logo

ཕེ་སཱ་མཆོད་རྟེན་གསེག་མ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-23 ཀློག་གྲངས།:

比萨斜塔
ཕེ་སཱ་མཆོད་རྟེན་གསེག་མ།

  ཕེ་སཱ་མཆོད་རྟེན་གསེག་མ(དབྱི་ཐ་ལིའི་སྐད་དུTorre pendente di Pisaདང་ཡང་ནTorre di Pisa)ནི་དབྱི་ཐ་ལིའི་ཕེ་སཱ་གྲོང་ཁྱེར་གྱི་ཆོས་ཁང་ཆེན་མོའི་ཁེར་བསྐྲུན་ཅོང་ཁང་ཞིག་ཡིན་ཞིང་། དབྱི་ཐ་ལིའི་ཐའོ་སི་ཁཱ་ན་ཞིང་ཆེན་ཕེ་སཱ་གྲོང་ཁྱེར་གྱི་བྱང་ངོས་ཀྱི་ཐང་ཆེན་དུ་བསྐྲུན་འདུག ཐང་ཆེན་དུ་ཆོས་ཁང་ཆེན་མོ(སྤྱི་ལོ1063ནའ་དུས་རབས13པའི་བར་དུ་བཞེངས)དང་། བྱབས་ཁྲུས་ཚོམས་ཁང(སྤྱི་ལོ1153ནས་དུས་རབས14བའི་བར་དུ་བཞེངས)། ཅོང་ཁང(ཕེ་སཱ་མཆོད་རྟེན་གསེག་ག་ཅན། 1173ལོར་བཞེངས)། བང་སོ(སྤྱི་ལོ1174ལོར་བཞེངས)བཅས་ཡོད།
  ཕེ་སཱ་མཆོད་རྟེན་གསེག་མ་ནི1173ལོར་བཟོ་བསྐྲུན་པ་གྲགས་ཅན་ནཱ་ནོ་ཕེ་ས་ནོ་ཡིས་བཞེངས་པ་ཡིན། དེའི་མཐོ་ཚད་ལ་སྨི58.3དང་བརྩེགས་མ་བདུན་ཡོད།  ཞབས་ཀྱི་ཞེང་ཚད་ལ་སྨི4.09དང་རྩེའི་ཞེང་ཚད་ལ་སྨི2.48ཡོད། སྤྱིའི་ལྗིད་ཚད་ལ་ཏུན14453ཡོད། མཆོད་རྟེན་དེ10%ཡས་མས་ཏེ་ཏུའུ5.5ཡིས་གསེག་འདུག
  ཕེ་སཱ་མཆོད་རྟེན་གསེག་མ་དེ1173ལོའི་ཟླ8པའི་ཚེས9ཉིན་ནས་བཞེངས་འགོ་བརྩམས་ཤིང་། 1178ལོར་བཞེངས་ནས་བཞི་ཐོག་ཏུ་སླེབ་དུས་རྟིང་གཞི་མི་བདེ་བ་དང་ས་སྙི་བས་མཆོད་རྟེན་དེ་ལྷོ་ཤར་ཕྱོགས་སུ་གསེག་ལ། དུས་དེར་སྐྲུན་མཚམས་བཞག་པ་དང་། དེ་ནས1231ལོར་མུ་མཐུད་དུ་བཞེངས་འགོ་བརྩམས་ལ། མཆོད་རྟེན་གྱི་ལྟེ་བ་དང་མི་འབྲལ་བའི་ཆེད་གོང་རོལ་ལྡོག་ཕྱོགས་སུ་གསེག་ཏུ་བཅུག་པས། 1278ལོར་ཐོག་བརྩེགས་བདུན་པར་སླེབ་དུས་མཆོད་རྟེན་དེ་གཞོང་དབྱིབས་སུ་བསྐྲུན་པ་ཤེས་ནས་ཡང་བསྐྱར་སྐྲུན་མཚམས་བཞག
  1360ལོར་ཕལ་ཆེར་དུས་རབས་གཅིག་ལ་བསྐྲུན་པའི་ཕཱེ་ས་མཆོད་རྟེན་གསེག་ག་ཅན་དེ་ཆེས་མཐའ་འཇུག་གི་བཟོ་སྐྲུན་གནང་ནས། 1372ལོར་ལེགས་འགྲུབ་བྱུང་། ཐོག་བརྩེགས་བརྒྱད་པོ་ནང་དུ་ཅོང7བཀལ་ཡོད་པ་རེད། 
 


འབྲེལ་ཡོད་འོས་སྦྱོར།