང་ཡུམ་བུ་བླ་མཁར་ལ་གཙུག་ལག་ཁང་བཞེངས་པ་པོ་སུ་ཡིན།
མངའ་བདག་ཤྭཀྱ་མགོན་ཡིན།
༡༣༧ མངའ་བདག་ཡུམ་བརྟན་ལ་སྲས་གང་ཞེས་པ་བྱུང་།
ཁྲི་ལྡེ་མགོན་གཉེན་བྱུང་།
༡༣༨ ཁྲི་ལྡེ་མགོན་གཉེན་གྱི་སྲས་གཉིས་པོ་གང་གང་ཡིན།
རིག་པ་མགོན་དང་ཉི་མ་མགོན་གཉིས་ལགས།
༡༣༩ ཇོ་འབྲོམ་ཡབ་སྲས་གཉིས་དུས་ནམ་ལ་ཡུལ་གང་དུ་ཐོག་མར་མཇལ།
བོད་ཤིང་སྤྲེལ་སྤྱི་ལོ་༡༠༤༤ལོར་སྤུ་ཧྲེངས་སུ་མཇལ་ལོ།།
༡༤༠ ཇོ་བོས་འབྲོམ་སྟོན་པ་ལ་རྟེན་སྐལ་གང་དང་གདམས་ངག་ཅི་ཞིག་གནངས།
ཇོ་བོ་རང་ཉིད་ཀྱི་ཆོས་གོས་ཤིག་དང་ཤིང་ཏ་ལའི་ལོ་མར་བྲིས་པའི་རྒྱ་དཔེ་གཉིས།སེ་ཀ་ལ།བསིལ་ལྷམ་ཡ་གཅིག་བཅས་དང་ཁོང་གི་བསླབ་རྒྱུན་མི་ཉམས་གོང་དུ་སྤེལ་དགོས་པའི་གདམས་ངག་མཛད།
༡༤༡ ས་སྐྱ་བས་བོད་ལ་ལོ་ག་ཚོད་དབང་བསྒྱུར།
སྤྱི་ལོ་༡༢༥༣ནས་༡༣༤༩བར་ལོ་༩༦ལ་དབང་བསྒྱུར།
༡༤༢ ས་སྐྱ་དགོན་པ་སུས་བཏབ་པ་རེད།
འཁོན་དཀོན་མཆོག་རྒྱལ་པོས་རང་ལོ་བཞི་བཅུ་པར་སྤྱི་ལོ་༡༠༧༣ལོར་བཏབ།
༡༤༣ ས་སྐྱ་དགོན་པ་ཞེས་བཏགས་དགོས་དོན་གང་ཡིན།
དགོན་དེའི་མཐར་བསྐོར་གྱི་ས་མདོག་སྐྱ་བོ་ཡིན་པས་ས་སྐྱ་ཞེས་བཏགས།
༡༤༤ ས་སྐྱའི་རྒྱབ་རྟེན་སུས་བྱས་ནས་བོད་ལ་དབང་བསྒྱུར།
ཡོན་རྒྱལ་པོ་ལ་བརྟེན་ནས་བོད་ལ་དབང་བསྒྱུར།
༡༤༥ ས་སྐྱ་བས་བོད་ལ་དབང་བསྒྱུར་བའི་དུས་དཔོན་ཆེན་དུ་བྱུང་།
དཔོན་ཆེན་ཤྭཀྱ་བཟང་པོ་ནས་ནམ་མཁའ་དམ་པའི་བར་དཔོན་ཆེན་ཉེར་གཉིས་བྱུང་ཡོད།
༡༤༦ ས་སྐྱའི་སྐབས་བོད་པའི་ནང་འཁྲུག་ཆེ་ཤོས་དེ་གང་།
འབྲི་གུང་གླིང་ལོག་གམ་ས་འབྲིའི་འགལ་བ་དེ་ལགས།
༡༤༧ ས་སྐྱའི་དུས་བོད་ལ་དུད་ཚང་ཞིབ་བཤེར་ཐེངས་དུ་བྱས།
སྤྱི་ལོ་༡༢༦༠དང་༡༢༦༧ ༡༢༦༨བཅས་ཀྱི་ལོ་སྟེ་ཐེངས་གསུམ་བྱས།
༡༤༨ འགྲོ་མགོན་ཆོས་རྒྱལ་འཕགས་པས་ཡིག་རིགས་གང་གསར་བཟོ་བྱས།
སོག་ཡིག་གསར་བཟོ་བྱས།
༡༤༩ ས་སྐྱའི་དུས་བོད་ལ་སྙན་གཞུང་གང་བསྒྱུར།
འགྲོ་མགོན་འཕགས་པའི་སློབ་མ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་དང་སྙན་ངག་མེ་ལོང་མ་བསྒྱུར་ཏེ་འདིའི་དུས་བོད་ལ་བཅུ་ཕྲག་རིག་པའི་གནས་ཞེས་བྱ་བ་ཆ་ཚང་བྱུང་།
༡༥༠ ཆོས་སྲིད་ཟུང་འབྲེལ་ཟེར་བ་དེ་ཅི་འདྲ་རེད།
རྒྱལ་པོ་དང་ཆོས་བདག་གཉིས་ཀ་མི་གཅིག་གིས་བྱེད་པའི་ལམ་སྲོལ་ཞིག་ལ་ཟེར།ལམ་ལུགས་དེ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་བོད་དུ་དངོས་སུ་དར།
༡༥༡ དཔལ་ས་སྐྱའི་སྲིད་དབང་ཅིའི་ཕྱིར་ཉམས་པ་དང་དེ་སུ་ལ་ཤོར།
༡༣༤༩ལོ་ནས་ས་སྐྱའི་བླ་བྲང་ཁག་བཞི་པོའི་ནང་འགལ་བ་ཤུགས་དྲག་བྱུང་བའི་རྐྱེན་གྱིས་མཐའ་ས་སྐྱའི་སྲིད་དབང་དེ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་འཕྲོག
༡༥༢ ས་སྐྱའི་གདན་རབས་བཙུགས་པ་ནས་སྲིད་དབང་ཉམས་པའི་བར་ལོ་ངོ་དུ་སོང་།
འཁོན་དཀོན་མཆོག་རྒྱལ་ནས་བློ་གྲོས་རྒྱལ་མཚན་བར་གདན་རབས་བཅུ་གསུམ་ལོ་ངོ་༢༩༦སོང་།
༡༥༣ ས་སྐྱ་གོང་མ་རྣམ་ལྔ་དེ་གང་རེད།
ཀུན་དགའ་སྙིང་པོ།བསོད་ནམས་རྩེ་མོ།གྲགས་པ་རྒྱལ་མཚན་ཏེ་དཀར་པོ་རྣམ་གསུམ་དང་།ཀུན་དགའ་རྒྱལ་མཚན་དང་འཕགས་པ་བློ་གྲོས་རྒྱལ་མཚན་ཏེ་དམར་པོ་རྣམ་གཉིས་དེ་རེད།
༡༥༤ གདུང་རབས་བདག་ཉིད་ཆེན་པོ་ནས་ས་སྐྱའི་སྲིད་དབང་ཤོར་བའི་བར་བོད་ཡུལ་ཇི་ལྟར་ཆགས་ཡོད།
དེ་གཉིས་ཀྱི་བར་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་དབུས་གཙང་ཟིང་ལོག་གི་ལོ་རྒྱུས་ཞེས་གྲགས་སོ།
༡༥༥ དུས་ནམ་ནས་ས་སྐྱའི་གདུང་རྒྱུད་གྱི་བླ་བྲང་ཁག་བཞིར་གྱུར།
སྤྱི་ལོ་༡༣༢༤ལོར་བདག་ཉིད་ཆེན་པོ་སྐུ་གཤེགས་པས་གདུང་རྒྱུད་རྣམས་ལས་བགྲེས་པ་ཏི་ཤྲི་ཀུན་དགའ་བློ་གྲོས་ཀྱི་གཅུང་པོ་རྣམས་ལ་བླ་བྲང་སོ་སོར་བགོས་པ་ནས་བྱུང་།
༡༥༦ ས་སྐྱའི་བླ་བྲང་ཁག་བཞི་དེ་གང་རེད།
གཞི་ཐོག་བླ་བྲང་དང་།ལྷ་ཁང་བླ་བྲང་།དུས་མཆོད་བླ་བྲང་།རིན་ཆེན་སྒང་བླ་བྲང་བཅས་བཞིའོ།
༡༥༧ དཔོན་ཆེན་ཤཱཀྱ་བཟང་པོ་ཧོར་དམག་གིས་དཀྲོངས་དོན་གང་ཡིན་ནམ།
འཕགས་པའི་ཉེ་གནས་རྣམས་ཀྱིས་དཔོན་ཆེན་ཀུན་དགའ་བཟང་པོ་ཁོང་འཕགས་པར་ལྷག་བསམ་རྣམ་དག་མི་འདུག་ཟེར་ནས་དབྱེན་སྦྱོར་གྱིས་དཀྲོངས་སོ།
༡༥༩ འགྲོ་མགོན་འཕགས་པ་འདས་ཚུལ་ག་འདྲ་རེད།
སེ་ཆེན་གོང་མས་དམག་དཔོན་ཆེན་པོ་གཉིས་དང་དམག་དཔུང་ཁག་གཅིག་བོད་དུ་བཏང་ནས་ཕོ་རོག་རྫོང་ཕབ།དཔོན་འབངས་ཕལ་ཆེར་མནན།སྐབས་དེར་འཕགས་པ་ལ་ཉེ་གནས་སོགས་ཀྱི་དབྱེན་མཁྱེན་གྱིས་དོགས་ནས་དུག་དྲངས་ནས་འཕགས་པ་དཀྲོངས་སོ།
༡༥༩ འབྲི་གུང་གླིང་ལོག་སྐབས་དོན་རྐྱེན་ཆེན་པོ་གང་བྱུང་།
༡༢༩༠ལོར་ས་སྐྱས་འབྲི་གུང་ལ་དམག་བརྒྱབ་སྟེ་འབྲི་གུང་ཐེལ་གྱི་ལྷ་ཁང་ཆེན་མོར་མེར་བསྲེགས་པ་དང་།སྐྱ་སེར་ཁྲི་གཅིག་ལྷག་ཙམ་གྱི་སྲོག་ཤོར།
༡༦༠ ས་སྐྱའི་དུས་གསོ་བ་རིག་པའི་སྲོལ་གསར་པ་གང་ཕྱེས།
གྲུབ་ཆེན་ཨོ་རྒྱན་པས་དངུལ་ཆུའི་བཙོ་བཀྲུའི་ལག་ལེན་གྱི་སྲོལ་ཕྱེས།
༡༦༡ ས་སྐྱའི་ལྷ་ཁང་ཆེན་མོའི་རྒྱབ་ཕྱོགས་ཀྱི་དཔེ་རྩིག་ཏུ་པོ་ཏི་ག་ཚོད་ཡོད།
སྔར་གྱི་ངག་རྒྱུན་ལ་པུ་སྟི་བརྒྱད་ཁྲི་བཞི་སྟོང་ཙམ་བཞུགས་པར་གྲགས།
༡༦༢ བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀྱི་ཁྱད་པར་གང་། ས་པཎ་གྱི་དུས་སུ།
བོད་དུ་འགྱུར་བའི་སངས་རྒྱས་ཀྱི་བཀའ་ཚང་མ་ཕྱོགས་གཅིག་ཏུ་བསྡུས་པ་ལ་བཀའ་འགྱུར་དང་།བསྟན་བཅོས་ཚང་མ་ཕྱོགས་གཅིག་ཏུ་བསྡུས་པ་ལ་བསྟན་འགྱུར་ཞེས་པའི་དབྱེ་བ་བྱུང་།
༡༦༣ གང་གི་དུས་སུ་བརྡ་སྤྲོད་རིག་པ་འཐུས་ཚང་བར་གྱུར།
ཤོང་ལོ་ཙཱ་བས་ཀཱ་ཙན་གཉིས་པོ་བོད་ཡིག་ཏུ་བསྒྱུར་ཏེ་འཆད་ཉན་སྤེལ་བ་ནས་བཟུང་བོད་དུ་བརྡ་སྤྲོད་རིག་པ་ཆ་ཚང་བར་གྱུར།
༡༦༤ བོད་དུ་སྤྲུལ་སྐུ་ངོས་འཛིན་གྱི་སྲོལ་ནམ་དུ་དར།
ས་པཎ་གྱི་སྐབས་སུ་གྲུབ་ཆེན་ཨོ་རྒྱན་པས་སྲོལ་ཕྱེས།
༡༦༥ ས་པཎ་གྱི་ཚད་མའི་གཞུང་གང་མཛད།
ཚད་མ་རིགས་གཏེར་མཛད།
༡༦༦ ས་སྐྱའི་དུས་གྲུབ་མཐའ་གསར་པ་གང་བྱུང་།
སྦྱོར་དྲུག་དང་བསྙེན་སྒྲུབ་གཉིས་བྱུང་ངོ་།
༡༦༧ ས་སྐྱའི་གདུང་རྒྱུད་མིན་ཡང་ས་སྐྱའི་ཁྲི་འཛིན་བྱེད་མཁན་སུ་ཡིན།
ཤར་བ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཡིན།
༡༦༩ ས་པཎ་ཅིའི་ཕྱིར་ཧོར་ལ་ཕེབས།
བོད་ཡུལ་ཞི་བདེ་དང་དམག་འཁྲུག་མི་ཡོང་བའི་ཆེད་དུ་ཕེབས་པ་རེད།
༡༧༠ ཧོར་ཇིང་གིར་རྒྱལ་པོས་ས་པཎ་བདན་དྲངས་དོན་ཅི།
མངའ་ཁོངས་གཅིག་གྱུར་དང་ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་གདན་དྲངས་བའོ།
༡༧༡ བདག་ཉིད་ཆེན་པོ་སྨན་རྩེའི་ཡུལ་དུ་སྤྱུགས་དོན་ཅི།
ཕྱག་ན་རྡོ་རྗེའི་སྲས་དྷ་རྨ་པ་ལ་གདན་སར་བསྐོ་བའི་ཆེད།ཡོན་གོང་མར་བདག་ཉིད་ཆེན་པོ་ས་སྐྱའི་གདུང་རྒྱུད་མིན་ཚུལ་སོགས་དབྱེན་སྦྱོར་བྱེད་པས་སོ།།
༡༧༢ ས་སྐྱའི་དུས་སུ་དུད་ཆུང་བརྩི་སྟངས་ཤོད།
མི་བཟའ་མི་གཉིས་དང་བུ་ཕོ་མོ་གཉིས།གཡོག་ཕོ་མོ་གཉིས་ཏེ་དྲུག ཕྱུག་རྟ་བོང་གཉིས།བ་གླང་ར་ལུག་རྣམས་དང་།།ཞིང་ཧོར་སོན་ཁལ་བཅུ་གཉིས་ཀྱི་ས་ཞིང་ཡོད་པ་རྣམས་ལ་དུད་ཆུ་གཅིག་ཟེར།
༡༧༣ ས་སྐྱའི་དུས་ཞིང་ཆེན་གཅིག་ག་འདྲ་བྱས་ནས་བརྩིས།
དུད་ཆུང་ཉེར་ལྔ་དེ་དུད་ཆེན་གཅིག་དང་དེ་གཉིས་ལ་རྟ་མགོ་གཅིག དེ་གཉིས་ལ་བརྒྱ་སྐོར་གཅིག དེ་བཅུ་ལ་སྟོང་སྐོར་གཅིག དེ་བཅུ་ལ་ཁྲི་སྐོར་གཅིག དེ་བཅུ་ལ་ཀླུ་གཅིག དེ་བཅུ་ལ་ཞིང་ཆེན་གཅིག་གོ།།
༡༧༤ ཕག་གྲུས་བོད་ལ་དབང་སྒྱུར་ལོ་ག་ཚོད་བྱེད་པ་རེད།
དེ་ལ་བཤད་ལུགས་མང་ན་ཡང་ཡོངས་གྲགས་སུ་ཉིད་བརྒྱ་དང་དྲུག་ཅུ་རེ་བཞི་བྱས།
༡༧༥ ཕག་གྲུ་རླངས་ཀྱི་གདུང་རྒྱུད་ཅེས་འབོད་པས་རླངས་ཀྱི་གདུང་རྒྱུད་དེ་ཇི་ལྟར་ཡིན་ནམ།
གནམ་ལྷ་མཆོད་བརྒྱད་ནང་གི་མང་སྡོམ་སྟག་བཙན་དང་།གནམ་སྨན་མའམ་ཚངས་སྲས་ལྷ་མོ་འདུས་པར་ཁྱེའུ་ངོ་མཚར་ཅན།སྤྱི་གཙུག་ན་དུང་ལྟར་དཀར་བའི་རླངས་པ་ཡོད་པ་ཞིག་འཁྲུངས་པ་དེ་ཡབ་ཀྱིས་གཟིགས་ནས་རླངས་སོ་རླངས་སོ་ལན་གསུམ་རླངས་སོ་ཞེས་པས་ཁྱེའུ་དེའི་མིང་ལ་ལྷ་རིགས་འཕན་པོ་ཆེ་རླངས་ཞེས་བཏགས་པར་གྲགས།དེ་ནས་མི་རབས་རིམ་བྱོན་ལ་རླངས་ཀྱི་གདུང་རྒྱུད་ཅེས་འབོད།
༡༧༦ ཕག་གྲུབ་བཀའ་བརྒྱུད་ཀྱི་གྲུབ་མཐའི་སྲོལ་འབྱེད་མཁན་སུ་ཡིན་ནམ།
མཉམ་མེད་དྭགས་པོ་ཟླ་འོད་གཞོན་ནུའི་དངོས་སློབ་ཕག་གྲུ་རྡོ་རྗེ་རྒྱལ་པོ་ཡིན།
༡༧༧ བཀའ་བརྒྱུད་ཆེ་བཞི་དེ་གང་ཡིན་ནམ།
འབའ་རོམ་བཀའ་བརྒྱུད།ཕག་གྲུ་བཀའ་བརྒྱུད།ཀརྨ་བཀའ་བརྒྱུད།ཚལ་པ་བཀའ་བརྒྱུད་བཅས་སོ།
༡༧༨ ཕག་གྲུའི་སྡེ་སྲིད་ཀྱི་སྲིད་རབས་དང་པོ་སུ་ཡིན་ནམ།
ཏྰ་སི་ཏུ་བྱང་ཆུབ་རྒྱལ་མཚནཡིན།
༡༧༩ ཕག་གྲུའི་སྡེ་སྲིད་ཀྱིས་ས་སྐྱ་བའི་ལག་ནས་སྲིད་དབང་འཕྲོག་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་དེ་གང་ཡིན་ནམ།
གཙོ་བོ་ས་སྐྱའི་བླ་བྲང་བཞི་པོའི་ནང་ཁུལ་གྱི་འགལ་བ་ཤུགས་དྲག་ཏུ་སོང་བས་་ཡིན་ནོ།

འབྲེལ་ཡོད་འོས་སྦྱོར།
-
༡༨༠ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཕག་གྲུ་སྡེ་སྲི...
-
༦༠བོད་རྒྱལ་སོ་གཉིས་པ་གནམ་རི་སྲོང་བཙན་གྱི་འཁྲུངས་འད...
-
༡ལོ་རྒྱུས་སྦྱོང་བ་ལ་དགོས་པ་ག་འདྲ་ཡོད། ལོ་རྒྱུས་ལ་ས...