logo

ཀྲུང་གོའི་བོད་ལྗོངས་རིག་གནས་འབྲེལ་འདྲིས་ཚོགས་པས་མཱ་ཏི་ལེ་ནས་བགྲོ་གླེང་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-07-21 ཀློག་གྲངས།: 5581

ཀྲུང་གོའི་བོད་ལྗོངས་རིག་གནས་འབྲེལ་འདྲིས་ཚོགས་པས་མཱ་ཏི་ལེ་ནས་བགྲོ་གླེང་སྤེལ་བ།
ཀྲུང་གོའི་བོད་ལྗོངས་རིག་གནས་འབྲེལ་འདྲིས་ཚོགས་པས་མཱ་ཏི་ལེ་ནས་བགྲོ་གླེང་སྤེལ་བ།


སི་ཕན་གྱི་མཱ་ཏི་ལེའི་ཚན་དབྱི་ཡོན་གྲོས་ཁང་གི་ཕྱི་འབྲེལ་ཨུ་ཡོན་ལྷན་ཚོགས་ཀྱི་འགོ་གཙོ་མུ་ནེ་ཨོ་སི་ཨཱ་ལུང་སོའུ་དང་
ཀྲུང་གོའི་བོད་ལྗོངས་རིག་གནས་འབྲེལ་འདྲིས་ཚོགས་པའི་ཚོགས་མི་བདེ་སྐྱིད་གཡུ་སྒྲོན་གཉིས་ལག་འཇུ་བྱེད་པ།

     སྤྱི་ཟླ7པའི་ཚེས17ཉིན། ཀྲུང་གོའི་བོད་ལྗོངས་རིག་གནས་འབྲེལ་འདྲིས་ཚོགས་པས་སི་ཕན་གྱི་མཱ་ཏི་ལེའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་བགྲོ་ཚོགས་སྤེལ་ཏེ་ས་གནས་ཀྱི་རིག་གནས་ཁྱབ་ཁོངས་ཀྱི་མི་སྣ་དང་། ཤེས་ཡོན་པ། ཀྲུང་གོའི་གནད་དོན་ཆེད་མཁས་པ། ཕྱི་སྡོད་ཀྲུང་གོ་བ་སོགས་ལ་བོད་ལྗོངས་ཀྱི་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས་པ་མ་ཟད་ཚོགས་ཞུགས་བློ་མཐུན་རྣམས་ལ་འབྲེལ་འདྲིས་བྱས།
     འབྲེལ་འདྲིས་ཚོགས་པའི་ཚོགས་གཙོའམ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་ཁང་གི་འགོ་གཙོ་ཝང་ཐིན་གྱིས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། དམངས་འཚོ་སོགས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་གནང་།


འབྲེལ་ཡོད་འོས་སྦྱོར།