༄༅།།མེ་གླིང་།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-06-09
ཀློག་གྲངས།:
མེ་གླིང་ཞེས་པ་ན"ཡ་མེ་ལི་ཅ་གླིང"ཞེས་པའི་ཚིག་སྡུད་ཡིན་པ་དང་། འབྱུང་ཁུངས་ནི་ཨི་ཐ་ལིའི་མི་ཡ་མེ་ལི་ཀི་ཝེ་སི་ཕོ་ཆི་ཡི་མིང་ཡིན། ཁོ1502ལོར་མེ་གླིང་དུ་སླེབས་པ་དང་། ཁོ་ཚོ་སླེབས་པའི་གནས་དེ་ནི"སྐམ་ས་གསར་བ"ཡིན་པར་འདོད།
ས་གནས་ནི་གོ་ལ་ཕྱེད་མའི་ནུབ་ཁུལ་ཡིན་ཏེ། ཤར་དུ་ནུབ་ཀྱི་རྒྱ་མཚོ་ཆེན་པོ་དང་ཉེ་ལ། ནུབ་ཏུ་ཞི་བདེ་རྒྱ་མཚོར་ཉེ་བ་ཡིན། ནུབ་བྱང་གི་ཕྱོགས་དང་ཤར་བྱང་གི་ཕྱོགས་སོ་སོར་པེ་ལིན་མཚོ་འགག་གིས་ཆོད་དེ། ཏེན་མག་མཚོ་འགག་དང་། ཧྥེ་གླིང་། ཡོ་རོབ་གླིང་བཅས་ཁ་གཏད་དུ་མཆིས། ལྷོ་རུ་ཏེ་ལེ་ཁི་མཚོ་འགག་གིས་ཆོད་དེ་ལྷོ་སྣེ་གླིང་དང་ཁ་གཏད་དུ་མཆིས། པ་ན་མ་གྲུ་ལམ་གྱིས་ས་མཚམས་བྱས་ཏེ། ས་རྒྱུས་སྟེང་མེ་གླིང་ལྷོ་མ་དང་། མེ་གླིང་བྱང་མ་རུ་བགོས་ཡོད། མེ་གླིང་ལྷོ་མ་ནི་གོ་ལ་ནུབ་མའི་ལྷོ་ཁུལ་དུ་གནས་པ་དང་། ཤར་དུ་ནུབ་ཀྱི་རྒྱ་མཚོ་ཆེན་པོ་དང་ཉེ་ཞིང་། ནུབ་ཏུ་ཞི་བདེ་རྒྱ་མཚོ་ཆེན་པོར་ཉེ་བ་ཡིན། ལྷོ་རུ་ཏེ་ལེ་ཁི་མཚོ་འགག་གིས་ཆོད་དེ་ལྷོ་སྣེ་གླིང་དང་ཁ་གཏད་དུ་མཆིས། བྱང་དུ་ཅ་ལི་པེ་རྒྱ་མཚོ་དང་ཉེ་ཞིང་པ་ན་མ་གྲུ་ལམ་གྱིས་བར་ཆོད་དེ་མེ་གླིང་བྱང་མ་རུ་བགོས་ཡོད། མེ་གླིང་བྱང་མ་ནི་གོ་ལ་ཕྱེད་མའི་ནུབ་ཀྱི་བྱང་ཁུལ་དང་། ཤར་དུ་ནུབ་ཀྱི་རྒྱ་མཚོ་ཆེན་པོ་དང་ཉེ་ལ། བྱང་མཐའ་རུ་བྱང་གི་འཁྱགས་རོམ་རྒྱ་མཚོ་ཡོད་ཅིང་། ལྷོ་རུ་པ་ན་མ་གྲུ་ལམ་དང་མེ་གླིང་ལྷོ་མ་རུ་བགོས་ཡོད།
རྒྱ་ཁྱོན་ལ་མེ་གླིང་དུ་སྤྱི་ལེ་གྲུ་བཞི་མ་ཁྲི4219.8ཡོད་པ་དང་། ཕལ་ཆེར་འཛམ་གླིང་སྐམ་སའི་སྤྱིའི་རྒྱ་ཁྱོན་གྱི28.2%བཟུང་ཡོད། དེའི་ནང་གི་མེ་གླིང་བྱང་མ་ཡི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2422.8ཡོད་ལ། ཕལ་ཆེར་འཛམ་གླིང་སྐམ་སའི་སྤྱིའི་རྒྱ་ཁྱོན་གྱི16.2%ཟིན། མེ་གླིང་ལྷོ་མའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1797ཡོད་པ་དང་། ཕལ་ཆེར་འཛམ་གླིང་སྐམ་སའི་སྤྱིའི་རྒྱ་ཁྱོན་གྱི12%ཟིན།
ས་ཁུལ་ལ་མེ་གླིང་བྱང་མ་རུ་ས་རྒྱུས་སྟེང་ཤར་ཁུལ་དང་། དབུས་ཁུལ། ནུབ་ཁུལ། ཨ་ལ་སི་ཅ། ཁེ་ན་ཏ། ཨ་མེ་རི་ཁ། བྱང་སྣེའི་གླིང་ཚོམ། ཀི་ལིས་ལན་གླིང་ཕྲན། མེག་སི་ཁོ། པེ་ལི་ཙེ། གུ་ཝེ་ཐི་མ་ལ། སེལ་ཝ་དོ། ཧོན་དྷུ་ལ་སི། ནི་ཁ་ར་གྭ ཁོ་སི་ཐ་རི་ཁ། པ་ན་མ། པ་ཧ་མ། ཁུ་པ། ཇ་མེ་ཁ། ཧྱ་ཐི། དྷོ་མི་ཉི་ཁ། སན་ཐ་ལུ་ཞི་ཡ། པ་པེ་དོ་ཟི། སན་ཐེ་ཁི་ཚི་དང་ནེ་ཁྲི་སི། གྷི་རེན་ན་ཏ། ཐྲི་ནི་ད་དང་ཐོ་པ་གོ་བཅས་ཡོད།
མེ་གླིང་ལྷོ་མ་རུ་ས་རྒྱུས་སྟེང་མེ་གླིང་ལྷོ་མའི་བྱང་ཁུལ་དང་། ཨན་ཏི་སི་རི་ཁུལ་ཁག མེ་གླིང་ལྷོའི་ཤར་ཁུལ། མེ་གླིང་ལྷོ་མའི་ལྷོ་ཁུལ་བཅས་སུ་བགོས་ཡོད། མེ་གླིང་ལྷོ་མའི་བྱང་ཁུལ་དུ་སྒེར་ཚུགས་ཀྱི་རྒྱལ་ཁབ་ལ་ཁོ་ལོམ་པི་ཡ་དང་། ཝེ་ནེ་ཟི་ཝེ་ལ། གྷ་ཡ་ན། སུ་རི་ནེམ་བཅས་ཡོད། ཨན་ཏི་སིའི་རི་ཁུལ་ཁག་ཏུ་ཨེ་ཁོ་དོར་དང་། ཕེ་རུ། པོ་ལི་ཝི་ཡ་བཅས་ཡོད། མེ་གླིང་ལྷོ་མའི་ཤར་ཁུལ་དུ་བྷ་རེ་ཟེ་ཡོད་ཅིང་། མེ་གླིང་ལྷོ་མའི་ལྷོ་ཁུལ་དུ་ཆི་ལི་དང་། ཨ་གིན་ཐིན། ཕ་ར་གུ་ཝེ། ཡུ་རུ་གྷེ་བཅས་ཡོད།
ཆབ་སྲིད་ཀྱི་སྟེང་ནས་མེ་གླིང་ལ་མེ་གླིང་བྱང་མ་དང་། ལ་ཏིན་མེ་གླིང་གཉིས་སུ་བགོས་ཡོད། ལ་ཏིན་མེ་གླིང་བྱུང་བ་ནས་མེ་གླིང་བྱང་མ་རུ་ཨ་མེ་རི་ཁ་དང་། ཁེ་ན་ཏ་རྒྱལ་ཁབ་གཉིས་ལས་གཞན། ཀི་ལིན་ལན་གླིང་ཕྲན་དང་། པེ་མོ་ཏ་གླིང་ཚོམ་ཆེན་པོ། ཧྥ་རན་སིར་གཏོགས་པའི་སན་ཕེ་ཨེར། མུས་ཁི་ལུང་གླིང་ཚོམ་བཅས་ཡོད་པ་ལས། གཞན་དག་ནི་ལ་ཏིན་མེ་གླིང་གི་ཁྱབ་ཁོངས་སུ་གཏོགས།
མེ་གླིང་གི་ས་དབྱིབས་ནི་རྙོག་འཛིང་མིན་པར། མེ་གླིང་བྱང་མ་ནི་རྒྱ་མཚོའི་འགྲམ་ངོགས་ཀྱི་ཀྱག་ཀྱོག་ཅན་གྱི་སྐམ་ས་ཡིན་པ་དང་། སྐམ་སའི་བྱང་ཕྱོགས་ནི་བྱང་གི་འཁྱགས་རོམ་རྒྱ་མཚོའི་སྟེང་གི་བྱང་སྣེ་གླིང་ཚོམ་ཡིན། སྐམ་སའི་སྟེང་ཕྱེད་གླིང་ཆེན་པོ་ལྔ་འབུར་དུ་ཐོན་པ་དང་། མཚོ་འགག་ཆེན་པོ་ལྔ་སྐམ་ས་དང་འབྲེལ་ནས་ཡོད། ཕྱེད་གླིང་ཆེན་པོ་ལྔ་ནི། ཧྥོ་ལོ་ལི་ཏ་ཕྱེད་གླིང་དང་། ཡིའུ་ཁ་ཐན་ཕྱེད་གླིང་། ཅ་ལི་ཧྥི་ཉི་ཡ་ཕྱེད་གླིང་། ལ་པོ་ར་དོ་ཕྱེད་གླིང་། ཨ་ལ་སི་ཅ་ཕྱེད་གླིང་བཅས་ཡིན།
མེ་གླིང་བྱང་མའི་ས་བབ་ནི་ཤར་ཁུལ་མཐོ་ཞིང་མཐོ་སྒང་གཙོ་བོ་ཡིན་པ་དང་། དབུས་ཁུལ་ནི་བདེ་ཐང་ཆེན་པོ་ཡིན་ཞིང་། བྱང་ཁུལ་ནི་གྲོང་ངེར་འགྱིང་བའི་ཁི་ཏིས་ལི་ལ་རི་ཁུལ་ཡིན། མེ་ཅིན་ལི་རི་བོ་ནི་མེ་གླིང་བྱང་མའི་ཆེས་མཐོ་བའི་རི་བོ་སྟེ། མཐོ་ཚད་ལ་མཚོ་ངོས་ལས་སྨི6193གྱིས་མཐོ་བ་ཡིན།
མེ་གླིང་ལྷོ་མའི་སྐམ་ས་ཡི་ས་བབ་ནི། ཕལ་ཆེ་བ་མཚོ་ངོས་ལས་སྨི3000ཡན་མཐོ་བའི་ས་ཁུལ་ཡིན་པ་དང་། དབུས་ཁུལ་དུ་བྱང་ནས་ལྷོ་རུ་ཨོ་ལི་ནོ་ཁི་བདེ་ཐང་དང་། ཀེ་ཡ་ན་བདེ་ཐང་། ཡ་མ་སུན་བདེ་ཐང་། ལ་ཕོའུ་ལ་ཐ་བདེ་ཐང་བཅས་ཡོད་ལ། ཡ་མ་སུན་བདེ་ཐང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི560མཆིས་པས། འཛམ་གླིང་སྟེང་གི་ཆེས་ཆེ་བའི་བདེ་ཐང་ཡིན།
གཙང་བོ་ལ་མེ་གླིང་བྱང་མ་རུ་མུས་ཞི་ཞི་པེ་ཆུ་བོ་དང་། མ་ཀིན་ཞེ་ཆུ་བོ། ཧྲིན་ལོ་ལུང་སི་ཆུ་བོ་སོགས་ཡོད་ཅིང་། མེ་གླིང་ལྷོ་མ་རུ་ཡ་མ་སུན་ཆུ་བོ་དང་། ཨོ་ལི་ནོ་ཁི་ཆུ་བོ། པ་ལ་ན་ཆུ་བོ་བཅས་ཡོད་ལ། ཡ་མ་སུན་ཆུ་བོ་ནི་འཛམ་གླིང་སྟེང་གི་ཆུ་བོ་ཆེས་ཆེ་བ་དང་། ཆུ་བོ་ཆེས་ཟབ་པ། འབབ་རྒྱུན་ཆེས་རིང་བའི་ཆུ་བོ་ཞིག་ཡིན།
མཚེའུ་ལ་མེ་གླིང་བྱང་མ་རུ་གོ་ལ་ཧྲིལ་བོའི་སྟེང་གི་ཆེས་ཆེ་བའི་ཚྭ་མེད་མཚེའུ་ཆེན་པོ་ལྔ་ཡོད་དེ། སོའུ་པེ་ལི་མཚེའུ་དང་། མུས་ཀྲི་ཨན་མཚེའུ། ཞིའུ་ལུང་མཚེའུ། ཡེ་ལི་ཨན་མཚེའུ། ཨན་ཏ་ལེ་མཚེའུ་བཅས་ཡོད།
མི་གྲངས་ནི་མེ་གླིང་ཧྲིལ་བོ་རུ་མི་གྲངས་དུང་ཕྱུར8ལྷག་ཡོད་པ་དང་། དེའི་ནང་གི་མེ་གླིང་བྱང་མ་རུ་མི་གྲངས་དུང་ཕྱུར4.7ཡོད་ཅིང་། ཕལ་ཆེར་འཛམ་གླིང་གི་སྤྱིའི་མི་གྲངས་ཀྱི7.9%བཟུང་། མེ་གླིང་ལྷོ་མ་རུ་མི་གྲངས་དུང་ཕྱུར3.3ཡོད་པ་དང་། ཕལ་ཆེར་འཛམ་གླིང་གི་སྤྱིའི་མི་གྲངས་ཀྱི5.6%བཟུང་ཡོད།
མི་རིགས་ནི་འཛམ་གླིང་དུ་མི་རིགས2000ལྷག་ཡོད་པའི་ཁྲོད་དུ། མེ་གླིང་དུ་མི་རིགས500ལྷག་ཡོད། མེ་གླིང་གི་ཐོག་མའི་གཞིས་སྡོད་ཀྱི་མི་ནི་དབྱིན་ཏི་ཨན་གྱི་མི་ཡིན་ཏེ། བྱང་སྣེ་རུ་སྡོད་པའི་ཨ་སི་ཅི་མོ་ཡི་མི་དང་། ཨ་ལིའུ་ཧྲིན་གླིང་ཚོམ་དུ་སྡོད་པའི་ཨ་ལིའུ་ཧྲིན་གྱི་མི་བཅས་ཡིན།
སྐད་ཆ་ནི་རྒྱ་གར་དང་ཡོ་རོབ་གླིང་སྐད་ཁོངས་སུ་གཏོགས་པའི་སྐད་རིགས་ཆེན་པོ་གཉིས་ཡིན་ཞིང་། སི་ཕེན་གྱི་སྐད་ཤོད་པའི་མི་དུང་ཕྱུར་གཉིས་ཡོད་ལ། དབྱིན་སྐད་ཤོད་པའི་མིའང་ཕལ་ཆེར་དུང་ཕྱུར་གཉིས་ཙམ་ཡོད།
གླིང་ཆེན་དེ་རུ་ཆོས་ལུགས་ཀྱི་གྲུབ་མཐའ་མང་བ་དང་། ཆོས་དད་པའང་ཧ་ཅང་མང་བ་ཡིན། ཆོས་ལུགས་གཙོ་བོར་ཡེ་ཤུའི་ཆོས་གསར་མ་དང་། རོ་མ་གནམ་བདག་ཆོས་ལུགས། ཏུང་ཀྲན་ཆོས་ལུགས། ལྗེའུ་ཆོས་ལུགས། ནང་བསྟན། རྒྱ་གར་ཆོས་ལུགས་སོགས་ཡོད།
གནའ་བོའི་དབྱིན་ཏེ་ཨན་གྱི་མིའི་དཔལ་ཡོན་ཏེ། དབྱིན་ཏེ་ཨན་གྱི་མི་ནི་ཡ་གླིང་ནས་གནས་སྤར་ཡོང་བའི་སོག་པོ་ཡིན། ཕལ་ཆེར་ལོ་ངོ་ཁྲི2.5ཡར་སྔོན་དུ། ཁོ་ཚོ་པེ་ལིན་མཚོ་འགག་བརྒྱུད་ནས་ཨ་ལ་སི་ཅ་ཡི་གླིང་ཕྲན་སྟེང་བུད་པ་དང་། དེ་ནས་རིམ་བཞིན་ལྷོ་ཕྱོགས་སུ་བསྐྱོད་པས། མེ་གླིང་གི་སྐམ་སའི་སྟེང་ཁྱབ་པར་གྱུར། ཡོ་རོབ་གླིང་གི་མི་སེར་སྤེལ་ཡུལ་གྱིས་བཙན་འཛུལ་མ་བྱས་སྔོན། དབྱིན་ཏེ་ཨན་གྱི་མི་ནི་མི་རབས་ནས་མི་རབས་བར་མེ་གླིང་གི་སྐམ་སའི་སྟེང་འཚོ་གནས་བྱས་ཡོད། མེ་གླིང་གི་དབྱིན་ཏེ་ཨན་གྱི་མིས་གནས་འདི་རུ་མ་ཡ་རིག་གནས་དང་། དབྱིན་ཅ་རིག་གནས། ཨ་ཚི་ཐི་ཁི་རིག་གནས་བཅས་གསར་གཏོད་བྱས་ཏེ། མེ་གླིང་གི་གནའ་བོའི་རིག་གནས་ཆེན་པོ་གསུམ་གྲུབ།
ཉེན་བགམ་པའི་ཞབས་རྗེས་སུ། 1492ལོའི་ཟླ10པར། ཁོ་ལོམ་པོ་ཡིས་སྣེ་ཁྲིད་པའི་སི་ཕེན་གྱི་གྲུ་གཟིངས་དེ་བསམ་ཡུལ་ལས་འདས་པའི་ངང་མེ་གླིང་གི་སྐམ་སར་ཐོན་པ་ན། ཁོ་ཚོས་དེ་ནི"ཡ་གླིང་གི་ཁག་ཅིག" ཡིན་པར་བསམས། 1519ལོ་ནས1522ལོར། མེ་ཀྲེ་ལོན་གྱིས་གོ་ལ་ཧྲིལ་བོར་སྐོར་བ་བརྒྱབ་རྗེས། སྐམ་ས་གསར་བ་འདིའི་གནས་ས་གསལ་བོར་ཤེས། དེའི་སྔོན་གྱི་སྤྱི་ལོ1502ལོར། ཡ་མེ་ལི་ཀི.ཝེ་སི་ཕོ་ཆི་མེ་གླིང་ལྷོ་མ་རུ་སླེབས་སྐབས། ཁོས་ཁོ་སླེབས་པའི་གནས་དེ་ནི"སྐམ་ས་གསར་བ"ཞིག་ཡིན་པར་འདོད།
ལ་ཏིན་མེ་གླིང་གི་ད་ལྟའི་དཔལ་འབྱོར་གནས་ཚུལ་ནི། མེ་གླིང་དུ་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། དེང་རབས་བཟོ་ལས་ལ་མཁོ་བའི་གཏེར་རྫས་གལ་ཆེན་རིགས་བཅུ་པོ་ཚང་ཞིང་། ཉར་གསོག་གི་ཚད་ཀྱང་ཧ་ཅང་མཐོ་བ་ཡིན། དེ་ལས་གཞན་ད་དུང་ཆུ་བེད་ཐོན་ཁུངས་དང་། ནགས་ཚལ་གྱི་ཐོན་ཁུངས་ཀྱང་རྒྱ་ཆེན་པོ་ཡོད།

འབྲེལ་ཡོད་འོས་སྦྱོར།