འཛམ་གླིང་གི་རི་མོ་ཐོག་མ།
རྩོམ་པ་པོ།:
ཡོང་ཁུངས།:མི་དམངས་དྲ་བ།
དུས་ཚོད།:2022-06-13
ཀློག་གྲངས།:
ཉེ་ཆར། ཀྲུང་གོའི་ཚན་རིག་མཁས་ཅན་ཚོགས་པས་ཞིབ་བཟོ་བྱས་པའི་འཛམ་གླིང་ཐོག་གི་ཟླ་བའི་གོ་ལའི་ཟླ་བ་ཧྲིལ་པོའི་ས་གཤིས་རི་མོ་ཐོག་མ་དེ་ལེགས་འགྲུབ་བྱུང་ནས་ཟླ་བའི་གོ་ལའི་ས་གཤིས་དང་རིམ་འགྱུར་གྱི་ཆ་འཕྲིན་ཕྱོགས་བསྡུས་ཐོག་མཚོན་པ་དང་། ཟླ་བའི་གོ་ལའི་ཚན་རིག་ཞིབ་འཇུག་དང་། འཚོལ་ཞིབ་འཆར་འགོད། འབབ་སའི་གནས་འདེམས་པ་སོགས་ལ་རྨང་གཞིའི་དཔྱད་གཞི་གལ་ཆེན་མཁོ་འདོན་དང་། དུས་མཚུངས་སུ་གནམ་གཟུགས་ས་གཤིས་རི་མོ་གཞན་དག་བཟོ་རྒྱུར་དཔྱད་གཞི་མཁོ་འདོན་བྱས་པ་རེད།
ཟླ་བའི་གོ་ལའི་ས་གཤིས་རི་མོའི་མ་ལག་གིས་ཟླ་བའི་ཕྱི་ངོས་ཀྱི་ས་རིམ་དང་། གྲུབ་ཚུལ། བྲག་རྒྱུ། ལོ་རིམ་རིག་པ་སོགས་ཐད་ཀྱི་ཕྱོགས་བསྡུས་ས་གཤིས་ཆ་འཕྲིན་མཚོན་པ་དང་། ཟླ་བའི་གོ་ལའི་བྲག་རྡོའི་ནུས་པ་དང་། རྡེབ་ཐུག་དོན་རྐྱེན། མེ་རིའི་འགུལ་སྐྱོད་སོགས་ཀྱི་རིམ་འགྱུར་བརྒྱུད་རིམ་མངོན་ཡོད་པ་རེད།
ཨོའུ་དབྱང་ཙི་ཡོན་ཡོན་ཧྲི་དང་ཞིབ་འཇུག་པ་ལིའུ་ཅན་ཀྲུང་གི་སྣེ་ཁྲིད་འོག ཀྲུང་གོའི་ཚན་རིག་ཁང་གི་སའི་གོ་ལའི་རྫས་འགྱུར་ཞིབ་འཇུག་ཁང་ནི་སྣེ་ཁྲིད་སྡེ་ཚན་ཡིན་པའི་ཆ་ནས། ཅི་ལིན་སློབ་ཆེན་དང་ཧྲན་ཏུང་སློབ་ཆེན། ཀྲུང་གོའི་ས་གཤིས་ཚན་རིག་ཁང་། ཀྲུང་གོའི་ས་གཤིས་སློབ་ཆེན།(པེ་ཅིན།)ཀྲུང་གོའི་ཚན་རིག་ཁང་གི་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་སོགས་སྡེ་ཚན་མང་པོ་དང་མཉམ་འབྲེལ་བྱས་ལ། ཀྲུང་གོའི་ཟླ་བའི་ལས་གྲྭའི་གཞི་གྲངས་རྨང་གཞིར་བྱས་ཏེ། རྒྱལ་སྤྱིའི་ཐོག་ཟླ་བའི་འཚོལ་ཞིབ་གཞི་གྲངས་དང་ཞིབ་འཇུག་གྲུབ་འབྲས་གཞན་དག་བེད་སྤྱོད་གང་ལེགས་བྱས། ཟླ་བའི་གོ་ལའི“ས་རིམ”དང་། ས་དབྱིབས། གྲུབ་ཆ། གྲུབ་ཚུལ། ས་གཤིས་བཅས་ཀྱི་དུས་རབས་ལ་ཞིབ་འཇུག་བྱས་པ་བརྒྱུད། ཟླ་བའི་གོ་ལའི་ས་གཤིས་ལོའི་རེའུ་མིག་གསར་པ་བཏོན་པ་དང་། བརྡབ་རྡེག་འགོག་པའི་དངོས་པོ་དང་གཤོང་སར་རྡེབ་པ། བྲག་རྡོ་དང་ཆགས་ཚུལ་བཅས་ཀྱི་རིགས་དབྱེ་མ་ལག་བཙུགས་པ། ཟླ་བའི་གོ་ལའི་ས་གཤིས་དཔེ་རིས་བཟོ་བའི་ཚད་གཞི་དང་། བརྒྱུད་རིམ། བྱ་ཐབས། དཔེ་རིས་བཅས་ཀྱིས་འཛམ་གླིང་ཐོག་གི1:250ཡི་ཟླ་བའི་གོ་ལའི་ཟླ་བ་ཧྲིལ་པོའི་ས་གཤིས་རི་མོ་ཐོག་མ་དེ་ལེགས་སྒྲུབ་བྱས།གསར་དུ་བཟོས་པའི་ཟླ་བའི་གོ་ལའི་ས་གཤིས་དཔེ་རིས་ནང་། ཟླ་བའི་གོ་ལའི་སྒུལ་ཤུགས་རིག་པའི་འཕེལ་འགྱུར་བརྒྱུད་རིམ་ལ་ངོས་འཛིན་བྱེད་པའི་རྨང་གཞིའི་སྟེང་། ཟླ་བའི་གོ་ལའི་ས་གཤིས་ལོ་ཚིགས་གསར་དུ་བསྒྱུར། “བསྐལ་བ་གསུམ་དང་ལོ་སྐོར་དྲུག”གི་དབྱེ་འབྱེད་ཇུས་གཞི་སྤྱད་དེ། ཟླ་བའི་ངོས་ཀྱི་ལོ་རྒྱུས་དེ་གདོད་མ་དང་། གནའ་བོ། རབས་གསར་བཅས་བསྐལ་བ་གསུམ་དུ་དབྱེ་བ་དང་། ཟླ་བའི་གོ་ལའི་འཕེལ་འགྱུར་གོ་རིམ་ཁྲོད་ཀྱི་ནང་གི་སྒུལ་ཤུགས་ས་གཤིས་ནུས་པ་གཙོ་བོ་ཡིན་པའི་དུས་རིམ་དང་། ཕྱི་ནང་གི་སྒུལ་ཤུགས་ས་གཤིས་ནུས་པ་མཉམ་གནས་བྱས་པའི་དུས་རིམ། དེ་བཞིན་ཕྱིའི་སྒུལ་ཤུགས་ས་གཤིས་ནུས་པ་གཙོ་བོ་ཡིན་པའི་དུས་རིམ་བཅས་དང་བསྟུན།
ས་གཤིས་རི་མོ་འདིས་མཚོན་པའི་རྒྱུ་རྐྱེན་གཙོ་བོ་གཤམ་གསལ།
གཅིག རྡུང་རྡེག་ཐེབས་པའི་དོང12341དང་། དེའི་ཁྲོད་ཀྱི་རྡུང་རྡེག་ཐེབས་པའི་དོང7548ངོས་འཛིན་ཐུབ་པ་མ་ཟད། དོང་གི་དངོས་པོ་མཚོན་ཡོད། རྡུང་རྡེག་ཐེབས་པའི་དོང4793ནི་གདུབ་དབྱིབས་ཆགས་ཚུལ་གྱིས་མཚོན་ཡོད།
གཉིས། རྡུང་རྡེག་ཐེབས་པའི་གཤོང་ས81ངོས་འཛིན་བྱས་པ་མ་ཟད་གཤོང་ས་སྐྲུན་པ་མཚོན་ཡོད།གསུམ། བྲག་རྡོ་རིགས17གྱི་ནང་དུ་མཚོ་ཞོན་ཝུའུ་བྲག་རྡོ་རིགས5དང་། མཚོ་ཞོན་ཝུའུ་བྲག་རྡོ་མིན་པའི་རིགས7 དམིགས་བསལ་བྲག་རྡོ་རིགས5བཅས་ཚུད་ཡོད།
བཞི། གྲུབ་ཚུལ་རིགས14ལས། ནང་དུ་སྒུལ་ཤུགས་ཀྱི་འབྱུང་རྐྱེན་རིགས10ཡི་གྲུབ་ཚུལ་ལ་ཐིག་གཤིས་གྲུབ་ཚུལ་ཁག16839དང་གདུབ་དབྱིབས་གྲུབ་ཚུལ364འདུས། ཕྱིའི་སྒུལ་ཤུགས་ཀྱི་འབྱུང་རྐྱེན་རིགས4ཡི་གྲུབ་ཚུལ་ལ་ཐིག་གཤིས་གྲུབ་ཚུལ2137དང་གདུབ་དབྱིབས་གྲུབ་ཚུལ4874འདུས།
ལྔ། ས་ཁྲའི་ངོས་ནས་ཀྱང་དམིགས་བསལ་གྱི་རྒྱུ་རྐྱེན་གཙོ་བོ་འགའ་མཚོན་ཡོད་དེ། དཔེར་ན་འབབ་སའི་གནས་དང་དམིགས་བསལ་གྱི་མཐོ་གནས་སོགས་ཡིན།
འབྲེལ་ཡོད་འོས་སྦྱོར།