logo

པུའུ་ལན་ཁེན་བྲག་ཕུག

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-12 ཀློག་གྲངས།:

ཕ་ཚང་ཁྲི2000ཡི་ཁྱིམ་གཞིས།
པུའུ་ལན་ཁེན་བྲག་ཕུག

     ཁྱོད་ཀྱིས་དུས་ཚོད་སྐར་མ་རེ་ལ་ཕ་ཝང5000ནས10000ལྷག་མཐོང་ལམ་དུ་བརྒྱུད་པའི་གནས་ཚུལ་ནི་ཇི་འདྲ་ཞིག་ཡིན་པ་ཤེས་སམ། ཆུ་འཁོར་ལྟར་ལྡིང་སྐོར་བྱེད་པའི་ཕ་ཝང་གི་ཁྱུ་ཚོགས་དེ། དུ་ཞགས་ནག་པོ་ཞིག་དང་འདྲ་བར་གནས་སྐོར་བ་དག་གི་མགོ་ཐོག་ནས་ཤིག་སེར་འཕུར་འགྲོ། དེ་ལྟ་བུའི་སྣང་ཚུལ་ནི་ཨ་མེ་རི་ཁའི་ཏེ་ཁོ་ས་སི་ཀྲོའུ་ཡི་པུའུ་ལན་ཁེན་བྲག་ཕུག་གི་མདུན་དུ་དུས་རྒྱུན་བྱུང་དང་འབྱུང་བཞིན་ཡོད།
     ལོ་རེའི་དབྱར་དུས་སུ། ཧ་ལམ་ཁྲི2000ལྷག་ཡོད་པའི་མོ་ཞི་ཁོའི་ཕ་ཝང་པུའུ་ལན་ཁེན་བྲག་ཕུག་ཏུ་གནས་སྤོ་བ་དང་། བྲག་ཕུག་དེ་ནི་འཛམ་གླིང་སྟེང་གི་ཕ་ཝང་འཚོ་སྡོད་བྱེད་ས་ཆེས་ཆེ་བའི་གྲས་ཡིན། ཕ་ཝང་ནི་དུས་བསྟུན་གནས་སྤོའི་བྱ་རིགས་ལྟར་གནས་སྤོ་བ་དང་། ལོ་རེའི་ཟླ3ནས10བར་པུའུ་ལན་ཁེན་བྲག་ཕུག་ཏུ་གནས་བཅའ་བ་དང་། དེ་ལས་གཞན་པའི་དུས་ཚོད་དག་ནི་དྲོ་འཇམ་ལྡན་པའི་མོ་ཞི་ཁོ་རུ་བསྐྱལ།
     པུའུ་ལན་ཁེན་བྲག་ཕུག་ནང་གི་ཕ་ཝང་ཁྱུ་ཚོགས་ཀྱི་འདུས་ཚད་མཐོ་བས་མི་ལ་ཧ་ལས་སུ་འཇུག  སྨིས་གྲུ་བཞི་མ་གཅིག་གི་ནང་དུ་ཕ་ཝང་དར་མ་ཧ་ལམ1800ཙམ་ཡོད་པ་དང་། གསར་སྐྱེས་ཕ་ཝང་གི་ལུས་པོ་ཅུང་ཆུང་བས་སྨིས་གྲུབ་བཞི་མ་གཅིག་གི་ནང་དུ་ཕལ་ཆེར5000ཙམ་ཡོད། ཕ་ཝང་ཆུང་ངུ་དེ་དག་གིས་ཡན་ལག་བཞི་བོ་བྲག་ངོས་སུ་སྦྱར་ནས་ཕན་ཚུན་ལ་བཙིར་ཞིང་གོག་ནས་འགྲོ་དུས། རྣ་བར་གཟན་པའི་སྒྲ་ཞིག་རྒྱུན་མི་ཆད་པར་སྒྲོག་ཅིང་། དེ་ལྟར་ཕ་ཝང་མང་བོ་མཉམ་གཅིག་ཏུ་བསྡད་པས་བྲག་ཕུག་ནང་ངོས་ཀྱི་དྲོད་ཚད་ཇེ་མཐོར་འགྲོ་བར་ཕ་ཝང་མང་བོ་ཞིག་གིས་མཚམས་མི་ཆད་པར་གཤོག་རྡེབ་བྱས་ནས་དྲོད་ཚད་མར་འབབ་ཏུ་འཇུག་བཞིན་ཡོད།
     ཕ་ཝང་དག་འཕུར་བསྐྱོད་བྱེད་དུས་མཉམ་གཅིག་ཏུ་འཕུར་བས་སྤྲིན་པ་ལེབ་མོ་ཞིག་དང་མཚུངས་ལ། ལྷག་ཏུ་ས་སྲོད་ལ་སྒོར་འཕུར་བ་དང་ཐོ་རངས་སུ་ཕྱིར་ཡོང་བའི་རྣམ་པ་དེ་བས་ཀྱང་བརྗིད་ཉམས་ལྡན། ཕ་ཝང་སྒོ་ཕྱིར་འཕུར་དུས་དུ་བ་ནག་པོ་ཞིག་ལང་ལོང་དུ་འཕྱུར་བ་དང་མཚུངས་ཤིང་། བྲག་ཕུག་གི་ཁ་རུ་ཐོན་དུས། འཚང་ཁ་ཆེ་ནའང་ཕན་ཚུན་ལ་གདོང་ཐུག་རྒྱག་མི་སྲིད། ཕ་ཝང་ཕྱིར་བསླེབས་པ་ན་གཅིག་རྗེས་གཉིས་མཐུད་ཀྱིས་བྲག་ཕུག་ནང་འཕུར་ཞིང་། དེ་དག་གིས་རང་ལུས་རྡེའུ་བཞིན་མར་ལྟུང་བའི་འཕུར་རྩལ་ངོམ་བཞིན་བྲག་ཕུག་ཏུ་འཕུར་སྟངས་དེ་ནི། ཕུག་པའི་ཁྲོད་ཀྱི་འདྲེན་ཤུགས་ཆེན་པོ་ཞིག་གིས་ནང་དུ་དྲངས་པ་དང་མཚུངས།


འབྲེལ་ཡོད་འོས་སྦྱོར།