༄༅།།བང་སོ་འདི་རྒྱལ་ཡོངས་ཀྱི་གསར་མཐོང་ཆེན་པོ་བཅུའི་གྲས་སུ་ཚུད།
རྩོམ་པ་པོ།:ཡེ་ཤེས་སྒྲོལ་མས་བསྒྱུར།
ཡོང་ཁུངས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2021-03-04
ཀློག་གྲངས།:
ཟླ2པའི་ཚེས25ཉིན། རྒྱལ་ཁབ་རིག་དངོས་ཅུའུ་ཡིས2020ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཆེན་པོ་བཅུའི་ཐོག་མའི་དཔྱད་འདེམས་མཇུག་འབྲས་ཁྱབ་སྒྲོག་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཏུའུ་ལན་ཆུ་ཁོལ་བང་སོའི་ཚོགས་ལས2018ལོར་བསྔོགས་པའི་ཤེའུ་བང་སོ་དང་པོ་གནའ་རྫས་རྟོག་ཞིབ་ལས་གཞི་མཐའ་འཇུག་དཔྱད་འདེམས་ནང་ཚུད་པ་རེད།
བསྡོམས་རྩིས་བྱས་པ་ལྟར་ན། དཔྱད་འདེམས་བྱེད་སྒོའི་གཞུང་དོན་ཁང་གིས་འདེམས་ཤོག224བཏོན་པའི་ནང་ཚོགས་པའི་འདེམས་ཤོག88དང་། ལས་འཛིན་འདེམས་ཤོག136ཡོད་པ་རེད། ཐེངས་འདིའི་ཐོག་མའི་དཔྱད་འདེམས་ནང་། ཚོགས་པ་ཁག་དང་ལས་འཛིན་གྱིས་འདེམས་ཤོག་འཕངས་ནས་ཚུར་ལན་ཧུར་ཐག་བྱས་ཏེ་གོ་ཆོད་འདེམས་ཤོག235འབྱོར་བ་དང་། དཔྱད་འདེམས་ནང་ཞུགས་ཚད96.4%ཟིན་ཡོད་པ་རེད། 2020ལོར་གནའ་རྫས་རྟོག་ཞིབ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་འགྲན་རྩོད་ཛ་དྲག་ཡིན་པས། ཆེད་མཁས་པ་རྣམས་ཀྱིས་གནའ་རྫས་རྟོག་ཞིབ་གལ་ཆེན་བྱས་ནས་ཤེས་རྟོགས་བྱུང་བའི་རིག་གཞུང་གི་དོན་སྙིང་ཐད་ངོས་འཛིན་གཅིག་གྱུར་བྱུང་བ་དང་། འདེམས་ཤོག་ཨང་དང་པོ་ཐོབ་པའི་ལས་གཞི་ལ་འདེམས་ཤོག196ཐོབ་པ་དང་། མདུན་གྲལ་བཅུའི་ལས་གཞི་ལ་ཐོབ་པའི་འདེམས་ཤོག་ཚང་མ་འདེམས་ཤོག150ཡན་ཟིན་ཡོད་པ་རེད། 2020ལོར་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་ཀྱི་གསར་མཐོང་ཆེན་པོ་བཅུའི་ནང་ཚུད་པའི་མཐའ་མའི་དཔྱད་བསྡུར་ལས་གཞིའི་མིང་ཐོ།(དུས་རབས་སྔ་ཕྱིའི་རིམ་པ་ལྟར་ཡིན། )

འབྲེལ་ཡོད་འོས་སྦྱོར།