༄༅།།ད་ལོ་ང་ཚོ་སྐར་མ་མིག་དམར་གྱི་སྟེང་དུ་འགྲོ་དགོས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།
དུས་ཚོད།:2021-01-05
ཀློག་གྲངས།:
“བར་ཐག་སྤྱི་ལེ་ཁྲི2400ལྷག་ཙམ་གྱི་ས་ནས་བརྒྱབ་པའི་རང་པར”དེ་ད་དུང་ཡིད་ལ་དྲན་ནམ།
2020ལོའི་ཟླ10པའི་ཚེས1ཉིན་ཏེ། རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་གྱི་སྐབས་དེར། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུའུ་ཡིས། རང་རྒྱལ་གྱི་སྐར་མ་མིག་དམར་ལ་འཚོལ་ཞིབ་ཚད་ལེན་བྱེད་པའི་ལས་འགན་ཐོག་མ“གནམ་འདྲི་ཨང་དང་པོའི”(天问一号)བརྟག་ཞིབ་ཐིག་ལེན་ཡོ་བྱད་ཀྱི་འཕུར་སྐྱོད་པར་རིས་ཁྱབ་བསྒྲགས་བྱས་པ་རེད།
འདི་ནི་“གནམ་འདྲི་ཨང་དང་པོ”འཚོལ་ཞིབ་ཡོ་བྱད་ཀྱིས། ཐེངས་དང་པོར་མཁའ་དབྱིངས་སུ་འཚོལ་ཞིབ་བྱས་ཏེ“རང་པར་བརྒྱབ་པ”ཞིག་ཡིན་ལ། པར་སྟེང་གི་སྐར་ལྔའི་དར་དམར་གྱི་བཀྲག་མདངས་རྣམ་པར་འཚེར། དེ་ནི་མཚན་མོའི་མཁའ་དབྱིངས་སུ་ཆེས་བཀྲག་མདངས་འཚེར་བའི་སྐར་ཆེན་དེ་ཡིན་ལ། ས་གཞི་ཆེན་པོའི་སྟེང་མངོན་པར་གསལ་བའི་ཁ་དོག་དམར་པོ་དེའང་རེད།
འདི་ནི་“གནམ་འདྲི་ཨང་དང་པོ”འཚོལ་ཞིབ་ཡོ་བྱད་ཀྱིས། ཐེངས་དང་པོར་མཁའ་དབྱིངས་སུ་འཚོལ་ཞིབ་བྱས་ཏེ“རང་པར་བརྒྱབ་པ”ཞིག་ཡིན་ལ། པར་སྟེང་གི་སྐར་ལྔའི་དར་དམར་གྱི་བཀྲག་མདངས་རྣམ་པར་འཚེར། དེ་ནི་མཚན་མོའི་མཁའ་དབྱིངས་སུ་ཆེས་བཀྲག་མདངས་འཚེར་བའི་སྐར་ཆེན་དེ་ཡིན་ལ། ས་གཞི་ཆེན་པོའི་སྟེང་མངོན་པར་གསལ་བའི་ཁ་དོག་དམར་པོ་དེའང་རེད།
ལོ་གསར་པ་འགོ་ཚུགས་མ་ཐག སླར་ཡང་གཏམ་བཟང་ཞིག་ཁྱབ་ཡོང་བ་སྟེ། ཏག་ཏག་འདིའི་སྔོན་ལ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུའུ་ནས་ཤེས་རྟོགས་བྱུང་བར། 2021ལོའི་ཟླ1པའི་ཚེས3ཉིན་གྱི་ཆུ་ཚོད6པའི་བར། “གནམ་འདྲི་ཨང་དང་པོའི”འཚོལ་ཞིབ་ཡོ་བྱད་འཁོར་ལམ་ཐོག་ཉིན163འཕུར་སྐྱོད་བྱས་ཏེ། འཕུར་སྐྱོད་ལམ་ཐག་སྤྱི་ལེ་དུང་ཕྱུར4བརྒལ་བ་དང་། སའི་གོ་ལ་དང་བར་ཐག་སྤྱི་ལེ་དུང་ཕྱུར1.3ཙམ་ཟིན་ལ། སྐར་མ་མིག་དམར་དང་བར་ཐག་ཕལ་ཆེར་སྤྱི་ལེ་ཁྲི830ཙམ་ཡོད་པ་རེད། འཚོལ་ཞིབ་ཡོ་བྱད་གཏན་འཇགས་ཡིན་པ་དང་།འཆར་གཞི་ལྟར་ཟླ་བ་གཅིག་ལྷག་ཙམ་གྱི་རྗེས་མགྱོགས་ཚད་ཇེ་དལ་དུ་ཕྱིན་ནས།སྐར་མ་མིག་དམར་གྱི་འཁོར་ལམ་དུ་བསྐྱོད་པ་དང་། སྐར་མ་མིག་དམར་གྱི་སྟེང་ལ་འབབ་པར་གྲ་སྒྲིག་བྱ་རྒྱུ་རེད།
2020ལོའི་ཟླ7པའི་ཚེས23ཉིན། རྒྱང་སྐྱོད་རྟགས་ཅན་ཨང་ལྔ་པའི་རྒྱང་རིང་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀྲུང་གོའི་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ས་ཚིགས་ནས་མཁའ་དབྱིངས་སུ་བཏང་བ་དང་། རང་རྒྱལ་གྱིས་སྐར་མ་མིག་དམར་ལ་འཚོལ་ཞིབ་བྱེད་པའི་ལས་འགན་ཐེངས་དང་པོ་ལག་བསྟར་བྱས་པ་རེད།(གནམ་འདྲི་ཨང་དང་པོ་རྟགས་ཅན་གྱི་ལས་འགན།) “གནམ་འདྲི་ཨང་དང་པོ”ཡི་ལས་འགན་ནི། རང་རྒྱལ་གྱིས་རང་ཚུགས་སྒོས་སྐར་མའི་གོ་ལ་འཚོལ་ཞིབ་བྱས་པའི་གོམ་པ་དང་པོ་ཡིན་ལ། སྐར་མ་མིག་དམར་ལ“སྐོར་འབབ་འཚོལ”གྱི་ལས་འགན་མངོན་འགྱུར་བྱུང་བ་སྟེ། སྐར་མ་མིག་དམར་ལ་བསྐོར་བ་རྒྱག་པ་དང་། སྐར་མ་མིག་དམར་སྟེང་འབབ་པ། སྐར་མ་མིག་དམར་གྱི་སྟེང་ནས་འཚོལ་ཞིབ་བྱེད་པ་ཞིག་རེད།
འདི་ནི2020ལོའི་ཟླ7པའི་ཚེས27ཉིན“གནམ་འདྲི་ཨང་དང་པོ”ཡི་བརྟག་ཞིབ་ཡོ་བྱད་ཀྱིས་འོད་རིག་ཕྱོགས་སྟོན་ཚོར་སྐྱེན་ཡོ་བྱད་སྤྱད་དེ་པར་བླངས་པའི་སའི་གོ་ལ་དང་ཟླ་བའི་གོ་ལའི་མཉམ་པར་རེད། “གནམ་འདྲི་ཨང་དང་པོ”བརྟག་ཞིབ་ཡོ་བྱད་ཀྱི་ལྗིད་ཚད་བསྡོམས་འབོར་ཕལ་ཆེར་ཏུན5ཙམ་ཡོད་ལ།
དེ་ནི་བསྐོར་ཆས་དང་ཐང་འབབ་སྐོར་གཟིགས་ཆས་ལས་གྲུབ་ཅིང་། ཐང་འབབ་སྐོར་གཟིགས་ཆས་ནི་གཙོ་བོ་ནང་འཛུལ་འཁོར་སྒམ་དང་མིག་དམར་འཁོར་ལོ་ལས་གྲུབ་པ་ཞིག་རེད།
མིག་སྔར། བསྐོར་ཆས་ཀྱིས་འཁོར་ལམ་དུ་རང་བཤེར་ཐེངས་གསུམ་པ་བྱས་ཚར་ལ། མ་ལག་སོ་སོའི་ལས་ཀ་རྒྱུན་ལྡན་རེད།
2020ལོའི་ཟླ8པའི་ཚེས2ཉིན། པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་སུ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་མི་སྣས་ཡུལ་དངོས་སུ་ལས་ཀ་བྱེད་པ། དེ་ནི་བསྐོར་ཆས་དང་ཐང་འབབ་སྐོར་གཟིགས་ཆས་ལས་གྲུབ་ཅིང་། ཐང་འབབ་སྐོར་གཟིགས་ཆས་ནི་གཙོ་བོ་ནང་འཛུལ་འཁོར་སྒམ་དང་མིག་དམར་འཁོར་ལོ་ལས་གྲུབ་པ་ཞིག་རེད།
མིག་སྔར། བསྐོར་ཆས་ཀྱིས་འཁོར་ལམ་དུ་རང་བཤེར་ཐེངས་གསུམ་པ་བྱས་ཚར་ལ། མ་ལག་སོ་སོའི་ལས་ཀ་རྒྱུན་ལྡན་རེད།
སྐབས་འདིར། “གནམ་འདྲི་ཨང་དང་པོ”སྐར་མ་མིག་དམར་དང་ཉེ་བར་བཅར་བཞིན་ཡོད་ལ། ངོ་མཚར་བའི་སྐར་མའི་གོ་ལ་འདིའི་ཕྱོགས་སུ་འཕུར་བཞིན་ཡོད། ང་ཚོས་མཉམ་དུ། སྐར་མ་མིག་དམར་གྱི་སྟེང་ནས་སླེབས་པའི་འཕྲིན་ལན་ལ་རེ་སྒུག་བྱ།
འབྲེལ་ཡོད་འོས་སྦྱོར།