ཡུལ་ལྷ་ཐར་ལགས་ཀྱི་བོད་ཡིག་ཆེད་རྩོམ།
《བོད་ཀྱི་བཙན་པོ་རིམ་བྱོན་གྱི་ཆབ་སྲིད་ལམ་ལུགས་ཞིབ་འཇུག》ཅེས་པའི་མདུན་ཤོག
མིག་སྔར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཡུལ་ལྷ་ཐར་གྱིས་ལྗགས་རྩོམ་གནང་བའི《བོད་ཀྱི་བཙན་པོ་རིམ་བྱོན་གྱི་ཆབ་སྲིད་ལམ་ལུགས་ཞིབ་འཇུག》པར་སྐྲུན་བྱས་ཟིན་པ་དང་། མི་རིགས་པར་སྐྲུན་ཁང་གིས་དངོས་སུ་འགྲེམ་སྤེལ་བྱས།
ཁོང་གི་བརྩམས་ཆོས་འདིས་རིག་གཞུང་ལས་རིགས་ཁྲོད་བོད་ཀྱི་བཙན་པོ་རིམ་བྱོན་གྱི་ཆབ་སྲིད་ལམ་ལུགས་ཞིབ་མཇུག་གི་སྟོང་ཆ་བསྐངས་ཤིང་། ལོ་ངོ་བཅུ་འགའི་རིང་བོད་ཀྱི་ལོ་རྒྱུས་རིག་པ་དང་གནའ་བོའི་བོད་ཀྱི་དཔྱད་གཞིའི་ཡིག་ཆ་ལ་ཞིབ་འཇུག་བྱས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་མངོན།
ཁོང་གི་གསུང་རྩོམ་འདི་ལེའུ་དྲུག་ཏུ་བསྒར་ཡོད་དེ། ལེའུ་དང་པོའི་ནང་བོད་བཙན་པོ་རིམ་བྱོན་སྐབས་ཀྱི་སྲིད་འཛིན་ལམ་ལུགས་ལ་ཞིབ་བཤད་དང། ལེའུ་གཉིས་པའི་ནང་གཙོ་ཆེར་བོད་བཙན་པོ་རིམ་བྱོན་སྐབས་ཀྱི་དཔོན་པོའི་ལམ་ལུགས་ལ་དབྱེ་ཞིབ། ལེའུ་གསུམ་པའི་ནང་བོད་བཙན་པོ་རིམ་བྱོན་སྐབས་ཀྱི་བཅའ་ཁྲིམས་ལམ་ལུགས་ལ་ཞིབ་བཤད། ལེའུ་བཞི་བའི་ནང་བོད་བཙན་པོ་རིམ་བྱོན་སྐབས་ཀྱི་དམག་དོན་ལམ་ལུགས་ལ་ཞིབ་བཤད། ལེའུ་ལྔ་བའི་ནང་བོད་བཙན་པོ་རིམ་བྱོན་སྐབས་ཀྱི་ཕྱི་འབྲེལ་ལམ་ལུགས་ལ་ཞིབ་བཤད། ལེའུ་དྲུག་པའི་ནང་བོད་བཙན་པོ་རིམ་བྱོན་སྐབས་ཀྱི་ནོར་སྲིད་དཔལ་འབྱོར་ལམ་ལུགས་ལ་ཞིབ་བཤད་བྱས་པ་རེད།
འབུམ་རམས་པ་ཡུལ་ལྷ་ཐར།
ཁོང་གིས་གནའ་བོའི་བོད་ཀྱི་ཡིག་ཆ་དང་རྒྱའི་ལོ་རྒྱུས་ཁྲོད་ཀྱི་བོད་བཙན་པོའི་ཆབ་སྲིད་ལམ་ལུགས་ཕྱོགས་ཀྱི་ཐར་ཐོར་དཔྱད་ཡིག་བཀོད་ཅིང་། ལོ་རྒྱུས་རིག་པ་དང་། ཡིག་ཚགས་རིག་པ། ཆབ་སྲིད་རིག་པ་སོགས་ཕན་ཚུན་ཞིབ་འཇུག་བྱས་པར་བརྒྱུད། རྒྱལ་ཁབ་ཕྱི་ནང་ཆེད་མཁས་པའི་ཞིབ་འཇུག་གི་རྨང་གཞིའི་སྟེང་ཐོག་མའི་བརྗོད་བྱ་བྲིས།
བརྩམས་ཆོས་འདི་ནི་བོད་ཀྱི་ལོ་རྒྱུས་རིག་པ་དང་། གནའ་བོའི་བོད་ཀྱི་ཡིག་ཆ་ཞིབ་འཇུག་གི་འཕེལ་རྒྱས་ལ་བཀོད་སྤྱོད་རིན་ཐང་ངམ་ལྟ་ཀློག་རིན་ཐང་ངེས་ཅན་ལྡན་ཞིང་། རྒྱལ་ཁབ་ཕྱི་ནང་བོད་རིག་ཆེད་མཁས་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་ཕྱོགས་ལ་ཞིབ་འཇུག་བྱེད་པར་ངེས་གསལ་ཆེན་པོ་སྟེར་ངེས་རེད།
འབུམ་རམས་པ་ཡུལ་ལྷ་ཐར་ནི་སྤྱི་ལོ1979ལོར་གཅན་ཚ་རྫོང་ནས་སྐྱེས་ཤིང་། མཚོ་སྔོན་དགེ་ཐོན་སློབ་གྲྭ་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་གཞོན་པ་དང་། བོད་ཡིག་སྡེ་ཁག་གཞུང་ལས་ཁང་གི་འགོ་གཙོ། ཀྲུང་གོའི་ཐུའུ་ལུ་ཧྥན་ལྷན་ཚོགས་གྲངས་ཉུང་མི་རིགས་སྐད་ཡིག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན། མཚོ་སྔོན་དགེ་ཐོན་སློབ་གྲྭ་མི་རིགས་དགེ་ཐོན་སློབ་ཆེན་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་གླིང་། ནུབ་བྱང་མི་རིགས་སློབ་ཆེན་སྐད་ཡིག་རིག་གནས་སློབ་གླིང་སོགས་ནས་སློབ་མཐར་ཕྱིན་པ་དང་། པེ་ཅིན་ཕྱི་རྒྱལ་གྱི་སྐད་ཡིག་སློབ་ཆེན་དབྱིན་ཡིག་སློབ་གླིང་ན་ལོ་གཅིག་རིང་ལ་ཟབ་སྦྱོང་བྱས། ལོ་འདི་འགའི་རིང་ལ་ཁོ་རང་བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་བོད་ཀྱི་ལོ་རྒྱུས་ཀྱི་སློབ་ཁྲིད་དང་ཞིབ་འཇུག་བྱ་བར་ཞུགས་པ་དང་གྲྭབ་འབྲས་ཀྱང་འབུར་དུ་ཐོན་པ་བླངས་ལ། ལྷག་པར་དུ་གནའ་བོའི་བོད་ཀྱི་དཔྱད་གཞི་རིག་པའི་རིག་ཚན་འཛུགས་སྐྲུན་དང་རྒྱལ་རབས་རིམ་པའི་ཆབ་སྲིད་རིག་གནས་ཞིབ་འཇུག་ལ་གཞུང་ལུགས་སྟེང་ནས་གྲུབ་འབྲས་ཁྱད་དུ་འཕགས་པ་མངོན། ལོ་འདི་འགའི་རིང་ལ《ཀྲུང་གོའི་བོད་རིག་པ》དང《བོད་ལྗོངས་ཞིབ་འཇུག》སོགས་སུ་རིག་གཞུང་དཔྱད་རྩོམ30ལྷག་དང་རྩོམ་རིག60ལྷག་སྤེལ་ཞིང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་ལས་གཞི་སྟེ་བོད་ཀྱི་གནའ་རབས་ལོ་རྒྱུས་ཤུལ་བཞག་གི་རྔོག་འདོན་དང་ལེགས་བཅོས་ཞིབ་འཇུག་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་ཚན་རིག་ཞིབ་འཇུག་གསར་བཟོ་འཆར་འགོད་ལས་གཞི་སྟེ་ཏུན་ཧོང་གནའ་ཡིག་བོད་ཀྱི་ས་མིང་ཞིབ་འཇུག་གཉིས་ལ་འགོ་འཛིན་མཛད་ཅིང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་ལས་གཞི་སྟེ་བོད་ཀྱི་གནའ་ཡིག་ཡིག་ཆ་དང་བོད་ཀྱི་དུས་འགོའི་སྐད་ཡིག་ཞིབ་འཇུག བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་འཆམ་སོགས་ལས་གཞི་ལ་ཞུགས་ཤིང་། ཐེངས་བཅུ་གཉིས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་དང་། ཐེངས་གསུམ་པའི་ཀྲུང་གོའི་མིའི་རིགས་རིག་པའི་མཐོ་རིམ་གླེང་སྟེགས། ཏུན་ཧོང་བོད་རིག་པའི་རྒྱལ་སྤྱིའི་རིག་གཞུང་གྲོས་བསྡུར་ཚོགས་འདུ་སོགས་སུ་ཞུགས་པ་རེད།
ལོ་ཙཱ་བ། ལྷ་མོ་ཚེ་སྐྱིད།