༄༅། །མཚོ་ལྷོ་ཁུལ་གྱི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་བཀོད་པའི་དོན་བཟང་གཉིས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-06-28
ཀློག་གྲངས།:
མཚོ་ལྷོ་ཁུལ་གྱི་འོད་ནུས་གློག་འདོན་གླིང་ཁུལ་དང་ཚལ་རྔ་འགག་ཆུ་འོད་གསབ་རེས་གློག་འདོན་ས་ཚིགས་གཉིས་ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་བཀོད།
ཟླ༦པའི་ཚེས༢༦ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འོད་ནུས་གློག་འདོན་གླིང་ཁུལ་དང་ཚལ་རྔ་འགག་ཆུ་འོད་གསབ་རེས་གློག་འདོན་ས་ཚིགས་གཉིས་དངོས་སུ་ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་བཀོད་ཅིང་། གོ་ལ་ཡོངས་ཀྱི་གློག་འདོན་འཕྲུལ་ཆས་ཀྱི་གློག་འདོན་ཚད་ཆེ་ཤོས་ཀྱི་འོད་ནུས་གློག་འདོན་གླིང་ཁུལ་དང་གློག་འདོན་འཕྲུལ་ཆས་ཀྱི་གློག་འདོན་ཚད་ཆེ་ཤོས་ཀྱི་ཆུ་འོད་གསབ་རེས་གློག་འདོན་ས་ཚིགས་སུ་གྱུར།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏུའུ་ཅིན་ཕིན་གྱིས་ཤིས་ཚིག་ཕུལ།
རྒྱལ་ཁབ་གློག་ཤུགས་མ་གཏོང་རྨ་ཆུའི་ཀུང་ཟིའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་བཟོ་ཚོགས་ཀྲུའུ་ཞི་ཁྲེང་ཀྲུང་ཧྭ་ཡིས་ཤིས་ཚིག་ཕུལ།
ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་བཀོད་པའི་བདེན་དཔང་ར་སྤྲོད་པ་བོའུ་ཞའོ་ཧོང་གིས་ཟིན་ཐོའི་ར་སྤྲོད་མཇུག་འབྲས་གསལ་སྒྲོག་བྱེད་བཞིན་པ།
རྒྱུས་ལོན་པ་ལྟར་ན། མཚོ་ལྷོ་ཁུལ་གྱིས་སྐྲུན་ཟིན་པ་དང་སྐྲུན་བཞིན་པའི་ནུས་ཁུངས་གཙང་མའི་གློག་འདོན་འཕྲུལ་ཆས་ཀྱི་གློག་འདོན་ཚད་སྟོང་ཝ་ཁྲི༢༧༩༤ཡིན་ལ། རྒྱལ་ཡོངས་ཀྱི༡༠%དང་ཞིང་ཆེན་ཡོངས་ཀྱི༥༦%ཟིན། མཚོ་ལྷོ་ཁུལ་གྱིས་ཆུ་དང་འོད། རླུང་། ས་འོག་ཚ་ནུས། གསོག་ནུས་བཅས“གནས་ལྔ་གཞི་གཅིག”གི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་སར་གྱུར་པའི་འཕེལ་རྒྱས་གནས་སྟངས་བསྐྲུན་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྐྲུན་པ་དང་གྲངས་འཛིན་ཆེན་མོའི་སྤྲིན་རྩིས་ཐོན་ལས་གཅིག་འདུས་ཁུལ་འདྲེས་སྦྱོར་ཟབ་མོ་བྱེད་པ། ལྗང་མདོག་དང་ཐཱན་ཉུང་། འཁོར་རྒྱུག་བཅས་ཀྱི་ཐོན་ལས་ཕྲེང་འབྲེལ་སྐྲུན་པར་སྐུལ་ཏེ། རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་པའི་ཁྲོད་མཚོ་སྔོན་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པར་མངོན་འགྱུར་བྱས།
བོའུ་ཞའོ་ཧོང་གིས་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་ལ་བདེན་དཔང་འཛིན་ཡིག་སྤྲོད་བྱེད་བཞིན་པ།
བོའུ་ཞའོ་ཧོང་གིས་རྒྱལ་ཁབ་གློག་ཤུགས་མ་གཏོང་རྨ་ཆུའི་ཀུང་ཟིར་བདེན་དཔང་འཛིན་ཡིག་སྤྲོད་བཞིན་པ།
ཐེངས་འདིའི་ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་བཀོད་པའི་རྣམ་གྲངས་གཉིས་ནི་མཚོ་ལྷོ་ཁུལ་དུ་ཡོད་པས། མཚོ་ལྷོ་ཁུལ་གྱིས“ཐཱན་ཟུང”གི་དམིགས་འབེན་ལ་དམིགས་ཏེ་སྔོན་སྐྱོད་ཚོད་ལྟ་བྱེད་པ་དང་། ཁྱད་ལྡན་ཐོན་ལས་གསོ་སྐྱོང་འཕེལ་རྒྱས་གཏོང་བ། ཆུ་དང་འོད། རླུང་། ཚ་ནུས་བཅས་ནུས་ཁུངས་མང་པོ་ཕན་ཚུན་གསབ་རེས་དང་གཅིག་འདུས་ལེགས་བཅོས་ཀྱི་འཕེལ་རྒྱས་གནས་སྟངས་བསྐྲུན་པ། དྭངས་གཙང་ནུས་ཁུངས་དང་གྲངས་འཛིན་ཆེན་མོའི་ཐོན་ལས་འདྲེས་སྦྱོར་འཕེལ་རྒྱས་ལ་སྐུལ་བ་བཅས་ལ་ཕན། དུས་མཚུངས་སུ། “མཚོ་སྔོན་གྱིས་བསྐྲུན་པ་དང་མཚོ་སྔོན་གྱིས་སྤྱོད་པའི”ཐོན་ལས་ཕྲེང་འབྲེལ་ཕྱིར་བསྲིང་བ་དང་། མུ་མཐུད་དུ་ནུས་ཁུངས་རྒྱ་སྐྱེད་དང་ཤོང་ཚད་ཆེར་བསྐྱེད། ནུས་ཁུངས་གཙང་མའི་གཞན་སྒྱུར་ལ་མགྱོགས་པོར་སྐུལ་བ། ནུས་ཁུངས་མང་པོ་གསབ་རེས་ཀྱི་ནུས་ཁུངས་གསར་པའི་ཐོན་ལས་མ་ལག་ཤུགས་བཏོན་ནས་བསྐྲུན་པ། ཐོན་ཁུངས་དགེ་མཚན་དཔལ་འབྱོར་དགེ་མཚན་དུ་བསྒྱུར་བར་སྐུལ་བ་བཅས་ལའང་ཕན།
མཛད་སྒོར་ཞུགས་པའི་མགོ་ཁྲིད་ཀྱི་མཉམ་པར།
འབྲེལ་ཡོད་འོས་སྦྱོར།