logo

སུའུ་ཀི་ལན་ཨཱ་པོའོ་ཏིན་སློབ་ཆེན་གྱི་དཔེ་མཛོད་ཁང་།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-13 ཀློག་གྲངས།:


སུའུ་ཀི་ལན་ཨཱ་པོའོ་ཏིན་སློབ་ཆེན་གྱི་དཔེ་མཛོད་ཁང་།


ཨཱ་པོའོ་ཏིན་སློབ་ཆེན་གྱི་དཔེ་མཛོད་ཁང་གི་ནང་ངོས།


དུང་འཁྱིལ་གྱི་དབྱིབས་སུ་གྲུབ་པ།

སུའུ་ཀི་ལན་ཨཱ་པོའོ་ཏིན་སློབ་ཆེན་གྱི་དཔེ་མཛོད་ཁང་།
དཔེ་མཛོད་ཁང་དུ་ཉར་བའི་དཔེ་དེབ།


སུའུ་ཀི་ལན་ཨཱ་པོའོ་ཏིན་སློབ་ཆེན་གྱི་དཔེ་མཛོད་ཁང་།

     ཨཱ་པོའོ་ཏིན་སློབ་ཆེན་ནི1495ལོར་སུའུ་ཀི་ལན་ཨཱ་པོའོ་ཏིན་དུ་བཙུགས་ཤིང་མིང་དུ་གྲགས་པའི་སློབ་གསོ་དང་ཞིབ་འཇུག་ལྟེ་གནས་ཤིག་ཡིན་ལ། དུས་རབས་བར་མར་བཙུགས་པའི་སུའུ་ཀི་ལན་གྱི་གནའ་བོའི་སློབ་ཆེན་བཞིའི་གྲས་ཤིག་ཡིན་པ་མ་ཟད། འཛམ་གླིང་གི་གནའ་བོའི་དབྱིན་ཡིག་སློབ་ཆེན་ཨང་ལྔ་བ་རུ་བགྲངས། བསྡོམས་པས་སློབ་མ14000ལྷག་ཡོད།
    ཨཱ་པོའོ་ཏིན་སློབ་ཆེན་གྱི་དཔེ་མཛོད་ཁང་གསར་བ་ནི2010ལོར་ལེགས་འགྲུབ་བྱུང་ཞིང་། དེང་རབས་ཅན་གྱི་ཐོག་ཁང་ཆེན་མོ་ཞིག་ཡིན་ལ་གང་ནུས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པར་བྱས་ཡོད། དཔེ་མཛོད་ཁང་གསར་བའི་འཛུགས་སྐྲུན་ནི་ཤེལ་གྱི་ལངས་གཟུགས་རྣམ་པར་གྲུབ་པ་དང་། རང་བྱུང་གི་འོད་བེད་སྤྱོད་ཆེན་པོ་བྱེད་པ་དང་མཚུངས་སུ་དྲོ་གྲང་སྙོམས་སྒྲིག་འཕྲུལ་ཆས་སྒྲིག་འཇུག་བྱས་མེད།
     སློབ་ཆེན་འདིར་དཔེ་དེབ་དང་ལག་བྲིས་སོགས་དེབ་ཁྲི25ལྷག་ཡོད།  སློབ་ཆེན་འདིའི་དཔེ་མཛོད་ཁང་གསར་བར་སློབ་མ14000ཤོང་ནུས་པ་དང་། ས་ངོས་རྒྱ་ཁྱོན་སྨི་གྲུ་བཞི་མ15500ལ་སླེབས། དཔེ་ཀློག་བར་སྟོང1200ལྷག་འདུག དེར་ཡིག་ཚགས་དང་ལོ་རྒྱུས་ཉར་ཚགས། དཔེ་དེབ་ཉར་གསོག་ཁང་སོགས་མཆིས།
   ཁང་བརྩེགས་རིམ་པ་དང་པོའི་ངལ་གསོ་ཁང་དང་ཁཱ་ཧྥེ་ཁང་དུ་འགྲེམ་སྟོན་དང་། བགྲོ་གླེང་ཚོགས་འདུ། སྙན་ངག་གྱེར་འདོན་སོགས་སྤེལ་ཆོག་ཅིང་། དེའི་སྟེང་ཕྱོགས་ནི་སྤྱི་བའི་ས་ཁོངས་དང་། དབུས་ཕྱོགས་ནས་བཟུང་དུང་འཁྱིལ་དབྱིབས་ལྟར་ཁང་སྟེང་བར་དུ་གྲུབ་ལ། འཛུགས་སྐྲུན་གྱི་བཟོ་བཀོད་དེ་ངོ་མཚར་ཆེ་ཞིང་ལྟ་ན་སྡུག་པ་ཞིག་ཡིན།


འབྲེལ་ཡོད་འོས་སྦྱོར།