logo

དབང་མཛད་བཅུ་གཉིས་དུས་ཀྱི་སྤྱི་ཚོགས་ཀྱི་ངོ་བོ་བཤད་པ།

རྩོམ་པ་པོ།:ཆབ་འགག་རྟ་མགྲིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-07-31 ཀློག་གྲངས།:

    དེ་ཡང་དབང་མཛད་བཅུ་གཉིས་ནི་ལོ་ངོ་སུམ་སྟོང་སྔོན་ནས་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་བར་དུ་དབུས་གཙང་ཙམ་གྱི་ས་ཡི་དཀྱིལ་འཁོར་ལ་དབང་སྒྱུར་མཁན་ཡིན་པ་གཞིར་བྱས་ནས།  སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་ཅུང་ཟད་སྤྲོས་ན།  མིའི་རིགས་བྱུང་བ་ནས་གདོད་མའི་མི་ཚོགས་དང་།  མ་རྒྱུད་སྤྱི་ཚོགས་ཕ་རྒྱུད་སྤྱི་ཚོགས།  གྲལ་རིམ་སྤྱི་ཚོགས་བཅས་རྣམ་པ་མི་འདྲ་བ་བཞི་བརྒྱུད་པ་ལས།  སྐབས་དེའི་སྤྱི་ཚོགས་ནི་གྲལ་རིམ་སྤྱི་ཚོགས་སུ་མངོན་པར་སླེབས་ཡོད་པར་སྙམ།  རྒྱུ་མཚན་ནི།

    ༡.གྲལ་རིམ་གྱི་དབྱེ་བ་གསལ་ཞིང་འགལ་བ་ཛ་དྲག་ཡིན་པ།  གྲལ་རིམ་ནི་ལོ་རྒྱུས་ཀྱི་སྣང་ཚུལ་ཞིག་སྟེ་མིའི་རིགས་ཀྱི་ཐོན་སྐྱེད་གོང་དུ་འཕེལ་བའི་ལོ་རྒྱུས་ཀྱི་དུས་ཡིན་ངེས་ཅན་ཞིག་དང་འབྲེལ་བ་ཡོད་ལ།  དེས་ན་རང་རེ་བོད་ལ་གྲལ་རིམ་གྱི་དབྱེ་བ་ནམ་བྱུང་བ་ཡིན་ཞེ་ན།  དུས་འདི་ལས་བྱུང་བ་ཡིན་ཞེས་ཁ་མཚོན་གཅོད་དཀའ་མོད།  བོད་ལྗོངས་མཁར་རོ་ས་ཁུལ་དུ་ལོ་སྟོང་ཕྲག་བཞི་ལྔའི་སྔོན་གྱི་རྡོ་ཆས་གསར་པའི་དུས་སྐབས་ཀྱི་རྗེས་ཤུལ་རྨིད་གྲུ་བཞི་བ་ཁྲི་ཚོ་གཅིག་ཙམ་བྱུང་བ་ལས་རྡོ་བརྩིགས་ཀྱིས་གྲུབ་པའི་ཐོག་ཁང་རིམ་པ་གཉིས་ཅན་དང་།  སྤྱིལ་བུ་དང་ཆ་འདྲ་བའི་ཁང་པ་གོར་གོར་རམ་གྲུ་བཞི་སོགས་རིགས་མི་འདྲ་བ་ཉི་ཤུ་རྩ་བདུན་ཡོད་ཅིང་།  རྡོ་བརྩིགས་ཅན་གྱི་ཐོག་ཁང་དེ་སྤྱིལ་བུ་ལྟ་བུའི་ཁང་པ་ལས་རྒྱུ་ཆ་མང་ཞིང་རྒྱ་ཁྱོན་ཆེ་བ།  རྒྱུ་སྤུས་བཟང་བ།  བཀོད་པ་ལེགས་པ་བཅས་ལ་བརྟགས་ན།  སྐབས་དེར་ཁྱིམ་ཚང་དང་གྲོང་ཚོ་གྲུབ་ཡོད་པ་མངོན་གསལ་ཡིན་ལ།  ས་དེར་འབྲུ་རིགས་སའོ(粟)འབོར་ཆེན་ཐོན་པ་ལས་སྐབས་དེར་ཐོན་སྐྱེད་ནུས་ཤུགས་དང་ཞིང་ལས་ཐོན་རྫས་ལ་འཕེལ་རྒྱས་ངེས་ཅན་ཞིག་བྱུང་ནས།  འབྲུ་རིགས་ལྷག་མ་ཡོད་པར་ངེས་པས།  དབུལ་ཕྱུག་དང་གྲལ་རིམ་གྱི་དབྱེ་བ་འབྱུང་བའི་ཆ་རྐྱེན་འཛོམས་པ་རེད།  མ་སངས་སྤུན་དགུའི་བྱུང་རབས་སུ་གནམ་ལྷ་སྤྱི་རིང་གཡུ་རིང་གཡུ་སེ་ཟེར་བའི་སྤུན་མཆེད་གསུམ་བྱོན་པའི་ཆུང་བ་གཡུ་སེས་མིའི་རྗེ་བོ་མཛད་པ་དང་།  དེར་སྲས་བཞི་བྱུང་བ་རྣམས་ཀྱིས་ལྡོང་རུས་ཆེན་བཅོ་བརྒྱད་དང་འཐབ་ནས་བྲན་དུ་བཀོལ་ལ་དེའི་ཐོག་ནས་ཀྱང་མ་སངས་སྤུན་དགུ་མ་བྱོན་པའི་སྔ་རོལ་ནས་དབང་སྒྱུར་མཁན་དང་དབང་སྒྱུར་མྱོང་མཁན་གྱི་དབྱེ་བ་ཡོད་པ་ཤེས་ཤིང་།  རྒྱལ་པོ་བཀའ་ཐང་ལས།  གཙུག་ལག་རྒྱལ་པོ་གདུག་པ་སྦྲུལ་ལྟར་འཁྲིལ།།  ཆོས་ཀྱི་རྒྱལ་པོ་ཁྱི་ལ་སྤྱང་ལྟར་འཇབ།།  ནོར་གྱི་རྒྱལ་པོ་བྱེའུ་ལ་ཁྲ་ལྟར་འཇུམ།།  ཧོར་གྱི་རྒྱལ་པོ་ཤིང་ལ་སྟར་ལྟར་འཚབ།  ཕྱོགས་བཞིའི་རྒྱལ་པོ་ཕྱོགས་ནས་དར་བའི་ཚེ།།  དེ་དུས་བོད་ཁམས་མི་ལ་རྗེ་མེད་པས།།  རི་བྲན་བྲག་མཁར་ཀུན་ལ་རྫོང་ཡང་བཅས།།  གོས་དང་ཁ་ཟས་བཙན་མཁར་ནོར་བུ་བཅུག །  རྒོལ་དུ་མི་ཐུབ་དམག་གྲངས་ཉུང་བའི་དུས།། རང་ལ་དབང་མེད་ཚོགས་རྒྱབ་སྲབ་པའི་དུས།།  བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ།།  སྤུ་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང་།།  ཞེས་པ་ལྟར།  དབང་མཛད་བཅུ་གཉིས་ཀྱི་དང་པོ་གནོད་སྦྱིན་ནག་པོའི་དུས་སུ་སླེབས་ཚེ།  ནང་ཁུལ་དུ་གྲལ་རིམ་གྱི་དབྱེ་བ་ཡོད་ཅིང་།  ཕྱི་ཕྱོགས་སུ་བཙན་གཉོམ་གྱི་ཁྱད་པར་ཡོད་པར་མ་ཟད།  ཕྱི་ནང་གཉིས་ཀྱི་གྲལ་རིམ་འགལ་བ་དེ་དག་ཛ་དྲག་ཏུ་གྱུར་པ་ལ་བརྟེན་ནས།  གཅིག་གྱུར་གྱི་དབང་མཛད་མཁན་བྱུང་ཞིང་རུས་རྒྱུད་ཚོ་ཁག་གོང་བུ་གཅིག་ཏུ་བསྒྱུར།  ཕྱིའི་བཙན་འཛུལ་ལ་འགོག་རྒོལ་དང་ ནང་གི་གྱེན་ལྡོག་པར་གཉའ་གནོན་བྱས་པ་རེད།

    ༢.དབང་སྒྱུར་ལས་ཁུངས་ཚུགས་པ།  དབང་མཛད་བཅུ་གཉིས་དུས་སུ་དབང་སྒྱུར་མི་སྣ་དང་རྩ་འཛུགས་ག་འདྲ་ཡོད་ཅེ་ན།  སྐབས་དེར་རུས་རྒྱུད་ཚོ་ཁག་སྤྱི་ལ་དབང་སྒྱུར་མཁན་ཡོད་པ་དབང་མཛད་བཅུ་གཉིས་ཞེས་པ་དང་།  རྒྱལ་ཕྲན་སིལ་མ་བཅུ་གཉིས་སུ་ཐོར་པ་ལས་ཤེས་ཤིང་།  དབང་མཛད་དེ་དག་ལ་ཞི་དྲག་ཟུང་གི་ལས་ལ་བློ་འདྲི་ས་བློན་པོ་འགའ་རེ་ཡོད་པ།  ཏུང་ཧོང་གཏེར་ཡིགདང་།  ལྡེའུ་ཆོས་འབྱུང》《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》《མཁས་པའི་དགའ་སྟོནསོགས་སུ་རྒྱལ་ཕྲན་སིལ་མ་བཅུ་གཉིས་འདྲེན་སྐབས་རྒྱལ་ཕྲན་རེ་ལ་རྒྱལ་པོ་རེ།  རྒྱལ་པོ་རེ་ལ་བློན་པོ་གཉིས་རེ་ཡོད་པར་བསྟན་པས་ཤེས།  དེ་མིནལྡེའུ་ཆོས་འབྱུང་ལས་བཙན་པོ་གཉའ་ཁྲིས་རྒྱལ་ཕྲན་སིལ་མ་བཅུ་གཉིས་གཅིག་གྱུར་བྱས་ནས་སྤུ་རྒྱལ་བཙན་པོའི་ཁྲི་ལ་མངའ་སྒྱུར་དུས་ཆབ་སྲིད་དང་གཡུལ་འགྱེད།  ཆོས་ལུགས་བཅས་ལ་ཁ་ལོ་སྒྱུར་བའི་སྐུ་སྲུང་ལྷ་བོན་རེ་ཡོད་པར་བཀོད་པ་དང་དེའི་སྔོན་ནས་བོན་ལུགས་ཡོད་ཟུང་དུ་སྦྲེལ་ནས་བརྟག་གཞིགས་བྱས་ན།  དབང་མཛད་བཅུ་གཅིག་གི་དུས་སུའང་སྐུ་སྲུང་རིམ་གྲོ་སྒྲུབ་པའི


འབྲེལ་ཡོད་འོས་སྦྱོར།