༄༅།།ལེ་སོ་ཐོ་རྒྱལ་ཁབ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-07-01
ཀློག་གྲངས།:


ཧྥེ་གླིང་གི་ཤར་ལྷོ་ཁུལ་དུ་ཡོད་པ་དང་། ཕྱོགས་བཞི་ནི་ལྷོ་ཧྥེ་ཡིས་བསྐོར་ཡོད། ས་བབ་ནི་ལྷ་ཧྥེ་མཐོ་སྒང་གི་ཤར་མཐའ་སྟེ་ལ་ཁེ་སི་རི་བོའི་ནུབ་ངོས་ཡིན། མངའ་ཁོངས་ཀྱི2/3ལ་མཚོ་ངོས་ལས་མཐོ་ཚད་སྨི1400-སྨི3600ཡོད། ཤར་ཁུལ་ནི་རི་མ་ཐང་ཡིན་པ་དང་། ནུབ་ཁུལ་ནི་རི་བོ་ཡིན་ལ། བྱང་ཁུལ་ནི་མཐོ་སྒང་ཡིན། ནུབ་ཁུལ་གྱི་མཐའ་མཚམས་སུ་ཕལ་ཆེར་སྤྱི་ལེ40ཙམ་ཡོད་པའི་དོག་གཞོངས་ཤིག་ཡོད་ཅིང་། དེར་མི་མང་བོ་འདུས་སྡོད་བྱེད་པ་ཡིན། ཆེས་མཐོ་བའི་རི་བོ་ནི་ཨིན་ཐི་ལོན་ཡ་ན་རི་བོ་ཡིན་པ་དང་། མཐོ་ཚད་ལ་མཚོ་ངོས་ལས་སྨི3482ཡོད་ཅིང་། ཧྥེ་གླིང་ལྷོ་མའི་ཆེས་མཐོ་བའི་རི་བོ་ཡིན། ཨོ་ལན་ཀྲི་གཙང་བོ་དང་ཐོ་ཀི་ར་གཙང་བོའི་འབྱུང་ཡུལ་ནི་ཤར་ཁུལ་གྱི་རི་བོའི་འདབས་དེ་ཡིན་པ་དང་། ཆུ་བོའི་འབབ་རྒྱུན་དྲག་ཅིང་རྒོད། ཨོ་ཐན་ཀྲི་གཙང་བོའི་འགྲམ་རྒྱུད་གཉིས་ནི་ལོ་ཏོག་འདེབས་ཡུལ་གཙོ་བོ་ཡིན།


མི་གྲངས་མང་ཆེ་བ་ནི་ནུབ་ཁུལ་གྱི་ཁ་ལི་ཏིན་གཙང་བོའི་འགྲམ་རྒྱུད་དུ་གནས་པ་དང་། མི་གྲངས་ཕྱིར་ཤོར་བ་ཧ་ཅང་ཚབས་ཆེན་ཡིན་ཞིང་། གྲོང་ཁྱེར་གྱི་མི་གྲངས་འཕར་ཚད་ནི་སྤྱིའི་མི་གྲངས3%ཡས་མས་ཡིན།
བ་སོའུ་ཐོ་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི88%བཟུང་བ་དང་། ཙོ་ལོའུ་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི10%ཡས་མས་བཟུང་ཡོད། གཞན་མི་དཀར་ནི་ཕལ་ཆེར3000ཡོད་པ་དང་། ཀྲུང་གོའི་མི300ཙམམཆིས།
སྡོད་དམངས50%ཙམ་གྱིས་གནམ་བདག་ཆོས་ལུགས་ལ་དད་པ་བྱེད་པ་དང་། མི35%ཙམ་གྱིས་ཡེ་ཤུའི་ཆོས་གསར་མ་ལ་དད་པ་བྱེད། གཞན་དག་གིས་གདོད་མའི་ཆོས་ལུགས་དང་ཨི་སི་ལམ་ཆོས་ལུགས་ལ་དད་པ་བྱེད།
ཆབ་སྲིད་དང་དཔལ་འབྱོར།
རྒྱལ་པོ། རྒྱལ་ཁབ་ཀྱི་གཙོ་འཛིན་དང་། ཁྲིམས་འཛུགས་ཀྱི་ཚོ་དཔོན་ཡིན།
གྲོས་ཚོགས། གྲོས་ཁང་གོང་མ་རུ་རྒྱལ་པོས་གཏན་ཁེལ་བྱས་པའི་གྲོས་མི11དང་། ཚེ་དཔོན་གཙོ་བོ་མི22ཀྱིས་གྲུབ། གྲོས་ཁང་ཞོལ་མ་རུ་གྲོས་མི80ཡིས་གྲུབ་ལ། འདེམ་བསྐོ་བྱས་ནས་བྱུང་བ་དང་། འགན་ཡུན་ལོ5ཡིན།
སྲིད་གཞུང་། ནང་བློན་ནི་སྲིད་དོན་ལག་བསྟར་རྩ་འཛུགས་དང་། བློན་ཆེན་ནི་སྲིད་གཞུང་གི་མགོ་གཙོ་ཡིན།

སློབ་གསོ།
རྒྱལ་དམངས་ཀྱི་སློབ་གསོའི་ཆུ་ཚད་ཅུང་མཐོ་བ་དང་། སློབ་ཆུང་ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཡོད། མི་དར་མའི་ཡིག་ངོ་ཆོད་ཚད83%ཡིན་ལ། ཧྥེ་གླིང་གི་ཨང་གཉིས་པ་ཡིན། ལེ་སོ་ཐོ་སློབ་ཆེན་ནི་རྒྱལ་ཁབ་དེའི་སློབ་ཆེན་གཅིག་པུ་ཡིན།
གྲོང་ཁྱེར་དང་ལྗོངས་རྒྱུ།
མ་སེ་རུ་གྲོང་ཁྱེར། དེ་ནི་རྒྱལ་ས་ཡིན་པ་དང་། རྒྱལ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཀྱང་ཡིན། གྲོང་ཁྱེར་ནང་དུ་རྒྱལ་པོའི་སྲང་ལམ་དང་། བློན་ཆེན་གཞུང་ཤགརྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་། གནའ་བོའི་ཕོ་བྲང་། གོང་མའི་ཕོ་བྲང་། གྲོས་ཁང་གི་ཚོམས་ཆེན་བཅས་ཡོད།
འབྲེལ་ཡོད་འོས་སྦྱོར།