༄༅། །མདོ་དབུས་མཐོ་སྒང་གི་ནུབ་རྒྱུད་ནས་རྙེད་པའི་གསེར་གྱི་གདོང་འབག
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།
དུས་ཚོད།:2021-12-13
ཀློག་གྲངས།:
ད་ལོར། མདོ་དབུས་མཐོ་སྒང་གི་གནའ་རྫས་གསར་རྙེད་གཉིས་རྒྱལ་ཡོངས་ཀྱི“གནའ་རྫས་གསར་རྙེད་ཆེན་མོ་བཅུ”ཡི་ནང་དུ་ཚུད་ཡོད་ལ། དེ་ལས་གཅིག་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་གི་བང་སོ་དང་ཅིག་ཤོས་ནི་མཚོ་སྔོན་གཏེར་ལམ་རྫོང་གི་ཆུ་ཁོལ2018བང་སོ་དང་པོ་ཡིན། བང་སོ་འདི་གཉིས་ཀ་ནས་གསེར་གྱི་གདོང་འབག་གམ་ཡང་ན་གསེར་གྱི་རྒྱུ་ཆ་བྱས་པའི་ངོ་གདོང་གི་རྒྱན་ཆས་ཐོན་ཡོད་པ་རེད།
གུར་གྱམ་བང་སོ་ནས་རྙེད་པའི་གསེར་གྱི་གདོང་འབག པར་རིས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གིས་འདོན་སྤྲོད་བྱས།
2012ལོ་ནས2013ལོའི་བར་ལ། བོད་ལྗོངས་མངའ་རིས་ས་ཁུལ་གྱི་གུར་གྱམ་བང་སོ་དང་ཆུ་མཐའ་བང་སོའི་སྔོག་འདོན་གྱི་ཁྲོད་ནས་ཀྱང་གསེར་གྱི་གདོང་འབག་སྐོར་ཞིག་རྙེད་པ་རེད། དེ་རིང་། ང་ཚོས་མདོ་དབུས་མཐོ་སྒང་གི་ནུབ་རྒྱུད་ཀྱི་གསེར་གྱི་གདོང་འབག་རྙེད་པའི་གོ་རིམ་ལ་རྒྱུས་ལོན་ཞིག་བྱེད།
གུར་གྱམ་བང་སོའི་རྣམ་པ། པར་རིས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གིས་འདོན་སྤྲོད་བྱས།
གཅིག གུར་གྱམ་བང་སོའི་གསེར་གྱི་གདོང་འབག
བང་སོ་འདི་ནི་བོད་ལྗོངས་མངའ་རིས་མོན་མཚེར་ཞང་གི་གུར་གྱམ་དགོན་གྱི་མདུན་དུ་ཡོད་ཅིང་། རླངས་འཁོར་ཆེ་བ་ཞིག་དགོན་པའི་སྒོ་མདུན་ནས་རྒྱུ་སྐབས། ས་ངོས་ལ་རྡིབ་ཉིལ་བྱུང་བ་དང་། དགོན་པའི་གྲྭ་བ་ཚོས་རྡིབ་ཉིལ་བྱུང་ས་ནས་དོང་ཟབ་མོ་ཞིག་མཐོང་བར་མ་ཟད། ད་དུང་གཙང་སྦྲ་བྱེད་དུས། དར་གོས་སྐོར་ཞིག་ཀྱང་རྙེད་པ་རེད།
གུར་གྱམ་བང་སོའི་གསེར་གྱི་གདོང་འབག པར་རིས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གིས་འདོན་སྤྲོད་བྱས།
2012ལོར། དངོས་སུ་བང་སོ་འདི་སྔོག་འདོན་བྱེད་མགོ་ཚུགས་ཤིང་། བང་སོ་ནས་དུར་རྫས་མང་པོ་རྙེད་པ་དང་། དེའི་ནང་དུ་གསེར་གྱི་གདོང་འབག་ཆུང་ཆུང་ཞིག་ཀྱང་ཡོད་པ་རེད།གཉིས། གུར་གྱམ་བང་སོ་གཉིས་པའི་གསེར་གྱི་གདོང་འབག
2013ལོར། གུར་གྱམ་བང་སོའི་ཁྲོད་ཀྱི་བང་སོ་ཞིག་ནས་ཀྱང་གསེར་རྩི་བྱུགས་པའི་དངུལ་རྒྱུ་ལ་འདྲ་བའི་གསེར་རྒྱན་ཞིག་རྙེད་པ་དང་། གདོང་འབག་དེ་ལ་གཏོར་བརླག་ཐེབས་ཚུལ་ཧ་ཅང་ཚབས་ཆེན་ཡིན་སྟབས། སྔར་དབྱིབས་སླར་གསོ་བྱེད་དཀའ་ནའང་། གདོང་འབག་གི་མཐའ་འཁོར་ན་ཁུང་བུ་ཆུང་ཆུང་འགའ་ཡོད་པ་མཐོང་ཐུབ།
གསེར་རྩི་བྱུགས་པའི་དངུལ་ལེབ། པར་རིས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གིས་འདོན་སྤྲོད་བྱས།
བང་སོ་འདི་དང་གོང་དུ་བརྗོད་པའི2012ལོའི་བང་སོ་དང་པོ་གཉིས་ནི་དུས་རབས་གཅིག་ཏུ་ཡིན་ཤས་ཆེ་ཞིང་། ཕལ་ཆེར་དུས་རབས2ནས4ཙམ་གྱི་བར་ནས་ཡིན་པ་རེད།གསུམ། ཆུ་འཐག་བང་སོའི་ས་ཁུལIཔའི་གསེར་གྱི་གདོང་འབག
བང་སོ་འདི་ཡི་གསེར་གྱི་གདོང་འབག་ནི2009ལོར་རྙེད་པ་ཞིག་ཡིན་ལ། སྐབས་དེར། རྩ་མདའ་རྫོང་རིག་དངོས་ཅུས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྐབས། དོང་དབྱིབས་ཀྱི་བང་སོ་ཞིག་རྙེད་པ་དང་། བང་སོའི་ནང་དུ་རྫ་ཆས་དང་དུར་སྒམ་ཡོད་པ་རེད། རྗེས་མར་བང་སོའི་ནང་ལ་གཙང་སྦྲ་བྱེད་དུས། དུར་རྫས་མང་པོ་རྙེད་པ་དང་། དེའི་ནང་དུ་གསེར་གྱི་གདོང་འབག་འཐུས་ཚང་བ་ཞིག་ཀྱང་ཡོད་པ་རེད།
ཆུ་འཐག་བང་སོའི་ས་ཁུལIཔ་ནས་རྙེད་པའི་གསེར་གྱི་གདོང་འབག པར་རིས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གིས་འདོན་སྤྲོད་བྱས།
གསེར་གྱི་གདོང་འབག་འཐུས་ཚང་བ་དེ་ནི་བོད་ལྗོངས་མངའ་རིས་དང་དེའི་ཉེ་འཁོར་ས་ཁུལ་ནས་རྙེད་པའི་གསེར་གྱི་གདོང་འབག་ཚང་མའི་ཁྲོད་ཀྱི་རྒྱ་ཁྱོན་ཆེས་ཆེ་བ་དང་མཛེས་རིས་ཆེས་རྙོག་དྲ་ལྡན་པ། དར་གོས་ཀྱི་ཟུར་རྒྱན་ཆེས་ཕུན་སུམ་ཚོགས་པ་ཞིག་ཡིན་པ་རེད།བཞི། ཆུ་འཐག་བང་སོའི་ས་ཁུལIIཔའི་གསེར་གྱི་གདོང་འབག
བང་སོ་འདི་ནི2013ལོའི་དགུན་ཁ་ཞིག་ལ། རྩ་མདའ་རྫོང་རིག་དངོས་ཅུས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོ་རིམ་ཁྲོད་དུ་རྙེད་པ་ཞིག་ཡིན་ལ། བང་སོ་ལ་མྱུར་སྐྱོབ་རང་བཞིན་གྱི་སྔོན་འདོན་བྱས་ཡོད།
ཆུ་འཐག་བང་སོའི་ས་ཁུལIIཔ་ནས་རྙེད་པའི་གསེར་གྱི་གདོང་འབག པར་རིས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གིས་འདོན་སྤྲོད་བྱས།
བང་སོའི་ནང་ནས་རྒྱ་ཁྱོན་ཆུང་ཞིང་བཟོ་རྩལ་ཞིབ་ཚགས་ལྡན་པའི་གསེར་གྱི་གདོང་འབག་ཅིག་རྙེད་པ་རེད། གསེར་གྱི་གདོང་འབག་གཞན་དག་དང་མི་འདྲ་བ་ཞིག་ལ། གསེར་གྱི་གདོང་འབག་ཆུང་ཆུང་འདི་ཡི་མཐའ་འཁོར་ན་ཁུང་བུ་མེད་པར་མ་ཟད། ད་དུང་མིག་དང་སྣ་སོགས་ལ་ཚོན་རྩི་བྱུགས་ཡོད་པ་རེད།ལྔ། ས་མདའ་ལུང་བང་སོའི་གསེར་གྱི་གདོང་འབག
མིག་སྔར། བང་སོ་འདི་ནས་ངོས་བདུན་ཅན་གྱི་གསེར་འབག་ཆུང་ངུ་ཞིག་དང་གསེར་རྩི་བྱུགས་པའི་དངུལ་རྒྱུ་གདོང་འབག་ཅིག་རྙེད་པ་རེད། བང་སོ་འདི་དང་ཆུ་འཐག་བང་སོ་གཉིས་ནི་ཆུ་ཞིག་གི་ཕར་ཚུར་ན་ཡོད་སྟབས། དུས་རབས་དང་རིག་གནས་ཀྱི་རྣམ་པ་ཡོངས་ཕལ་ཆེར་འདྲ་བ་རེད།
ས་མདའ་ལུང་བང་སོ་ནས་རྙེད་པའི་གསེར་དངུལ་གྱི་གདོང་འབག བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གིས་འདོན་སྤྲོད་བྱས།
གསེར་གྱི་གདོང་འབག་ལ་རྣམ་པ་གཉིས་ཡོད་ཅིང་། གཅིག་ནི་གསེར་གྱི་ངོ་བོ་འབུར་དུ་ཐོན་པའི་གདོང་འབག་ཆུང་ཆུང་ཞིག་ཡིན་ལ། མཐའ་སྐོར་དུ་ཁུང་བུ་འགའ་ཡང་ཡོད་པ་དང་། ཅིག་ཤོས་ནི་ཚོན་རྩི་མཐུག་པའི་ངོ་གདོང་གི་རྒྱན་ཆས་རིགས་ཡིན་པ་རེད། ལོ་རབས་ནི་དུས་རབས4ནས7གྱི་བར་དུ་ཡོད་པ་དང་། རྒྱུན་མཐུད་པའི་དུས་ཡུན་ཅུང་རིང་བ་རེད།
འབྲེལ་ཡོད་འོས་སྦྱོར།