logo

༄༅།།ཨོ་མན་རྒྱལ་ཁབ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-06-17 ཀློག་གྲངས།:
ཨོ་མན་རྒྱལ་ཁབ་སྟེ། རྒྱ་སྐད་དུ ( 阿曼苏丹国) ཟེར་ཞིང་། དབྱིན་སྐད་དུ(The Sultanate of Oman)ཟེར་བ་ཡིན། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི30.95ཡོད་པ་དང་། མི་གྲངས་ཁྲི250ཡོད། རྒྱལ་ས་ནི་མ་སི་ཁད་ཡིན་ཞིང་། སྲིད་འཛིན་ས་ཁུལ་ལ་ཞིང་ཆེན3དང་། ཁུལ59ཡོད།
ས་བབ་གནས་ཚུལ།
ཨ་རབ་ཕྱེད་གླིང་གི་ཤར་ཁུལ་དུ་ཡོད་པ་དང་། ནུབ་བྱང་གི་ཕྱོགས་ཨ་ལན་ཆིའུ་དང་འབྲེལ་ཞིང་ལྷོ་ནུབ་ཡེ་མན་དང་འབྲེལ། ཤར་བྱང་དུ་ཨོ་མན་མཚོ་འགག་དང་། ཤར་ལྷོ་རུ་ཨ་རབ་རྒྱ་མཚོ་ཡོད། མཚོ་ངོགས་ཀྱི་འགྲམ་རྒྱུད་རིང་ཚད་ལ་སྤྱི་ལེ1700ཡོད།
མངའ་ཁོངས་ཀྱི་ཕལ་ཆེ་བ་ནི་མཚོ་ངོས་ལས་མཐོ་ཚད་སྨི200---སྨི500ཡན་གྱི་མཐོ་སྒང་ཡིན་པ་དང་། དབུས་ཁུལ་བདེ་ཐང་ཡིན་ཞིང་། བྱེ་མའི་ཁུལ་ཡང་མང་བ་ཡིན།
ནམ་ཟླ་ནི་ཚ་ཁུལ་གྱི་བྱེ་མའི་གནམ་གཤིས་སུ་གཏོགས་པ་དང་། ལོ་ཧྲིལ་བོར་ཚ་བའི་དུས་དང་བསིལ་བའི་དུས་གཉིས་སུ་དབྱེ་ཡོད། ཚ་བའི་དུས་ནི་ཟླ5པ་ནས་ཟླ10པའི་བར་ཡིན་ལ། བསིལ་བའི་དུས་ནི་ཟླ11པ་ནས་ཕྱི་ལོའི་ཟླ4པའི་བར་ཡིན། ལོ་རེའི་ཆར་བ་འབབ་ཚད་ཧོ་སྨི130ཡིན།
ཐོན་ཁུངས་སུ་གསར་རྙེད་བྱུང་བའི་རྡོ་སྣམ་ཉར་གསོག་གི་ཚད་ཏུན་དུང་ཕྱུར7.2དང་། རང་བྱུང་སོལ་རླངས་ཀྱི་ཉར་གསོག་ཚད་སྨི་ལངས་གཟུགས་མ་ཁྲི་དུང་ཕྱུར8041ཡོད་ཅིང་། རྡོ་སོལ་ཏུན་ཁྲི3600མཆིས། གཞན་ད་དུང་གསེར་དང་། ལྕགས། ཟངས། རྡོ་ཐལ་སོགས་ཀྱི་ཐོན་ཁུངས་ཀྱང་ཡོད་ལ། རགས་ཚལ་གྱི་ཁེབས་རྒྱས3.9%ཟིན་པ་དང་། གཙོད་དང་གླ་སོགས་རི་དྭགས་རྩ་ཆེན་ཡང་མཆིས།
ཨོ་མན་ཞེས་པའི་མིང་ཐོགས་ཚུལ་ནི། སྤྱི་ལོ་སྔོན་གྱི་རྒྱལ་པོ་ཨོ་མན་གྱི་མིང་དང་། གནའ་བོའི་ཚོ་བ་ཨོ་མན་ཞེས་པའི་མིང་། ཨོ་མན་ཆུ་བོའི་མིང་། "མ་ཀན" ཞེས་པའི་གྲུ་ཞིག་གི་མིང་རྒྱལ་ཁབ་ཀྱི་མིང་དུ་ཐོགས་པའི་བཤད་ཚུལ་རིགས་བཞི་མཆིས།
མི་གྲངས་དང་མི་རིགས།
ཨོ་མན་རིགས་ཀྱི་མི་གྲངས་འཕེལ་ཚད33%ཡིན་པ་དང་། གྲོང་ཁྱེར་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི9%ཟིན།
ཨོ་མན་རིགས་གཙོ་བོ་ཡིན་པ་དང་། གཞན་ད་དུང་རྒྱ་གར་གྱི་མི། ཨི་རན་གྱི་མི། བྷང་ག་ལའི་མི། ཕ་ཀི་སི་ཐན་གྱི་མི་སོགས་ཀྱང་ཡོད།
སྐད་ཆ་དང་ཆོས་ལུགས།
སྲིད་གཞུང་གི་སྐད་དུ་སྤྱོད་པ་ནི་ཨ་རབ་ཀྱི་སྐད་ཡིན་པ་དང་། དབྱིན་སྐད་ཀྱང་རྒྱུགས་ཆེ། སྡོད་དམངས་མང་ཆེ་བས་ཨི་སི་ལམ་ཆོས་ལུགས་ལ་དད་མོས་བྱེད།
ཆབ་སྲིད་དང་དཔལ་འབྱོར།
རྒྱལ་པོ། རྒྱལ་ཁབ་ཀྱི་གཙོ་འཛིན་ཡིན་པ་དང་། དེར་སུའུ་དན(ཨི་སི་ལམ་གྱི་ཆོས་དཔོན)ཡང་ཟེར། ཁོས་རྩ་ཁྲིམས་དང་། སྒྲིག་ཁྲིམས། རྒྱལ་སྤྱིའི་བྱ་འགུལ་སོགས་ཀྱི་སྒྲིག་ལམ་ཁྱབ་སྒྲོག་བྱེད།
ཨོ་མན་ཨུ་ཡོན་ལྷན་ཚོགས། ཆེས་མཐོ་བའི་ཆབ་སྲིད་ལས་ཁུངས་ཡིན།
སྲིད་གཞུང་། ནང་སྲིད་ལས་ཁུངས་ཏེ། སུའུ་དན་གྱིས་ཆོག་མཆན་བཀོད་པའི་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་སྲིད་དོན་ཐག་གཅོད་བྱེད་པའི་ལས་ཁུངས་ཡིན།
ཨོ་མན་ནི་མཚོ་འགག་ས་ཁུལ་དུ་རྡོ་སྣུམ་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཡང་མ་སི་ཁ་ཐི་མཁར་གྲོང་ནས་ཨ་རབ་མཉམ་འབྲེལ་རྒྱལ་པོའི་རྒྱལ་ཁབ་བར་དུ། རིང་ཚད་ལ་སྤྱི་ལེ170དང་། ཞེང་ལསྤྱི་ལ30ཡོད་པའི་བེ་ཏའི་ནགས་ཚལ་ཞིག་ཡོད་པ་དང་། དེ་རུ་བེ་ཏའི་སིལ་ཤིང་རྐང་ཁྲི600ལྷག་ཡོད་པས། ཨོ་མན་གྱི་ཞིང་ལས་ལ་ཡོང་སྒོ་ལེགས་པོ་ཞིག་བསྐྲུན་ཡོད་པ་དང་། ཨོ་མན་མི་ཡི་ཆ་སྙོམས་ཀྱི་ཡོང་སྒོ་ཨ་སྒོར8000ལྷག་ལས་བརྒལ་ཡོད་ཅིང་། དངུལ་ལོ་ནི་རི་ཨོ་ཡིན།
སློབ་གསོ།
ཁ་པུའུ་སི་ཡིས་སྲིད་དབང་བཟུང་རྗེས། འབངས་ཡོངས་ཀྱི་སློབ་གསོ་དང་། བྱིས་པ་ཕོ་མོ་གཉིས་ཀར་སློབ་གསོ་མྱོང་བའི་བདག་དབང་ཡོད་པའི་སྲིད་ཇུས་ལག་བསྟར་བྱས། སློབ་ཆེན་ལ་ཁ་པུའུ་སི་སློབ་ཆེན་ཡོད་པ་དང་། དེ་རུ་སློབ་གླིང7ཡོད།
གཞན་ལྷོ་ཕྱོགས་ས་ལ་ལེ་གྲོང་ཁྱེར་གྱི་རྒྱ་མཚོ་སློབ་གླིང་དང་། བྱང་ཕྱོགས་སུའུ་ཧ་གྲོང་ཁྱེར་གྱི་མཛེས་རྩལ་སློབ་གླིང་། གོང་མའི་ཉེན་རྟོག་སློབ་གླིང་བཅས་ཡོད།
གྲོང་ཁྱེར་དང་ལྗོངས་རྒྱུ།
མ་སི་ཁ་ཐི་གྲོང་ཁྱེར། དེ་ནི "འཛམ་གླིང་གི་ཚ་ཁུལ་གྲོང་ཁྱེར" ཞེས་སུ་གྲགས་པ་དེ་ཡིན་པ་དང་། ཡང་འཛམ་གླིང་གི་ཆེས་ཆུང་བའི་རྒྱལ་ས་ཞིག་ཀྱང་ཡིན། དེའི་རིང་ཚད་ལ་སྤྱི་ལེ115དང་། ཞེང་ལ་སྤྱི་ལེ0.6ཙམ་ལས་མེད་ལ། མི་གྲངས་ཁྲི72ཡོད། དེ་ཨོ་མན་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་གནས་ཀྱང་ཡིན།
ས་ལ་ལ་མཁར་གྲོང་། དེ་ནི་ཙོ་ཧྥ་ཨར་ཞིང་ཆེན་གནས་སའི་གྲོང་ཁྱེར་ཞིག་ཡིན་པ་དང་། དེང་རབས་ཅན་གྱི་ལྗོངས་རྒྱུའི་གྲོང་ཁྱེར་དང་ཚ་གཡོལ་གྱི་གནས་ཤིག་ཀྱང་ཡིན། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ངང་ལག་དང་བེ་ཏའི་སྐྱེད་ཚལ་ཡོད་ལ། རྩྭ་ཐང་དང་ནོར་ལུག་གི་ཁྱུ་ཚོགས་ཀྱང་ཉམས་དགའ་བའི་ངང་མཆིས་པ་དང་། དེ་རུ་ཆོས་ལུགས་ཀྱི་གནའ་ཤུལ་གྲགས་ཅན་ཡང་མང་དུ་ཡོད། 
འབྲེལ་ཡོད་འོས་སྦྱོར།