༄༅།།ཨུ་རུ་སུའི་ཚན་རིག་ཁང་ཤར་ཕྱོགས་ཚད་ལྡན་ཡིག་ཆ་ཞིབ་འཇུག་སུའོ།

རྩོམ་པ་པོ།:མི་གསལ། དུས་ཚོད།:2020-02-28 ཀློག་གྲངས།:
ཨུ་རུ་སུའི་ཚན་རིག་ཁང་ཤར་ཕྱོགས་ཚད་ལྡན་ཡིག་ཆ་ཞིབ་འཇུག་སུའོ་ནི་ཨུ་རུ་སུས་བོད་རིག་པར་ཞིབ་འཇུག་བྱེད་པའི་ལས་ཁུངས་གལ་ཆེ་ཤོས་ཀྱི་ཡ་གྱལ་ཞིག་ཡིན། དེའི་སྔ་ཤོས་ནི་ཐོག་མར་ཨུ་རུ་སུ་གོང་མ་ཚང་ཚན་རིག་ཁང་གི་ཤར་ཕྱོགས་དངོས་མང་བཤམས་མཛོད་ཁང་ཡིན། 1818ལོའི་ཟླ11པར་ཨུ་རུ་སུའི་ཚན་རིག་ཁང་གིས་ཧྥ་རན་སིའི་མི་ཞིག་གི་ལག་ནས་མུའུ་སི་ལིན་གྱི་ཚད་ལྡན་ཡིག་ཆ་ཁག་ཅིག་ཉོས་ཏེ་དེ་དག་ཉར་ཚགས་བྱ་ཆེད་རྒྱལ་ས་ཧྲེང་པི་ཏེ་པའོ་ཨེ་ཤ་ཡའི་དངོས་མང་བཤམས་མཛོད་ཁང་འཛུགས་རྒྱུའི་ཐག་བཅད་པ་མ་ཟད། ད་དུང་ཕྱིན་ཆད་ཚན་རིག་ཁང་གིས་ཉར་ཚགས་བྱས་པའི་ཤར་ཕྱོགས་ཀྱི་ཕྱག་བྲིས་དང་དཔེ་དེབ་ཚང་མ་དངོས་མང་བཤམས་མཛོད་ཁང་དེས་ཉར་ཚགས་བྱ་རྒྱུ་གཏན་འབེབས་བྱས། ཨེ་ཤ་ཡའི་དངོས་མང་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཤར་ཕྱོགས་ཀྱི་ཚད་ལྡན་ཡིག་ཆ་དེ་ནི་སྐབས་དེར་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་བལྟས་ན་ཨང་དང་པོ་ཡིན་པ་མ་ཚད། དེ་ནི་ཨུ་རུ་སུའི་ཆེས་སྔ་བའི་བོད་ཡིག་ཚད་ལྡན་ཡིག་ཆ་ཉར་ཚགས་དང་ལེགས་སྒྲིག་ཞིབ་འཇུག་བཅས་ལ་རོགས་སྐྱོར་བྱེད་པའི་ལས་ཁུངས་ཤིག་ཀྱང་ཡིན།
1930ལོར་སུའུ་ལེན་སྲིད་གཞུང་གིས་རང་རེའི་རྒྱལ་ཁབ་ཀྱི་ཤར་ཕྱོགས་རིག་པའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་ཆེད་ཨེ་ཤ་ཡའི་དངོས་མང་བཤམས་མཛོད་ཁང་དང་ནང་བསྟན་རིག་གནས་ཞིབ་འཇུག་ཁང་། གྲུ་གུ་ཞིབ་འཇུག་ཁང་། ཤར་ཕྱོགས་སློབ་གླིང་སོགས་ཟླ་སྒྲིལ་བྱས་ནས་ལེ་ཉིང་ཀེ་ལེ་རུ་སུའུ་ལེན་ཚན་རིག་ཁང་གི་ཤར་ཕྱོགས་རིག་པའི་ཞིབ་འཇུག་སུའོ་བཙུགས་པ་དང་། ཨའོ་ཏེང་པའོ་ཡིས་སུའོ་ཀྲང་གི་འགན་ཁུར་བ། ཤར་ཕྱོགས་རིག་པའི་ཞིབ་འཇུག་སུའོ་ཡི་ཐོག་མའི་ཞིབའཇུག་ལས་དོན་ཁྲོད་བོད་རིག་པར་ཞིབ་འཇུག་བྱེད་པའི་སྡེ་ཁག་གཙོ་བོ་ནི་རྒྱ་གར་དང་བོད་ལྗོངས་ཞིབ་འཇུག་ཁང་ཡིན་པ་དང་། ཞེ་ཨེར་པ་ཚི་ཅི་ནི་ཞིབ་འཇུག་ཁང་དེའི་ཀྲུའུ་རེན་ཐོག་མ་ཡིན། 1936ལོར་ལས་སྒོ་རྒྱ་བསྐྱེད་པ་དང་ཆབས་གཅིག རྒྱ་གར་དང་བོད་ལྗོངས་ཞིབ་འཇུག་ཁང་དེ་རྒྱ་གར་ཞིབ་འཇུག་ཁང་དང་བོད་ལྗོངས་ཞིབ་འཇུག་ཁང་གཉིས་སུ་བགོས། བོད་ལྗོངས་ཞིབ་འཇུག་ཁང་དེ་ཝོ་སི་ཐེ་ལི་ཁོའོ་ཕུའུ་ཡིས་གཙོ་སྐྱོང་གནང་བ་རེད། 1950ལོར་ཤར་ཕྱོགས་རིག་པའི་ཞིབ་འཇུག་སུའོ་མོ་སི་ཁོ་རུ་གནས་སྤོས་མོད། འོན་ཀྱང་བོད་ཡིག་ཚད་ལྡན་ཡིག་ཆ་ཚུདཔའི་ཤར་ཕྱོགས་ཚད་ལྡན་ཡིག་ཆ་དང་དེར་ཞིབ་འཇུག་བྱེད་པའི་མཁས་དབང་མང་ཆེ་བ་ལེ་ཉིང་ཀེ་ལེ་རུ་བཞག་ཅིང་། མཁས་པ་དང་ཐོན་ཁུངས་འདི་དག་སྡེབ་སྒྲིག་བྱས་ཏེ་ཤར་ཕྱོགས་རིག་པའི་ཞིབ་འཇུག་ལེ་ཉིང་ཀེ་ལེ་ཡན་ལག་སུའོ་རུ་བསྒྱུར། བོད་རིག་པ་དང་དེ་བཞིན་འབྲེལ་ཡོད་རིག་ཚན་ལ་ཞིབ་འཇུག་བྱེད་པའི་མཁས་དབང་དང་བོད་ཡིག་གི་ཚད་ལྡན་ཡིག་ཆ་གཙོ་བོ་དག་ལེ་ཉིང་ཀེ་ལེ་རུ་བཞག་ཡོད་པས། ལེ་ཉིང་ཀེ་ལེ་ཡན་ལག་སུའོ་ནི་དོན་དངོས་ཐོག་སུའུ་ལེན་གྱི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་གཙོ་བོ་ཞིག་ཡིན་པས། ཨེ་ཤ་ཡའི་དངོས་མང་བཤམས་མཛོད་ཁང་དང་སྔ་དུས་བོད་རིག་པའི་འཇུག་སུའོ་ཡི་རྒྱུན་འཛིན་པ་ངོ་མ་ཡིན།
སུའུ་ལེན་ཐོར་རྗེས། ལེ་ཉིང་ཀེ་ལེ་ཡན་ལག་སུའོ་ནི་ཧྲེང་པི་ཏེ་པའོ་ཡན་ལག་སུའོ་ཞེས་པའི་མིང་དུ་བསྒྱུར། 2007ལོར་ཧྲེང་པི་ཏེ་པའོ་ཡན་ལག་སུའོ་དང་ཤར་ཕྱོགས་རིག་པའི་ཞིབ་འཇུག་སུའོ་མོ་སི་ཁོ་སྤྱི་ཁྱབ་པུའུ་གཉིས་དངོས་སུ་ཁ་གྱེས་པ་དང་ཤར་ཕྱོགས་ཚད་ལྡན་ཡིག་ཆ་ཞིབ་འཇུག་སུའོ་ཞེས་མིང་བསྒྱུར། ཨུ་རུ་སུའི་བོད་རིག་པ་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྟོབས་ཤུགས་ཆེས་ཆེ་བའི་ལས་ཁུངས་ཤིག་ཡིན་པའི་ཤར་ཕྱོགས་ཚད་ལྡན་ཡིག་ཆ་ཞིབ་འཇུག་སུའོ་ལ་ད་ཆ་ཞིབ་འཇུག་ཁང7དང་དཔེ་མཛོད་ཁང1ཡོད། དེའི་ནང་རྒྱང་ཤར་ཞིབ་འཇུག་ཁང་དང་། ཤར་ཕྱོགས་ཚད་ལྡན་ཡིག་ཆ་དང་ཡིག་ཆ་ཞིབ་འཇུག་ཁང་། ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོའི་ཞིབ་འཇུག་ཁང་སོགས་སྡེ་ཚན་གྱི་ཞིབ་འཇུག་དེ་བོད་རིག་པའི་ཁྱབ་ཁོངས་ཀྱིཞིབ་འཇུག་ཉར་ཚགས་བྱས་པའི་བོད་ཡིག་གི་ལག་དེབ་དང་རྐོ་འབྲི་ལོ་རྒྱུས་རིང་ཤོས་དང་གྲངས་འབོར་མང་ཤོས་ཀྱི་ལས་ཁུངས་ཀྱི་ཡ་གྱལ་ཞིག་ཀྱང་ཡིན།
འབྲེལ་ཡོད་འོས་སྦྱོར།