དབྱི་ཐ་ལི་ཡ་ཧྥེ་ཞིབ་འཇུག་གླིང་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:བདེ་ཆེན་མཚོ། དུས་ཚོད།:2014-05-06 ཀློག་གྲངས།:
  དབྱི་ཐ་ལི་ཡ་ཧྥེ་ཞིབ་འཇུག་གླིང་ནི1934ལོར་དབུ་བརྙེས་ཤིང་། ཀའེ་ལར་ཏོ་ཨོ་ལེ(Gherardo Gnoli)ལགས་ཀྱིས་འགོ་བཟུང་ནས་བཙུགས་པ་ཡིན་ལ། ཡོ་རོབ་གླིང་གི་བོད་རིག་པའི་ཞིབ་འཇུག་སྡེ་ཁག་གྲགས་ཅན་ཞིག་ཡིན། ཞིབ་འཇུག་གླིང་དེར་བོད་རིག་པའི་ཆེད་མཁས་ཀྲུའུ་སའེ་ཕེ་ཏུའུ་ཆི(Giuseppe Tucci)ལགས་ཀྱིས་བསྡུ་ཉར་བྱས་པའི་རིག་དངོས་མང་དུ་ཉར་འདུག  དབྱི་ཐ་ལི་ཡ་ཧྥེ་ཞིབ་འཇུག་གླིང་ནི་ཏུའུ་ཆི་ལགས་ཀྱིས་བཙུགས་པའི་དབྱི་ཐ་ལི་ཨེ་ཤ་ཡ་ཤར་རྒྱུད་ཞིབ་འཇུག་ཁང་གི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་ཞིང་། ཚན་རིག་རིག་གནས་ཞིབ་འཇུག་གི་ཆུ་ཚད་མཐོ་བའི་ལས་ཁུངས་ཤིག་ཡིན་ལ། ལྷག་པར་དུ་གླིང་ཆེན་ཨེ་ཤ་ཡའི་ཤེས་རིག་ཞིབ་འཇུག་ཐད་དཔྱད་འབྲས་འབུར་དུ་ཐོན་པ་བླངས་འདུག


འབྲེལ་ཡོད་འོས་སྦྱོར།