༄༅།།ཝ་ལུ་སི་དང་ཧྥོ་ཐོ་ན་གླིང་ཚོམ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-05-22
ཀློག་གྲངས།:
ཝ་ལུ་སི་དང་ཧྥོ་ཐོ་ན་གླིང་ཚོམ།
ཝ་ལུ་སི་དང་ཧྥོ་ཐོ་ན་གླིང་ཚོམ་ས་ཁུལ་ཏེ། རྒྱ་སྐད་དུ ( 瓦利斯和富图纳群岛) ཟེར་བ་དང་། དབྱིན་སྐད་དུ(Wallis and Futuna 1slands)ཟེར། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ274ཡོད(སྐམ་སའི་རྒྱ་ཁྱོན)པ་དང་། མི་གྲངས15734མཆིས་ལ། སྲིད་འཛིན་ས་ཁུལ་གནས་ས་ནི་མ་ཐ་ཨུ་ཐོ་ཡིན།ས་བབ་གནས་ཚུལ།
ཞི་བདེ་རྒྱ་མཚོའི་ལྷོ་ནུབ་ཀྱི་སྣེ་རུ་ཡོད་པ་དང་། ཁྱིམ་མཚེས་སུ་ཧྥི་ཇི་དང་ས་མོ་ཡ་ནུབ་མ་གཉིས་མཆིས་ལ། པོ་ལི་ཉི་ཞི་ཡ་གླིང་ཚོམ་གྱི་ཁག་ཅིག་ཡིན། ཝ་ལུ་སི་གླིང་ཚོམ་དང་ཧྥོ་ཐོ་ན་གླིང་ཚོམ་གཉིས་ཀྱི་བར་དུ་སྤྱི་ལེ160ཡོད་པ་དང་། དེར་ཝ་ལུ་སི་གླིང་ཚོམ་དུ་ཨུ་ཝེ་ཨ་གཙོར་བྱས་པའི་གླིང་ཕྲན་ཆུང་བ22ཡོད་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ159ཡོད་པ་དང་། གླིང་ཕྲན་དུ་མཚེའུ་དང་མེ་རིའང་མཆིས། ཆེས་མཐོ་བའི་གནས་སུ་མཚོ་ངོས་ལས་སྨི143ཡོད། ཧྥོ་ཐོ་ན་གླིང་ཚོམ་ལ་ཧྥོ་ཐོ་ན་གླིང་ཕྲན་དང་། ཨ་ལོ་ཧྥེ་གླིང་ཕྲན་གཉིས་ཀྱིས་གྲུབ་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ114མཆིས། གླིང་ཕྲན་མང་ཆེ་བ་ནི་མེ་རིའི་གླིང་ཕྲན་ཡིན་པ་དང་། ཆེས་མཐོ་བའི་གནས་སུ་མཚོ་ངོས་ལས་སྨི760མཆིས།
ནམ་ཟླ་ནི་ཚ་ཁུལ་གྱི་རྒྱ་མཚོ་རང་བཞིན་གྱི་གནམ་གཤིས་སུ་གཏོགས་པ་དང་། རྒྱུན་ལྡན་གྱི་དྲོད་ཚད་ནི23℃-30℃ཡིན།
ཝ་ལུ་སི་དང་ཧྥོ་ཐོ་ན་ཞེས་པའི་མིང་ཐོགས་ཚུལ་ནི། 1767ལོར། དབྱིན་ཇིའི་གྲུ་སྐྱོད་པ་ཝ་ལུ་སི་ཐོག་མར་གནས་འདིར་སླེབས་པས། ཁོའི་མིང་གླིང་ཚོམ་གྱི་མིང་དུ་བཏགས་པ་དང་། 1616ལོར། ཧོ་ལན་གྱི་མི་ཡ་ཀི་པོ་གནས་འདིར་སླེབས་པ་དང་། ཁོས་ཧོ་ལན་ནུབ་ཁུལ་གྱི་ཧོ་ཨིན་མཁར་གྲོང་གི་མིང་གླིང་ཚོམ་འདིར་བཏགས་པས། དེར་ཧོ་ཨིན་གླིང་ཚོམ་མམ་ཧྥོ་ཐོ་ན་གླིང་ཚོམ་ཞེས་སུ་འབོད།
མི་གྲངས་དང་མི་རིགས།
མི་གྲངས་མང་ཆེ་བ་གླིང་ཕྲན་རེ་རེའི་རྒྱ་མཚོའི་འགྲམ་ངོགས་སུ་སྡོད་ཅིང་། མི་གྲངས་ཆེས་མང་བ་ནི་ཨུ་ཝེ་ཨ་རིགས་དང་། ཧྥོ་ཐོ་ན་རིགས་གཉིས་ཡིན། གཞན་ཡོ་རོབ་གླིང་གི་མིའང་ཉུང་ཙམ་མཆིས།
སྐད་ཆ་དང་ཆོས་ལུགས།
སྲིད་གཞུང་གི་སྐད་དུ་སྤྱོད་པ་ནི་ཧྥ་རན་སིའི་སྐད་ཡིན་པ་དང་། ས་དེའི་སྡོད་དམངས་ཀྱིས་ཝ་ལུ་སིའི་སྐད་ཤོད། སྡོད་དམངས་ཡོད་ཚད་ཀྱིས་གནམ་བདག་ཆོས་ལུགས་ལ་དད་པ་བྱེད།
ཆབ་སྲིད་དང་དཔལ་འབྱོར།
གྲོས་ཚོགས། ས་གནས་གྲོས་ཚོགས་ཏེ། ཁྲིམས་འཛུགས་ལས་ཁུངས་ཀྱང་ཡིན། གྲོས་མི་གཅིག་ཧྥ་རན་སིའི་གྲོས་ཁང་གོང་མ་རུ་ཞུགས་དགོས་པ་དང་། གྲོས་མི་གཞན་ཞིག་ཧྥ་རན་སིའི་རྒྱལ་དམངས་གྲོས་ཚོགས་སུ་ཞུགས་དགོས་ལ། འགན་ཡུན་ལོ5ཡིན།
སྲིད་གཞུང་། མཐོ་རིམ་གྱི་སྲིད་འཛིན་དཔོན་རིགས་དང་། ས་གནས་ཨུ་ཡོན་ལྷན་ཚོགས་ཀྱིས་མཉམ་དུ་སྲིད་སྐྱོང་བར་བྱེད། སྲིད་གཞུང་གནས་ས་མ་ཐ་ཨུ་ཐོ་ནི་ཝེ་ཨ་གླིང་ཕྲན་གྱི་ཤར་འགྲམ་དུ་མཆིས།
དཔལ་འབྱོར་ནི་གཙོ་བོ་ཞིང་ལས་དང་ཉ་ལས་ཡིན་ཞིང་། ཞིང་ལས་སུ་བེ་ཏ་དང་། སིལ་སོབ། ངང་ལག ཞོག་ཁོག ཤིང་ཏོག་སོགས་འདེབས་འཛུགས་བྱེད་ཅིང་། ཉ་ལས་ནི་རྒྱ་མཚོའི་འགྲམ་ངོགས་སུ་ཐོན་སྐྱེད་བྱེད་བཞིན་ཡོད། དངུལ་ལོ་ནི་ཧྥ་རན་ཁི་ཡིན།
་གསོ་རུ་ས་དེ་གར་སློབ་གྲྭ་ཆུང་འབྲིང་བཅུ་ཙམ་བཙུགས་ཡོད།
འབྲེལ་ཡོད་འོས་སྦྱོར།