ཆིན་ཁྲ་གླིང་ཚོམ།
རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2015-05-24
ཀློག་གྲངས།:
མཚོ་བྱའི་འཇིག་རྟེན།
ཆིན་ཁྲ་གླིང་ཚོམ།
ཆིན་ཁྲ་གླིང་ཚོམ་ནི་ཞི་བདེ་རྒྱ་མཚོ་ཆེན་པོའི་དབུས་ཤར་ཕྱོགས་ཀྱི་མཚོ་འགྲམ་དུ་མཆིས་ཤིང་། གླིང་ཕྲན་ཆུང་ཆུང་གསུམ་ལས་གྲུབ། སོ་བྱ་དང་ཅན་བྱ། ཁྱུ་དགའ་སོགས་མཚོ་བྱ་འབོར་ཆེན་གནས་དེར་འཚོ་སྡོད་བྱས་ཡོད། ཚོད་དཔག་བྱས་པ་ལྟར་ན། གླིང་ཕྲན་གཅིག་གི་སྟེང་དུ་ཡང་མཚོ་བྱ་ཁྲི600ལྷག་ཡོད་པ་དང་། དེ་དག་གིས་ཉིན་གཅིག་ལ་ཉ་དང་ཆུ་འབུ་གློ་ཉལ་ཏུན1000ལྷག་ཟ་བར་བྱེད། མཚོ་བྱ་འདུས་སྡོད་ཀྱི་ཚད་ནས་བརྗོད་ན། ཆིན་ཁྲ་གླིང་ཚོམ་ནི་འཛམ་གླིང་དུ་རྩེར་སོན་པ་ཡིན། མཚོ་བྱ་དེ་དག་གི་སྒྲོ་སྤུ་མཛེས་ཤིང་ཚོན་མདངས་བཀྲ་བ་དང་། འཕུར་བསྐྱོད་བྱེད་དུས་ནམ་མཁའ་དང་ཉི་འོད་ཀྱང་སྒྲིབ་ཀྱིན་ཡོད་པས། རྣམ་པ་ཧ་ཅང་བརྗིད་ཉམས་ལྡན་པ་ཞིག་རེད། མཚོ་བྱ་ཤིན་ཏུ་མང་པས་བྱ་བྲུན་མང་བོ་བསོགས་ཤིང་། ལོ་རེར་ཕེ་རུའི་སྲིད་གཞུང་ལ་རང་བྱུང་ལུད་རྫས་ཏུན་ཁྲི10ལྷག་འདོན་སྤྲོད་བྱེད་ནུས་པས། གནས་དེར་དེ་བས་ཀྱང་མཐོང་ཆེན་དང་སྲུང་སྐྱོབ་བྱེད་བཞིན་ཡོད།
ཆིན་ཁྲ་གླིང་ཚོམ་དུ་མཚོ་བྱ་ལས་ད་དུང་ཁྱད་ཆོས་གཞན་ཞིག་བདོག་སྟེ། རྒུམ་འབྲུམ་གྱི་རིགས་ཤིན་ཏུ་མང་བ་དེ་ཡིན། རྒུམ་འབྲུམ་ལོ་ལེགས་བྱུང་བའི་དུས་ཚིགས་རེར། ཆིན་ཁྲ་གླིང་ཚོམ་དུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། མངར་ལ་ཞིམ་པའི་རྒུན་འབྲུམ་གྱི་དྲི་ཞིམ་གྱིས་ཉེ་འཁོར་གྱི་གླིང་ཕྲན་སྟེང་གི་བྱ་ཡི་ཚོགས་ཀྱང་འགུགས་པར་བྱེད་དོ།།
འབྲེལ་ཡོད་འོས་སྦྱོར།