logo

ཆོས་རྒྱལ་སྲོང་བཙན་སྐབས་ཀྱི་པོ་ཏ་ལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-06-05 ཀློག་གྲངས།:

    ༄༅།། ཤེལ་དཀར་རྡུལ་མང་བརྩེགས་པའི་རྗེས་འགྲོ་ཅན།  གངས་ཀྱི་རི་བོས་ཡོངས་སུ་བྲེས་པ་ན།     དགེ་བཅུའི་ལོ་འདབ་ཕང་ཕུང་ཆེར་གཡོ་བ།  དབུས་གཙང་རུ་བཞིའི་དཔག་བསམ་ལྗོན་པར་མཛེས།  གང་དེའི་དབུས་འགྱུར་སྐྱིད་ཤོད་ནོར་འཛིན་ངོས།  རྒྱུ་སྐར་ས་ལ་བཀྲམ་འདྲའི་གྲོང་ཁྱེར་མཆོག  ལྷ་མིའི་འབྱོར་པ་མ་ལུས་འདུ་བའི་ས།  སུམ་རྩེན་ཡུལ་གྲུའི་ཁེངས་པ་རབ་འཕྲོག་པ།  འཇིག་རྟེན་མེས་པོའི་དཔལ་ལ་འགྲན་ཟླར་བྱས།  སྲིད་གསུམ་ཀུན་ལས་རྣམ་པར་རྒྱལ་བའི་ཞིང༌།  སྡེ་བཞི་མ་ལུས་གཅིག་ཏུ་སྤུངས་པ་ཡི།  རྫོགས་ལྡན་མགྲོན་དུ་འབོད་པའི་པོ་ཏཱ་ལ།  ཁྲིམས་གཉིས་དྲང་པོར་སྲོང་བའི་སྲུབས་ཤིང་གིས།  ཕན་བདེའི་སད་སྲུང་རྣ་ཞགས་རིང་བསྐྱངས་པའི།  ཆེས་བཙན་བསྙེམས་མེད་སྒམ་པོའི་བློ་ཆེན་ལྡན།  གངས་ཀྱི་རི་བོས་བསྐོར་བའི་དབུས་སུ་བཞུགས།      ཞེས་བསྔགས་བརྗོད་ཀྱི་ཤིས་ཚིག་ཅུང་ཟད་སྤེལ་བ་སྔོན་དུ་བཏང་ནས།  ཇི་སྐད་དུ་བཀའ་གདམས་གླེག་བམ་ལས།  ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས།  རི་པད་མ་སྟོང་ལྡན་དབྱིབས་ལེགས་པ། དུས་དགུན་གསུམ་དཀར་པོ་ཤེལ་གྱི་མདོག  དབྱར་དུས་གསུམ་སྔོན་པོ་གཡུ་ཡི་མདོག  དུས་སྟོན་གསུམ་སེར་པོ་གསེར་གྱི་མདོག  དུས་དཔྱིད་གསུམ་ཁྲ་པོ་གཟི་ཡི་མདོག  མདོག་ཕུན་སུམ་ཚོགས་པའི་རི་བོ་ལ།  ལྟས་ཁྱད་པར་འཕགས་པའི་མཚན་མ་ཡོད།  དུང་དཀར་པོ་གཡས་སུ་འཁྱིལ་བ་ལ།  དར་དམར་པོ་རྭ་གའི་ཅོད་པན་ཡོད།  མི་ཁྱོད་ཀྱི་སྙན་པ་ཕྱོགས་བཅུར་འཕེལ།  དཔལ་བེའུས་རི་སྐོར་བརྒྱན་པ་ལ།  ནགས་བཀྲ་ཤིས་ཡལ་འདབ་རྒྱས་པ་ཡོད།  རི་བོགས་ཆད་གཡུ་ཡི་བུམ་པ་ལ།  ཆུ་ཡན་ལག་བརྒྱད་ལྡན་ཆུ་མིག་འབབ།  གནམ་སྔོན་པོ་གཡུ་བྱའི་གདུགས་སུ་ཕུབ།  ལས་ཉོན་མོངས་ཚད་པ་ཞི་བར་བྱེད།  རི་ཟུར་གསུམ་བྲག་གཞུང་གནམ་དུ་མཐོ།  མ་མཁའ་འགྲོའི་རྒྱལ་མཚན་སྒྲེང་བ་འདྲ།  ས་རྩེ་བརྒྱད་ལུང་པ་ཕྱོགས་སུ་གྱེས།  སྤྱི་འཁོར་ལོ་རྩིབས་བརྒྱད་ཕབ་པ་འདྲ།  ཐང་ཆེན་པོའི་གསེབ་ན་རི་ཆུང་ཉལ།  མཚོ་ཆེན་པོའི་ནང་གི་ཉ་མོ་འདྲ།  འབྲས་སྣ་ཚོགས་སྨིན་པའི་ཞིང་ས་ཅན།  འབྲུ་བང་མཛོད་རྒྱག་པའི་རྟགས་སུ་བཟང༌།  ཤིང་སྣ་ཚོགས་སྐྱེས་པ་ནགས་ཀྱི་ཁྲོད།  གནས་ཁང་བཟང་འཕེལ་བའི་རྟགས་སུ་བཟང༌།  ཆུ་མི་ཆེ་རྒྱ་མཚོ་ཆེན་པོ་ཡོད།  ཆུ་མི་ཆུང་ཆུ་བོ་དཔག་མེད་འབབ།  ཆུ་སྙོམས་པའི་ཡུལ་མི་རྟག་ཏུ་བདེ།  ཤར་ལྷུན་པོ་རྩེ་ནས་ཉི་མ་འཆར།  ཕྱོགས་གཞན་གསུམ་མི་ནོར་ཕྱུགས་ལ་ཤིས།  འཆར་མི་སྔ་སྔ་དུས་བསམ་གཏན་འཕེལ།  འཆར་མི་ཕྱི་ཉི་འོད་སྨིན་པ་ལས།  ལུས་བག་ཕེབས་བདེ་བར་སྤྱོད་པ་བྱེད།  རྒས་མི་སྔ་ཕོ་རབས་བདུན་སྟངས་འཕེལ།  རྒས་མི་ཕྱི་མཛངས་མའི་ལས་རྣམས་གྲུབ།  ཞེས་གསལ་བ་གསུངས་པ་ལྟར་ས་དཔྱད་ཕུན་སུམ་ཚོགས་པའི་གནས་དམར་པོ་རིར་ཐོག་མར་སྤྱི་ལོ་༤༨༠ཡས་མས་སུ་ཆོས་རྒྱལ་ཉི་ཤུ་རྩ་བདུན་པ་ལྷ་ཐོ་རས་སྙན་ཤལ་གྱིས་གནས་དེར་ཞབས་བཅག་ནས་བཞུགས་མྱོང་བ་དཔེར་ན།རྒྱལ་རབས་གསལ་བའི་མེ་ལོང་དང༌།  ཆོས་རྒྱལ་བཀའ་འབུམ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བདག་གི་ཡབ་མེས་ལྷ་ཐོ་ཐོ་རི་སྙན་ཤལ་འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་དེས།  ལྷ་ས་དམར་པོ་རིའི་རྩེ་ལ་བཞུགས་འདུག་པས་བདག་གིས་ཀྱང་ཡབ་མེས་ཀྱི་ཞབས་བཅག་པའི་ས་ཆ་བཀྲ་ཤིས་ཤིང་ཉམས་དགའ་བའི་གནས་དེར་ཕྱིན་ཏེ་སེམས་ཅན་གྱི་དོན་བྱེད་པར་དགོངས་ནས་འདི་ལྟར།  ང་གངས་རིའི་མགུལ་དུ་ཆོས་ཀྱི་རྒྱལ།  སེམས་གཡོ་རྒྱུ་མེད་པར་སྲོང་པོར་སྨྲ།  ཆོས་ནུས་མཐུ་བཙན་པོས་གཞན་ལ་ཕན།  མི་བདག་གི་ཡོན་ཏན་སྒམ་པོར་སྦེད།  ཞེས་གསུངས་ནས་དམར་པོ་རིའི་ལྡེབས་སུ་ཕོ་བྲང་གཟིམ་ཁང་དཀར་པོ་བཏབ་ནས་བཞུགས་སོ།།  དམར་པོ་རི་ཞེས་པའི་མིང་དེ་ལྷ་ཐོ་ཐོ་རི་སྙན་ཤལ་དུས་ནས་ཡོད་བཟོ་འདུག  ཆོས་རྒྱལ་སྲོང་བཙན་གྱི་ཐོག་མའི་ཕོ་བྲང་གཟིམ་ཁང་དཀར་པོ་དེ་ཆོས་རྒྱལ་སྒྲུབ་ཕུག་གི་འོག་དམར་པོ་རིའི་དབུས་སུ་གནས་ཡོད།  ལོ་རྒྱུས་ཡིག་ཆའི་ནང་ཐོག་བརྩེགས་བཅུ་གཅིག་བཤད་ཀྱང༌། ད་ལྟ་ཡིག་ཆའི་སྟེང་ནས་རྙེད་མཐོང་མ་བྱུང་བས་ཐོག་བརྩེགས་བཅུ་གཅིག་ཡོད་པ་ངོ་སྤྲོད་ཞུ་རྒྱུ་མེད་ཀྱང༌།  ཆོས་རྒྱལ་སྐབས་ཕོ་བྲང་བཞེངས་པ་རྣམས་རྡོའི་རྩིག་རྨང་སྟེང་གྱང་གི་རྩིག་པ་མཐོན་པོ་བརྩིགས་སྲོལ་ཡོད།  སྔ་རབས་བོད་དབུས་གཙང་ཁམས་ཁུལ་བཅས་བཞི་བཅུ་ཙམ་གྱི་སྤམ་མཐོའི་གྱང་སྐོར་གྲུ་བཞི་བུབ་སྟོང་དེ་ས་ཁུལ་ཁག་ནང་མཐོང་རྒྱུ་ཡོད་བབས་ལ་དཔགས་ན་ཆོས་རྒྱལ་གྱི་གཟིམ་ཁང་དཀར་པོ་དེ་ཡང་ཐོག་བརྩེགས་མཐོན་པོའི་ཕོ་བྲང་ཞིག་ཡོད་པ་ཡང་མངོན་ཐུབ་ཀྱི་འདུག  ད


འབྲེལ་ཡོད་འོས་སྦྱོར།