ལང་ཇུས་སྡེ་བཞི་ངོ་སྤྲོད་མདོར་བསྡུས།
མཁས་དང་གྲུབ་པའི་དབང་ཕྱུག་འཇམ་མགོན་ས་པཎ་ཀུན་དགའ་རྒྱ་མཚན་དཔལ་བཟང་བོ(བོད་རབ་བྱུང་གསུམ་པའི་ལྕགས་སྟག་སྤྱི་ལོ༡༡༨༢ལོར་འཁྲུངས)ཡས་སྲས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་ལང་ཇུས་སམ་ལང་ཀྲིའུ(凉州བོད་སྐད་དུ་བསིལ་ལྗོངས་ཟེར)སྡེ་བཞི་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ད་ལྟ་ཀན་སུའུ་ཞིང་ཆེན་གྱི་ཁོངས་བུའུ་བེ་གྲོང་ཁྱེར(武威)དུ་ཡོད།
དེ་ཡང་འཇམ་མགོན་ས་པཎ་གང་ཉིད་དགུང་ལོ་རེ་གསུམ་བཞེས་པ་སྤྱི་ལོ༡༢༤༤ལོར་སོག་པོ་ཧོར་གོ་དན་རྒྱལ་བོའི་སྤྱན་འདྲེན་གྱི་ཕོ་ཉ་དང་གསེར་ཡིག་འབྱོར། གང་གི་སློབ་དཔོན་གོང་མ་རྣམ་པའི་ལུང་བསྟན་དང་མཐུན་པར་ཧོར་རྒྱལ་བོའི་བཀའ་ལྟར་ཕྱག་ཕྱིར་པཎྜི་ཏ་ཉིད་ཀྱི་རུས་གཏོགས་སྐུ་ཚ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དགུང་ལོ་བཅུ་བཞེས་པ་ཞིག་དང་། འགྲོ་མགོན་ཕྱག་ན་དགུང་ལོ་དྲུག་པ་བཞེས་པ་ཞིག གཞན་མདོ་སྔགས་ཀྱི་གཞུང་དང་རིག་གནས་ཀུན་ལ་ནང་བྱན་ཆུད་པའི་མཁས་དབང་མང་བོ་དང་བཅས་དཔལ་གྱི་ཆོས་སྡེ་ཆེན་པོ་ས་སྐྱ་དང་ཞལ་གྱེས་ནས་ཧོར་རྒྱལ་པོའི་ཕོ་བྲང་ལང་ཇུས་མཁར(ལང་ཀྲིའུ凉州、甘肃武威)དུ་འབྱོར་ཏེ་མཆོད་ཡོན་གཉིས་ཞལ་འཛོམས། ཕན་ཚུན་དགའ་སྟོན་དང་ལེགས་འབུལ་བསམ་ལས་འདས་པ་མཛད། དེ་ནས་ཧོར་རྒྱལ་བོའི་མངའ་འོག་དེར་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་དར་ཞིང་ཕྱོགས་བཞིར་མཛད་པ་དུ་མ་བསྟན་པའི་གནས་རྣམས་སུ་ལང་ཇུས་སྡེ་བཞི་ཞེས་ཡོངས་སུ་གྲགས་པ་འདི་རྣམས་ཆགས་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། མཐར་མཁས་དང་གྲུབ་པའི་དབང་ཕྱུག་འདི་ཉིད་ཧོར་གྱི་ཡུལ་དུ་བགྲང་བྱ་བརྒྱད་ཙམ་བཞུགས་སྟེ་དགུང་ལོ་བདུན་ཅུ་བཞེས་པ་བོད་རབ་བྱུང་བཞི་བའི་ལྕགས་ཕག་སྤྱི་ལོ༡༢༤༡ལོར་ལང་ཇུས་སྡེ་བཞིའི་ནང་གསེས་སྤྲུལ་བའི་སྡེའམ་མེ་ཏོག་ར་བའི་སྡེ་ཞེས་པར་མྱ་ངན་ལས་འདས་པའི་ཚུལ་བསྟན་པར་གྲགས་སོ།།
དཔའ་རིས་བྱང་ཕྱོགས་ལང་ཇུས། ཀན་ཀྲུས(甘州、今张掖)ཤུས་ཀྲུས(肃州、今酒泉)ཤ་ཅུས(沙洲、今敦煌)སོགས་མདོ་ལ་རིང་མོའི་ཉིན་ཕྱོགས་ཀྱི་ས་ཆ་འདི་དག་གནའ་དུས་རོང་དང་སྤྱང་ཟེར་བའི་བོད་རིགས་གནས་པའི་ས་ཆ་ཡིན་པས་འདིའི་ཡ་གྱལ་ལང་ཇུས་སྡེ་བཞི་ཞེས་གྲགས་པ་འཇམ་མགོན་ས་པཎ་གྱིས་བྱིན་གྱིས་རླབས་པའི་ཆོས་སྡེ་ཆེན་པོ་ཞིག་ནི། ཤར་སྤྲུལ་བའི་སྡེ། ལྷོ་དབང་སྡེ། ནུབ་པདྨོ་སྡེ། བྱང་རྒྱ་མཚོ་སྡེ་བཅས་ཡིན།
དང་པོ་ཤར་སྤྲུལ་བའི་སྡེ་ནི། ལང་ཇུས་མཁར་གྱི་ཤར་ཕྱོགས་ལེ་བར་ལྔ་བཅུ་ཙམ་ན་ཡོད། དེ་ནི་ཧོར་གོ་དན་རྒྱལ་བོས་ས་པཎ་གྱི་རྟོགས་པ་ཇི་ལྟ་བུ་ཡོད་སྙམ་ནས་ཚོད་བགམ་པའི་ཕྱིར་དུ་སྒྱུ་མ་མཁན་མང་བོ་བཀུག་སྟེ་ལྷ་ཁང་དང་མཆོད་རྟེན་སོགས་སྤྲུལ་དུ་བཅུག་པ་ལ་ས་པཎ་གྱིས་མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཅེས་སོགས་ཤིས་བརྗོད་ཀྱི་བདེན་པ་བརྗོད་ནས་བྱིན་གྱིས་རླབས་པས་སྒྱུ་མ་བཤིག་མ་ཐུབ་པར་གྲགས་པ་དེ་ཡིན། སྔོན་ཆད་འདིར་ལྷ་རྟེན་ཆོས་གསུམ་དང་རིག་གནས་དངོས་རྫས་སོགས་དཔག་ཏུ་མེད་པ་མཆིས་པ་ལོ་རྒྱུས་ཀྱི་འཕོ་འགྱུར་དབང་གིས་དེང་སང་མིང་གི་ལྷག་མར་གྱུར་འདུག ས་པཎ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་གནས་ཀྱང་སྤྲུལ་བའི་སྡེ་འདི་ལགས་ལ། ས་པཎ་གྱི་སྐུ་གདུང་བཞུགས་སུ་གསོལ་བའི་མཆོད་རྟེན་དཀར་པོ་ཞིག་ཡོད་པ་རྒྱ་མིས་པེ་ཐ་ཟི(白塔寺)ཞེས་འབོད། སྤྱི་ལོ༡༩༢༧ལོར་ལང་ཇུས་ཕྱོགས་སུ་ས་འགུལ་ཆེན་པོ་བྱུང་བས་སྤྲུལ་བའི་སྡེའི་གཞིར་ཆགས་པའི་མཆོད་རྟེན་སོགས་རྟེན་དང་བརྟེན་པ་བཅས་འབྱུང་བར་ཐིམ་ཞིང་འཕྲིན་ལས་ཀྱི་མཇུག་བསྡུས། ད་ལྟ་ཤུལ་ཙམ་ཡང་ངོས་ཟིན་དཀའ་པར་སྣང་ངོ་།།
གཉིས་པ་ལྷོ་དབང་སྡེ་ནི། ལང་ཇུས་མཁར་གྱི་ལྷོ་ཕྱོགས་ལེ་བར་སུམ་ཅུ་ཙམ་ན་ཡོད། དེ་ནི་བཀའ་གདམས་བུ་ཆོས་སུ་འབོད་པའི་སྤྱན་རས་གཟིགས་ཀྱི་སྐྱེ་རབས་ལས་བྱུང་བའི་བླ་མ་དྲི་མ་མེད་པས། རྒྱལ་བུ་ཀུན་མཆོག་འབངས་ལ་གནང་བའི་ཙན་དན་ཀོ་ཤི་ཥའི་མཆོད་རྟེན་གསེར་ཞུན་མས་གཡོགས་པ་རྟེན་གཙོར་བཞུགས་པས་རྒྱ་མིས་ཅིན་ཐ་ཟི(金塔寺)ཟེར། ས་པཎ་གྱིས་ཧོར་གོ་དན་དཔོན་གཡོག་ལ་དགྱེས་རྡོར་སོགས་སྔགས་བླ་མེད་ཀྱི་དབང་ལུང་མང་དུ་གནང་བའི་གནས་ཡིན་པས་དབང་སྡེར་གྲགས། དབང་སྡེ་དེ་ཉིད་དུ་དེང་སང་ཤུག་སྡོང་ཆེན་པོ་རྩེ་མོ་དགུང་ལ་སྙེགས་པ་བཅུ་ཕྲག་འགའ་སྐྱེས་ཡོད་པ་ལ་ས་ངོ་ཟིན་པ་ཙམ་མོ།། ལྷོ་དབང་སྡེ་དང་མི་རིང་བའི་ཐུ་ཧྲན་ཐོའུ་ཞེས་པའི་རི་ཞོལ་དུ། ཧོང་ཧྭ་ཟི་ཟེར་བའི་ས་དེར་འ་ཞའི་རྒྱལ་བོའི་བཙུན་མོ་རྒྱ་བ