ཨེ་ཅིབ་གཏོར་གཟུགས་མཆོད་རྟེན།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-07-05
ཀློག་གྲངས།:
ཨེ་ཅིབ་གཏོར་གཟུགས་མཆོད་རྟེན།
སེང་གཟུགས་མིའི་གདོང་།
ཨེ་ཅིབ་གཏོར་གཟུགས་མཆོད་རྟེན(The Pyramids - Egypt)ནི་འཛམ་གླིང་གི་ཁྱད་མཚར་བརྒྱད་ཀྱི་ཡ་གྱལ་ཡིན་ཞིང་། གནའ་རབས་ཨེ་ཅིབ་ཀྱི་རྒྱལ་པོས་བཞེངས་པའི་བང་སོ་ཡིན་ལ། ཨེ་ཅིབ་ཏུ་བསྡོམས་པས་གཏོར་གཟུགས་མཆོད་རྟེན96རྙེད་པ་དང་། དེའི་ཁྲོད་ཆེས་མིང་གྲགས་ཆེ་བ་ནི་སྤྱི་ལོ་སྔོན་གྱི2690ལོར་བཞེངས་པའི་ཁུའུ་ཧྥུའུ་གཏོར་གཟུགས་མཆོད་རྟེན(Pyramid of Khufu)དང་སྤྱི་ལོ་སྔོན་གྱི2650ལོར་བཞེངས་པའི་སེང་གཟུགས་མིའི་གདོང(Sphinx)ཞེས་པ་དེ་རེད།
ཁུའུ་ཧྥུའུ་གཏོར་གཟུགས་མཆོད་དེའི་མཐོ་ཚད་ལ་སྨི146ལྷག་དང་། མཆོད་རྟེན་ཡོངས་སུ་རྡོ་ལེབ་ཁྲི230ལྷག་བརྩིགས་ཡོད་ལ། རྡོ་ལེབ་རེའི་རྗིད་ཚད་ལ་ཆ་སྙོམས་ཀྱིས་ཏུན2.5ཡོད་ཅིང་། བཤད་སྲོལ་ལྟར་ན་མི་འབུམ་གཅིག་གིས་ལོ་ངོ30ཡི་རིང་ལ་བཞེངས་པ་རེད།
འབྲེལ་ཡོད་འོས་སྦྱོར།