༢༠༢༡ལོའི་ཚན་རིག་གསར་འགྱུར་ཆེན་པོ་བཅུ།
རྩོམ་པ་པོ།:སྙིང་ལྕགས་རྒྱལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།
དུས་ཚོད།:2022-01-13
ཀློག་གྲངས།:
ཉེ་སྔོན། «སའི་གོ་ལའི་ཚན་རིག»ཅེས་པའི་དུས་དེབ་ཀྱིས་དཔྱད་འདེམས་བྱས་པའི2021ལོའི་ཚན་རིག་གསར་འགྱུར་ཆེན་པོ་བཅུ་དྲ་ཐོག་ཏུ་བསྒྲགས་ཡོད་པས། ང་ཚོས་མཉམ་དུ2021ལོའི་ཚན་རིག་སྡེ་ནས་བྱུང་བའི་དོན་དག་ཆེན་པོ་དེ་དག་ལ་ཕྱིར་རྟོག་ཅིག་བྱེད་ལགས།
གཅིག ཀྲུང་གོའི་བར་སྣང་ས་ཚིགས་འཛུགས་རྒྱུ་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས་པ།

པར་རིས་ཀྲུང་གོའི་མི་སྡོད་མཁའ་སྐྱོད་ལས་དོན་དྲ་བ་ལས་དྲངས།
བདམས་པའི་རྒྱུ་མཚན། རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱི་སྤྱོད་མཚམས་བཞག་རྗེས། “སུམ་རྩེན”ནི་བེད་སྤྱོད་ཆོག་པའི་བར་སྣང་ས་ཚིགས་གཅིག་པུར་གྱུར་ཡོད་པ།
གཉིས། རྒྱལ་ཁབ་མང་པོའི་སྐར་མ་མིག་དམར་གྱི་འཚོལ་ཞིབ་ལས་གཞི་ལ་ཡར་རྒྱས་བྱུང་བ།

པར་རིས་རྒྱལ་ཁབ་མཁའ་སྐྱོད་ཅུས་ལས་དྲངས།
བདམས་པའི་རྒྱུ་མཚན། སྐར་མ་མིག་དམར་གྱི་འཚོལ་ཞིབ་གནས་བབ་དུས་རིམ་གསར་བ་ཞིག་ཏུ་ཐོན་པ།
གསུམ། མུ་རྡུལ(缪子)g-2ཚོད་ལྟའི་མཇུག་འབྲས་བསྒྲགས་པ།

པར་རིསReidar Hahn Fermi National Accelerator Laboratoryལས་དྲངས།
བདམས་པའི་རྒྱུ་མཚན། གཞུང་ལུགས་དང་ཚོད་ལྟའི་མཇུག་འབྲས་བར་གྱི་འགལ་བ་ལ་ཤེས་རྟོགས་བྱུང་སྟེ་ཚན་རིག་པ་ཡིས་དངོས་ལུགས་གསར་བའི་འོད་སྣང་མཐོང་བ།
བཞི། ཀྲུང་གོའི་ཚན་རིག་པ་ཡིས་ཐེངས་དང་པོར་སིང་ཕྱེ་འདྲེས་སྦྱོར་བྱས་པ།

པར་རིས Cai, Tao, et al., Science, 2021ལས་དྲངས།
བདམས་པའི་རྒྱུ་མཚན། མིའི་རིགས་ཀྱིས་ཐེངས་དང་པོར་དབྱང་གཉིས་ཐཱན་རྫས་ནས་མགོ་ཚུགས་ཏེ་བདེ་བླག་ངང་སིང་ཕྱེ་འདྲེས་སྦྱོར་བྱས་པ།
ལྔ། པྲོག་གསར་ཏེལ་ཐ་དང་ཨོ་སྨི་ཁི་རོན་དུག་རྐང་གིས་འགྲན་སློང་གསར་བ་བསྐྱེད་པ།

པར་རིས UC San Diego’s Lorenzo Casalino, the Amaro Lab, and members of the research team ལས་དྲངས།
བདམས་པའི་རྒྱུ་མཚན། པྲོག་གསར་ནད་དུག་བསྟུད་མར་གཞན་འགྱུར་བྱུང་བ་ན། མུ་མཐུད་དུ་བྱུང་བའི་དུག་རྐང་གསར་བའི་ཤུགས་རྐྱེན་འཛམ་གླིང་ཡོངས་ལ་ཐེབས་པ།
དྲུག མིས་བཟོས་རིག་ནུས་རྩིས་ཐབས(人工智能算法)ཀྱིས་སྤྲི་དཀར་གྲུབ་ཚུལ་ལ་ཚོད་དཔག་ཡང་དག་བྱས་པ།

པར་རིས DeepMindལས་དྲངས།
བདམས་པའི་རྒྱུ་མཚན། སྤྲི་དཀར་གྲུབ་ཚུལ་ཞིབ་འཇུག་གི་མགོ་རྟིང་བསློགས་ཏེ་ཚེ་སྲོག་གི་ངོ་བོའི་འཚོལ་ཞིབ་དང་སྨན་རྫས་གསར་སྤེལ་ལ་སྐུལ་འདེད་ཆེན་པོ་བྱས་པ།
བདུན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ཚོགས་ཆེན་སྐབས26པ་མཇུག་རྫོགས་པ་དང་ཀྲུང་གོས“ཐཱན་གཉིས”བྱེད་སྒོ་ཧུར་ཐག་ངང་སྤེལ་བ།

པར་རིས UNFCCC/Kiara Worthལས་དྲངས།
བདམས་པའི་རྒྱུ་མཚན། རྒྱལ་ཁབ་སོ་སོའི་ཐུན་མོང་ཁས་ལེན་གྱིས1.5℃ཡི་དམིགས་འབེན་འདི“གསོན་ཐུབ་པར”བྱས་པ།
བརྒྱད། ཚད་མང་བའི་འགྲོས་མྱུར་གློག་འཕྲོ་རླབས(快速射电暴)ཤེས་རྟོགས་བྱུང་བ།

པར་རིས NAOCལས་དྲངས།
བདམས་པའི་རྒྱུ་མཚན། འགྲོས་མྱུར་གློག་འཕྲོ་རླབས་ཀྱི་ཞིབ་འཇུག་འདི་དུས་རིམ་གསར་བར་ཐོན་པ་དང་། ཀྲུང་གོའི་གནམ་མིག་གི་བྱས་རྗེས་མངོན་གསལ་ཡིན་པ།
དགུ། པྲོག་གསར་འགོག་པའི་ཁྱད་ལྡན་ནུས་ཐོན་སྨན་གཅིག་རྗེས་གཉིས་མཐུད་དུ་བྱུང་བ།

པར་རིས Pixabayལས་དྲངས།
བདམས་པའི་རྒྱུ་མཚན། ཁྱད་ལྡན་ནུས་ཐོན་སྨན་གྱིས་རིམས་འགོག་གཡུལ་འཐབ་ལས་རྒྱལ་ཁ་ལེན་པ་ལ་མཚོན་ཆ་བཟང་པོ་ཁ་སྣོན་བྱས་པ།
བཅུ། མི་སྤྲེལ་མཉམ་འདྲེས་གཟུགས་ཀྱི་མངལ་ཕུང(人猴嵌合体胚胎)ཐོག་མ་ཡིས་རྩོད་གཞི་སློང་བ།

པར་རིས WEIZHI JI/KUNMING UNIVERSITY OF SCIENCE AND TECHNOLOGY ལས་དྲངས།
བདམས་པའི་རྒྱུ་མཚན། བག་ཉལ་གྱི་མི་ཆོས་གནད་དོན་ཡོད་པའི་དབང་གིས། མཉམ་འདྲེས་གཟུགས་ཀྱི་མངལ་ཕུང་ཞིབ་འཇུག་ལ་རྩོད་པ་དྲག་པོ་བྱུང་བ།
འབྲེལ་ཡོད་འོས་སྦྱོར།