༄༅།།ཅ་ལི་པེ་རྒྱ་མཚོའི་ཞོ་ཨན་གྱི་ལེ་སི་གླིང་ཚོམ་སྟེང་གི་ཨ་ལོ་པ་རང་སྐྱོང་རྒྱལ་ཁབ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-06-04
ཀློག་གྲངས།:
པར་རིས་ནི་པའེ་ཏུའུ་ལས་བཏུས།
ཨ་ལོ་པ་ས་ཁུལ་ཏེ། རྒྱ་སྐད་དུ ( 阿鲁巴)ཟེར་བ་དང་། དབྱིན་སྐད་དུ(Aruba)ཟེར་བ་ཡིན། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ193ཡོད་པ་དང་། མི་གྲངས་ཁྲི9.52ཡོད་ལ། སྲིད་གཞུང་གནས་ས་ནི་ཨོ་ར་ཉི་སི་ཐ་ཏི་ཡིན། སྲིད་འཛིན་ས་ཁུལ་ནི་ཧོ་ལན་གྱི་རྒྱ་མཚོའི་ཕྱི་རོལ་གྱི་མངའ་ཁོངས་སུ་གཏོགས་པ་ཡིན།ས་བབ་གནས་ཚུལ།
ཅ་ལི་པེ་རྒྱ་མཚོའི་ཞོ་ཨན་གྱི་ལེ་སི་གླིང་ཚོམ་སྟེ། དེའི་ཆེས་ནུབ་སྣེ་རུ་ཡོད། དེ་ནས་ཝེ་ནེ་ཟུ་ཝེ་ལ་ཡི་ཕ་ལ་ཀྭ་ན་ཕྱེད་གླིང་བར་སྤྱི་ལེ25མཆིས། ས་བབ་སྟེང་ཨ་ལོ་པ་གླིང་ཕྲན་ནི་སེ་ཧྲུའུ་ཨན་གྱི་ལེ་སི་མེ་གླིང་ལྷོ་མའི་སྐམ་ས་ཡི་གྲོག་རོང་ཆེན་པོའི་ཁག་ཅིག་ཡིན།
ནམ་ཟླ་ནི་ཚ་ཁུལ་གྱི་རྩྭ་ཐང་གནམ་གཤིས་སུ་གཏོགས་པ་དང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད27℃ཡིན་ལ། དུས་བཞིའི་དབྱེ་བ་གསལ་བོ་མེད།
ཐོན་ཁུངས་མོང་པོ་མེད་ཅིང་གནམ་གཤིས་ལེགས་པ་དང་། ལོ་ཧྲིལ་བོར་ཉི་འོད་མཐོང་ཐུབ་པ་ཡིན།
ཨ་ལོ་པ་ཞེས་པའི་མིང་ཐོགས་ཚུལ་ནི། སི་ཕེན་སྐད་དུ་གསེར་ཞེས་པ་དང་། དབྱིན་ཏེ་ཨན་ཅ་ལི་པེའི་སྐད་དུ་འགྲོན་བུའི་ཤུན་སྐོགས་ཞེས་བཤད་ཚུལ་གཉིས་མཆིས།
པར་རིས་ནི་པའེ་ཏུའུ་ལས་བཏུས།
མི་གྲངས་དང་མི་རིགས།སྡོད་དམངས་མང་ཆེ་བ་གྲོང་ཁྱེར་དང་བཟོ་ལས་ས་ཁུལ་དུ་གནས་པ་དང་། སྡོད་དམངས་གཙོ་བོ་ནི་མི་དཀར་དང་དབྱིན་ཏེ་ཨན་གྱི་རྒྱུད་འདྲེས་པའི་མི་རྒྱུད(90%ཡས་མས)ཡིན་ལ། ད་དུང་མི་ནག་དང་དབྱིན་ཏེ་ཨན་རིགས་ཀྱང་ཉུང་ཤས་ཙམ་མཆིས།
སྐད་ཆ་དང་ཆོས་ལུགས།
སྲིད་གཞུང་གི་སྐད་དུ་སྤྱོད་པ་ནི་ཧོ་ལན་གྱི་སྐད་ཡིན་ལ། སི་ཕེན་གྱི་སྐད་ཀྱང་རྒྱུགས་ཆེ།
སྔོད་དམངས80%ཡན་གྱིས་གནམ་བདག་ཆོས་ལུགས་ལ་དད་པ་བྱེད་པ་དང་། ཉུང་ཤས་ཤིག་གིས་ཆོས་ལུགས་གཞན་དག་ལ་དད་པ་བྱེད།
ཆབ་སྲིད་དང་དཔལ་འབྱོར།
སྲིད་གཞུང་། ཧོ་ལན་གྱི་རྒྱལ་མོ་ནི་གཙོ་འཛིན་ཡིན་པ་དང་། རྒྱལ་མོས་བསྐོ་འཇོག་བྱས་པའི་སྤྱི་རྟོག་ལ་དབང་ཆ་ཆེན་པོ་ལྡན།
གྲོས་ཚོགས། གྲོས་ཁང་གཅིག་ཅན་ཡིན་ལ། འགན་ཡུན་ལོ4ཡིན།
ཁྲིམས་འཛིན་ལས་ཁུངས། ཁྲིམས་དཔོན་ནི་ཧོ་ལན་རྒྱལ་མོ་དང་ས་གནས་གཉིས་ཀྱི་སྲིད་གཞུང་བཅས་ཀྱིས་གྲོས་བྱས་ཏེ་བསྐོ་འཇོག་བྱ་དགོས།
དཔལ་འབྱོར་ནི་གཙོ་བོ་རྡོ་སྣུམ་ལ་དྭངས་སྙིགས་འབྱེད་པ་དང་། ལྗོངས་རྒྱུ་གཉིས་ལ་བརྟེན་ཡོད་ལ། ཞིང་ལས་ལ་དར་རྒྱས་ཆེན་པོ་མེད། དངུལ་ལོ་ནི་གིར་དིང་ཡིན།
སློབ་གསོ།
1999ལོ་ནས་བཟུང་། སློབ་གྲྭ་ཆུང་འབྲིང་ལ་འགན་བབས་སློབ་གསོ་ལག་བསྟར་བྱས་ཡོད་པ་དང་། སློབ་ཆེན་དུ་ཨ་ལོ་པ་སློབ་ཆེན་ལས་གཞན་མེད།
གྲོང་ཁྱེར་དང་ལྗོངས་རྒྱུ།
ཨོ་ར་ཉི་སི་ཐ་ཏི་གྲོང་ཁྱེར། དེ་ནི་སྲིད་གཞུང་གནས་ས་ཡིན་པ་དང་། མི་གྲངས་ཁྲི6མཆིས་ལ། ཨ་ལོ་པ་ས་ཁུལ་གྱི་ཆབ་དཔལ་རིག་གསུམ་གྱི་ལྟེ་གནས་ཀྱང་ཡིན། ཨ་ལོ་པ་སྲིད་གཞུང་དང་རིག་གནས་སློབ་གསོ་ཡི་ལྟེ་གནས་ཀྱང་འདི་གར་བཙུགས་ཡོད་ཅིང་། གྲོང་ཁྱེར་དབུས་སུ་ད་དུང་དར་རྒྱས་ཆེ་བའི་ཚོང་ལས་སྲང་ལམ་དང་། དེང་རབས་ཅན་གྱི་མགྲོན་ཁང་། ལྗོངས་རྒྱུའི་སྒྲིག་ཆས་སོགས་ཧ་ཅང་འཐུས་ཚང་ཡོད་པས། ཨ་ལོ་པའང་ལྗོངས་རྒྱུའི་གནས་བཟང་བོ་ཞིག་ཏུ་འཁུམས།
ལྗོངས་རྒྱའི་གནས་སུ་ཏ་ལའི་མཚོ་ངོགས་དང་། དབྱིན་ཏེ་ཨན་སྡོད་གནས་ཀྱི་བྲག་ཕུག་སོགས་ནི་གླིང་ཕྲན་དེའི་ལྗོངས་རྒྱུའི་གནས་གལ་ཆེན་ཡིན་ཞིང་། ཨ་ལོ་པ་གླིང་ཕྲན་ནི་རྒྱལ་ཁབ་སྤྱི་གླིང་དུ་གཏན་ཁེལ་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།