བོད་ཀྱི་རིམ་བྱོན་བཙན་པོའི་ལོ་ཚིགས་གཏན་ལ་ཕབ་པ།(གཉིས)
རྒྱུ་མཚན་འདི་དག་གི་དབང་གིས་བཙན་པོ་ཁྲི་རལ་མེ་མོ་བྱ་ (877)ལོར་རྒྱལ་སར་བཞུགས་པ་ལས། 《ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་ཐུབ་བསྟན་གསལ་བར་བྱེད་པའི་ཉི་འོད》(འདི་མན་ནས་《ཀློང་ཆེན་ཆོས་འབྱུང་》ཞེས་འབྱུང༌། )དུ། “དེ་ལ་གཅེན་རྗེ་བཙུན་གསང་བའི་མངའ་བདག་ཕྱག་ན་རྡོ་རྗེའི་སྤྲུལ་བ། མངའ་བདག་རལ་བ་ཅན་དགུང་ལོ་བཅོ་བརྒྱད་ཟེར་བའང་འདུག ལོ་བཅུ་ལོན་པ་ལ་དབང་བསྐུར་ནས་ཆབ་སྲིད་གཏད”ཅེས་པ་འདི་ཧ་ཅང་དག་པར་འདོད། དེ་མིན་སྔར་བཤད་ཟིན་པ་བཞིན་ཐང་རྗེ་མོའུ་ཙུང་གིས་སྤྱི་ལོ་821ནས་824བར་ལོ་བཞི་ལས་སྲིད་མ་བཟུང་བའི་ཕྱིར།《མཁས་པའི་དགའ་སྟོན》དུ“རྒྱ་རྗེ་མུ་ཛུང་གིས་རྒྱལ་ས་བྱས་ནས་ལོ་བཅུ་བཞི”ཞེས་པ་དེ་ནི་ནོར་བར་ངེས་ཏེ། དབོན་ཞང་གི་འདུམ་ཐོག་མར་བྱས་དུས་ཐང་རྗེ་འདི་པའི་ཁྲི་ལོ་དང་པོ་ཡིན་ལ། ཆུ་སྟག་ལོར་བོད་ཀྱིས་གཙིགས་འཛིན་དུས་ཁྲི་ལོ་གཉིས་པ་ཡིན། གལ་ཏེ་དེ་དུས་འདི་པས་རྒྱལ་ས་བྱས་ནས་ལོ་བཅུ་བཞི་ཡིན་དགོས། དེའི་ཕ་སྟེ་ཐང་ཞན་ཙུང་(唐宪宗)གི་ཁྲི་ལོའི་ཁྲོད་ནས་བུ་ལ་ལོ་བཅུ་གཉིས་ཙམ་མ་བསྐྱིས་ན་སྒྲིག་ཐབས་ཀྱིས་ཟད་དོ།།
དབོན་ཞང་འདུམ་སྟེ་ཆད་མལ་གྱི་བྲོ་བོར་བའི་ལོ་ཚིགས་དང་བཅས་པའི་སྐོར་གོང་གསལ་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་ལས་བྱུང་བ་དག་མ་ཟད་དོ།། རྒྱའི་ལོ་རྒྱུས་དེབ་ཐེར་མང་པོར་ཡང་གསལ་པོར་བཀོད་ཡོད། འདིར་《ཐང་ཡིག་གསར་མ》ལས་བྱུང་བའི་ཚན་པ་ཞིག་བསྒྱུར་ཏེ་དྲངས་ན་འདི་ལྟར་དུ། “ཁྲང་ཆིན་ལོ་དང་པོར། ......བོད་ཀྱི་ཕོ་ཉ་པ་ཁྲི་མདོ་ཟིགས་ཕྱག་འཚལ་དུ་འབྱོར་ཏེ་འདུམ་བྱ་བར་ཞུས་པ་གོང་ས་ནས་གསན་དུ་བཞེད་པ་དང༌། .......བཞེད་ནས་ཀྱང་ཏཱ་ལི་ཆིན་གྱི་ཐོབ་ཡོད་པ་ལོའུ་ཡོན་ཏེང་(大理卿刘元鼎)མཇལ་འདུག་གྱི་གཙིགས་འཛིན་པའི་ཕོ་ཉ་པ་ཆེན་མོ་དང༌། ཡོའུ་སི་ལང་ཀྲུང་གི་ཐོབ་ཡོད་པ་ལོའུ་ཧྲི་ལའོ་(右司郎中刘师老)ཕལ་བར‘བསྐོསཤིང༌། བློན་ཆེན་ནམ་ཧྲང་ཧྲོའུ་ཡོའུ་ཕོའུ་ཧྲི་ཀྲུང་ཁྲིན་གྱི་ཐོབ་ཡོད་པ་ཉོའུ་སིན་རོའུ་(御史中牛僧孺)། ལིས་པུའུ་ཧྲང་ཧྲོའུའི་ཐོབ་ཡོད་པ་ལིས་ཅའེ་(吏部尚书李绛)། པེན་པུའུ་ཧྲང་ཧྲོའུའི་ཐོབ་ཡོད་པ་ཞའོ་མེན(兵部尚书萧俛)། ཧོའུ་པུའུ་ཧྲང་ཧྲོའུའི་ཐོབ་ཡོད་པ་དབྱང་ཡུས་ལི་ན་(户部尚书杨于陵)། ལིས་པུའུ་ཧྲང་ཧྲོའུའི་ཐོབ་ཡོད་པ་ཝེ་ཧྲུའུ་(礼部尚书韦缓)། ཐའེ་ཁྲང་ཆིན་གྱིཐོབ་ཡོད་པ་ཀྲའོ་ཙུང་རོའུ་(太常卿赴宗儒)། སི་ནུང་ཆིན་གྱིཐོབ་ཡོད་པ་ཕེ་བོའུ(司农卿裴武)། ཅིང་ཀྲའོ་དབྱིའི་ཐོབ་ཡོད་པ་ལོའུ་གུང་ཁྲའོ་(京兆尹柳公绰)། ཡོའུ་ཅེང་ཝུའུ་དམག་དཔོན་ཆེན་མོའི་ཐོད་ཡོད་པ་ཀུའོ་ཚུང(右金吾将军郭纵)བཅས་ཀྱིས་བོད་ཀྱི་ཕོ་ཉ་པ་ལྷ་ལོད་དང་ལྷན་དུ་ཅིན་ཧྲིའི(京师)ནུབ་འདབས་སུ་འདུམ་བྱེད་པར་བཀས་གནང༌། བཙན་པོའི་འདུམ་འཕྲིན་ལས། ‘དེ་ལས་ཕན་ཚུན་དགྲར་མི་འཐབ། དམག་མི་དྲང་། ཡུལ་མི་བརྣབ། ཡིད་མ་ཆེས་པ་ཞིག་ཡོད་ན། བཟུང་ཞིང་གམ་དྲིས་ཏེ་བརྫངས་ནས་ཕྱིར་གཏང་ངོ’ཞེས་པ་བཞིན་བསྩལ་ཅིང་། བློན་ཆེན་པོ་གཙིགས་འཛིན་པར་གཏོགས་པ་རྣམས་ཀྱི་མིང་རུས་གཙིགས་ཡིག་གི་མཐར་བཀོད”ཅེས་དང་། “ཕྱི་ལོར། 〔བོད་ཀྱིས〕སོ་མཚམས་གཅོད་པར་བྱ་ཞེས་ཞུས་པས། ཡོན་ཏེང(元鼎)དང་ལྷ་ལོད་གཉིས་ཀྱིས་ཕ་གའི་རྒྱལ་ཁབ་འདུམ་བྱས་ཏེ། ཕ་གའི་བློན་ཆེན་པོ་རྣམས་ཀྱི་མིང་རུས་ཀྱང་གཙིགས་ཡིག་ཏུ(讷罗)ཞེས་བྲིས་པ་དེ་བཀའ་གཙིགས་རྡོ་རིང་གི་བྱང་ངོས་སུ། “བོད་ཆེན་པོའྀ་བློན་པོ་ཆེ་ཕྲ་མཇལ་དུམ་གྱྀ་གཙིགས་འཛྀན་པ་ལ་གཏོགས་པའི་ཐབས་དང་མྱྀང་རུས་ལ”ཞེས་པའི་ཁྲོད་ན་མེད་འདྲ་བས་ཡ་མཚན་གྱི་གནས་སུ་གྱུར། དེ་ཡང། ངེད་རང་གིས་འདིར“ལྷ་ལོད”ཅེས་བྲིས་པའི་རྒྱུ་མཚན་ནི《སྒྲ་སྦྱོར་བམ་གཉིས》ལས། “རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་སྐྱིའི་འོན་ཅང་དོ་ན་བཞུགས། སྟོད་སྨད་ཀྱི་དམག་རྙིང་རྗེད་ངང་རྐུན་ཆེན་བཏུས(བཏུལ)། གར་ལོག་གི་ཕོ་ཉས་ཕྱག་བཙལ།བློན་ཆེན་པོ་ཞང་ཁྲི་ཟུང་རམ་ཤགས་དང༌། &nb