གླིང་སྣེ་འོད་ཟེར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-06-13
ཀློག་གྲངས།:
ཉི་ལྷས་བསྩལ་བའི་ལེགས་སྐྱེས།
གླིང་སྣེ་འོད་ཟེར།
མི་རྣམས་ཀྱིས་གླིང་སྣེའི་འོད་ཟེར་ཡོད་པ་ཤེས་ནས་ཉུང་མཐར་ཡང་ལོ2000ལྷག་འགོར་ཟིན་མོད། དེ་ཇི་ལྟར་གྲུབ་པའི་ཚུལ་གསལ་བོ་མ་རྟོགས་པས་རྟག་ཏུ་ལྷ་དང་སྦྲེལ་བར་དགའ། ཐ་ན་འགའ་ཞིག་གིས་གླིང་སྣེའི་འོད་ཟེར་ནི་རྟ་མཆོག་ལ་བཅིབས་ནས་བར་སྣང་བརྒལ་བའི་དཔའ་རྒོད་ཅིག་ཏུ་འདོད། དེས་ན་གླིང་སྣེའི་འོད་ཟེར་ཇི་ལྟར་བྱུང་བ་རེད་ཅེ་ན། ཉི་མ་དང་རླུང་ཁམས་ཆེན་པོ་གཉིས་ཟུང་འབྲེལ་ལས་བྱུང་བ་ཡིན་ཏེ། ཉི་མས་ཕོན་ཆེ་བའི་ནུས་ཚད་ཅིག་ཕྱིར་གཏོང་བྱས་པས། གླིང་སྣེ་གཉིས་ཀྱི་བར་སྣང་གི་རླུང་ཁམས་ཆེན་པོར་འཕྲད་པ་ལས་གླིང་སྣེའི་འོད་ཟེར་གྲུབ་ཅིང་། ལྷོ་སྣེ་ས་ཁུལ་དུ་གྲུབ་པ་ལ་ལྷོ་སྣེའི་འོད་ཟེར་དང་། བྱང་སྣེ་ས་ཁུལ་དུ་གྲུབ་པ་ལ་བྱང་སྣེའི་འོད་ཟེར་ཞེས་བསྙད།
ལྷོ་བྱང་གི་གླིང་སྣེ་གཉིས་སུ་འཚོ་བའི་མི་དག་ལ་མཚོན་ན། ཧ་ཅང་རིང་བའི་གླིང་སྣེའི་མཚན་མོ་མིན་ན། གྲང་ངར་དང་དྲག་རླུང་ཡིན་པས། དེ་དག་གིས་མི་རྣམས་ཀྱི་འཚོ་བ་དང་སེམས་ཁམས་ལ་མི་བདེ་བའི་ཚོར་བ་སྦྲིན་འོང་ཞིང་། འཚོ་བ་ལ་བྲོ་བ་མེད་པ་དང་ཁེར་རྐྱང་གི་སྣང་བ་སྟེར་མོད། ཁ་དོག་རྣམ་པར་བཀྲ་ཞིང་འགྱུར་བག་རྒོད་པའི་གླིང་སྣེའི་འོད་ཟེར་ནི་ཉི་ལྷས་བསྩལ་བའི་ལེགས་སྐྱེས་དང་འདྲ་བར་མི་རྣམས་ལ་དགའ་བདེ་དང་། ཡིད་དབང་འཕྲོག་པའི་ལྟད་མོ་ཁྱེར་ཡོང་ངོ་།།
འབྲེལ་ཡོད་འོས་སྦྱོར།