སྔར་མཐོང་མ་མྱོང་བའི་རིག་དངོས་13000ལྷག་རྙེད་འདུག
རྩོམ་པ་པོ།:
ཡོང་ཁུངས།:མི་དམངས་དྲྭ་བ།
དུས་ཚོད།:2022-06-17
ཀློག་གྲངས།:
ཟླ6ཚེས13ཉིན། སན་ཞིང་ཏུའེ་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་གསར་ཤོས་ཁྱབ་བསྒྲགས་བྱས། མིག་སྔར“མཆོད་འབུལ་ས་དོང”ཨང3པ་དང4པའི་ཕྱི་རོལ་གྱི་སྔོག་འདོན་མཇུག་རྫོགས་ཞིང་། “མཆོད་འབུལ་ས་དོང” ཨང5པ་དང6པར་རིག་དངོས་སྦས་ཡོད་སའི་ནང་ལ་གཙང་སེལ་བྱེད་བཞིན་ཡོད་པ་རེད། ད་ཐེངས་ཁྱབ་བསྒྲགས་བྱས་པའི་རིག་དངོས་གཙོ་བོ“མཆོད་འབུལ་ས་དོང”ཨང7པ་དང8པར་གཅིག་སྡུད་བྱས་ཡོད་པ་རེད།
རུས་སྦལ་ཕྱི་སྐོགས་དབྱིབས་ཀྱི་དྲ་མིག་ཅན་གྱི་ཡོ་ཆས།
ཟངས་ཀྱི་རྩེ་ལ་འབྲུག་དབྱིབས་ཀྱི་རྒྱན་ཆ།
ཁུང་གསུམ་ལྡན་གྱི་གཡང་ཊིའི་ཡོ་ཆས།
ངོ་སྤྲོད་བྱས་པར་གཞིགས་ན། ས་དོང6ནས་ཁྱོན་རིག་དངོས་ཁག13000ལྷག་རྙེད་ཡོད་པ་རེད། དེའི་ནང་ས་དོང་ཨང7པ་ནས་རིག་དངོས706རྙེད་པ་དང་། དེའི་ནང་ཟངས་ཀྱི་ཡོ་ཆས383དང་། གསེར་གྱི་ཡོ་ཆས52། གཡང་ཊིའི་ཡོ་ཆས140། རྡོ་ཆས1དང་། བ་སོ62། དེ་མིན་པ68བཅས་ཚུད་ཡོད། ས་དོང་ཨང8པ་ནས་རིག་དངོས1052རྙེད་པ་དང་། དེའི་ནང་ཟངས་ཀྱི་ཡོ་ཆས68དང་། གསེར་གྱི་ཡོ་ཆས368། གཡང་ཊིའི་ཡོ་ཆས205། རྡོ་ཆས34། བ་སོ377བཅས་ཚུད་ཡོད་པ་རེད།
ཟངས་ཀྱི་ཕག་སྣ་འབྲུག་དབྱིབས་ཡོ་ཆས།
སྦྲུལ་ལུས་ཟངས་སྐུ།
ཟངས་མི་ཡར་འགྲེང་བ་ཅན།
ཟངས་ཀྱི་ལྷའི་ཐོ་ཡོར།
ཅུང་དཔེ་མཚོན་གྱི་རིག་དངོས་ལ་ས་དོང་ཨང7པའི་རུས་སྦལ་ཕྱི་སྐོགས་དབྱིབས་ཀྱི་དྲ་མིག་ཅན་གྱི་ཡོ་ཆས་དང་། ཟངས་ཀྱི་རྩེ་ལ་འབྲུག་དབྱིབས་ཀྱི་རྒྱན་ཆ། ཁུང་གསུམ་ལྡན་གྱི་གཡང་ཊིའི་ཡོ་ཆས་བཅས་དང་། ས་དོང་ཨང8པའི་ཟངས་མགོ་ལ་གསེར་གྱི་ཁ་རས་ཅན་དང་། སྦྲུལ་ལུས་ཟངས་སྐུ། ཟངས་ཀྱི་ལྷའི་ཐོ་ཡོར། ཟངས་ཀྱི་གཅན་གཟན་ཆེན་པོ། ཟངས་འབྲུག ཟངས་མི་ཡར་འགྲེང་བ་ཅན། ཟངས་མི་ཡར་འགྲེང་བ་ཅན་ལ་བ་སོ་ཡོད་པ། ཟངས་ཀྱི་ཕག་སྣ་འབྲུག་དབྱིབས་ཡོ་ཆས་སོགས་ཡོད།
ཟངས་ཀྱི་གཅན་གཟན་ཆེན་པོ།
ཟངས་འབྲུག
བ་སོ་བཏགས་པའི་ཟངས་མི་ཡར་འགྲེང་བ་ཅན།
ཟངས་མགོ་ལ་གསེར་གྱི་ཁ་རས་ཅན།
འབྲེལ་ཡོད་འོས་སྦྱོར།