logo

བྱིར་བྲག་ཆེན་པོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-14 ཀློག་གྲངས།:

ཞི་བདེ་རྒྱ་མཚོ་ཆེན་པོ་སྟེང་གི་བྱི་རུའི་བྲག་རྡོ།
བྱིར་བྲག་ཆེན་པོ།

     གལ་ཏེ་ཁྱོད་ཀྱིས་ཨོ་སི་ཁྲུ་ལི་ཡ་ཡི་མི་ལ་ཁྱེད་ཅག་གི་ཡིད་ནས་ང་རྒྱལ་སྐྱེས་འོས་པའི་རང་བྱུང་གི་མཛེས་ལྗོངས་གང་ཡིན་ཞེས་དྲིས་ན། མི་ཕལ་མོ་ཆེས་དྭངས་གསལ་རྙོག་བྲལ་གྱི་མཚོ་དབུས་རི་སྐྱེས་བང་མཛོད་བྱིར་བྲག་ཆེན་པོ་ཡིན་ཞེས་བརྗོད་པ་ཡིད་ཆེས་བྱས་ཆོག་སྟེ། བྱིར་བྲག་ཆེན་པོ་དེ་ནི་འཛམ་གླིང་སྟེང་གི་ཆེས་ཆེ་ཞིང་རིང་བའི་བྱི་རུ་བྲག་རྡོའི་ཁུལ་ཞིག་ཡིན་པས། འཛམ་གླིང་གི་རང་བྱུང་མཛེས་ལྗོངས་ཆེན་པོ་བདུན་གྱི་ཡ་གྱལ་དུ་བགྲངས།
     བྱིར་བྲག་ཆེན་པོ་དེ་ཉིད་ཨོ་སི་ཁྲུ་ལི་ཡའི་ཁུན་ཧྲི་ལན་ཀྲོའུ་ཡི་ཤར་ཕྱོགས་པཱ་པུའུ་ཡའི་མཚོ་ཁུག་དང་ལྷོ་ཉི་ལྡོག་ཐིག་གི་དཀྱིལ་དབུས་ཀྱི་ཚ་ཁུལ་མཚོ་རྒྱུད་དུ་གཡུ་འབྲུག་ས་ལ་བབས་པ་ལྟར་ཆགས་ཤིང་། སྤྱིའི་རིང་ཚད་ལ་སྟོང་སྨིས2011ཡོད་པས། ཨོ་སི་ཁྲུ་ལི་ཡ་ཡི་སྐམ་སའི་སྟེང་བགྲོད་པའི་ཐེམ་སྐས་དང་། བཙན་རྫོང་གི་གོའང་ཆོད་འདུག


བྱིར་འབུ།

     གནས་དེའི་ཡུལ་ལྗོངས་ཀྱིས་མིའི་ཡིད་དབང་འཕྲོག་པ་སྟེ། གཡང་གཟར་ཆེ་བ། ཆུའི་འཁོར་རྒྱུག་ཧ་ཅང་རྙོག་འཛིང་ལྡན་པ། ཁ་དོག་རྣམ་པར་བཀྲ་བའི་བྱི་རུའི་བྲག་རྡོས་རྣམ་པར་བརྒྱན་པས། ལ་ལ་ནི་ཤྭ་ཕོའི་ར་ཅོ་དང་འདྲ་ལ། འགའ་ཞིག་ནི་ཀོ་ཤ་དང་མཚུངས། གཞན་ད་དུང་པདྨའི་ཡལ་འདབ་ལྟ་བུའང་ཡོད་པས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་མཚོ་འོག་གི་མཛེས་ལྗོངས་གྲུབ། དེར་ཧ་ལམ་ཚ་ཁུལ་རྒྱ་མཚོའི་སྐྱེ་དངོས1500ལྷག་ཡོད་ཅིང་། རྩ་མེད་དུ་འགྲོ་ལ་ཉེ་བའི་མཚོར་གནས་སྲོག་ཆགས་གང་མང་ཞིག་གི་བསྟི་གནས་ཀྱང་ཡིན།
     དེས་ན་བྱིར་བྲག་ཆེན་པོ་ནི་ཇི་ལྟར་གྲུབ་པ་ཡིན་ཞེ་ན། དེ་ནི་ཆེ་ཆུང་ལ་ཧའོ་སྨིས་འགའ་ལས་མེད་པའི་བྱིར་འབུ་དག་ལ་བརྟེན་ནས་བྱུང་བ་ཡིན་ཏེ། བྱིར་འབུ་ནི་ཁྱུ་ཚོགས་བྱས་ནས་འཚོ་སྡོད་བྱེད་ཅིང་། དེ་དག་གིས་རྡོ་ཞུན་གྱི་ཞུན་ཁུ་ཟགས་ཐོན་བྱེད་པ་དང་། བྱིར་འབུ་རྒན་པ་དག་ཤི་རྗེས་ཀྱི་ཤུལ་རུས་སྟེང་གསར་དུ་སྐྱེས་པའི་བྱིར་འབུ་དག་གིས་མུ་མཐུད་དུ་མཚར་སྐྱེ་རྒྱུད་སྤེལ་བྱས་པས། ལྗོན་ཤིང་ལ་ཡལ་ག་རྒྱས་པ་ཇི་བཞིན་ལོ་ཐོག་ཟླ་བརྩེགས་ཀྱིས་བྱིར་འབུ་དག་ལས་ཟགས་ཐོན་བྱུང་བའི་རྡོ་ཞུན་གྱི་ཞུན་ཁུ་མང་བོ་ཕན་ཚུན་འཕྲོད་སྦྱོར་བྱུང་ཞིང་། དུས་ཡུན་རིང་བའི་ལྗིད་གནོན་དང་འཕོ་འགྱུར་ཁྲོད་བྱི་རུའི་བྲག་རྡོ་རེ་རེ་བཞིན་གྲུབ་པའོ།།


འབྲེལ་ཡོད་འོས་སྦྱོར།