logo

2027ལོའི་ཨེ་ཤེ་ཡ་བུམ་པའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་སོ་ཏི་ཨ་རབ་རྒྱལ་ཁབ་དུ་སྤེལ་རྒྱུའི་གཏན་འཁེལ་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:ཞིན་ཧྭ་དྲ་བ། དུས་ཚོད།:2023-02-07 ཀློག་གྲངས།:
       ཟླ2པའི་ཚེས1ཉིན། པ་ལིན་དུ་འཚོགས་པའི་ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་སྐབས33པའི་སྟེང་། 2027ལོའི་ཨེ་ཤེ་ཡ་བུམ་པའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་དེ་སོ་ཏི་ཨ་རབ་རྒྱལ་ཁབ་དུ་སྤེལ་རྒྱུའི་གཏན་འཁེལ་བྱས་པ་རེད།
       རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་གཞན་པ་དག་གིས་རེ་ཞུ་བྱེད་མཚམས་བཞག་པ་དང་མཉམ་དུ་སོ་ཏི་ཨ་རབ་རྒྱལ་ཁབ2027ལོའི་ཨེ་ཤེ་ཡ་བུམ་པའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་གཉེར་སྒྲུབ་རེ་ཞུ་བྱེད་མཁན་གྱི་རྒྱལ་ཁབ་གཅིག་པུ་རུ་གྱུར་བ་རེད།
       སི་ཏི་ཨ་རབ་ལུས་རྩལ་པུའུ་ཡི་པུའུ་ཀྲང་ཨ་ཕུ་ཏུའུ་ལི·ཧྥེ་ས་ཨར་ཡིས། “2027ལོའི་ཨེ་ཤེ་ཡ་བུམ་པའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་གཉེར་སྒྲུབ་བྱེད་མཁན་དུ་གྱུར་བ་འདི་སོ་ཏི་ཨ་རབ་རྒྱལ་ཁབ་ལ་མཚོན་ན། ལོ་རྒྱུས་རང་བཞིན་ལྡན་ཞིང་མི་སེམས་འགུལ་བའི་དོན་བཟང་ཞིག་རེད”ཅེས་བསྟན།
       “ཨེ་ཤེ་ཡ་རྐང་རྩེད་སྤོ་ལོའི་ཉིན་མོ་ཡག་ཤོས་དེ་ད་དུང་སླེབས་མེད་མོད། ང་ཚོས་ཐེངས་འདིའི་འགྲན་བསྡུར་དེ་ངོ་མཚར་ཆེ་བའི་གོ་སྐབས་ཤིག་ཏུ་བརྩི་བཞིན་ཡོད། ང་ཚོས་ལུས་རྩལ་དང་རོལ་རྩེད་བྱ་འགུལ་ཆེ་གྲས་སྤེལ་བའི་ཐད་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པ་ནི་ང་ཚོས་གྲ་སྒྲིག་ལེགས་པོ་བྱས་ཟིན་པ་མཚོན་ལ། ཨེ་ཤེ་ཡ་དང་འཛམ་གླིང་གི་ས་གནས་ཁག་ནས་ཡོང་བའི་སྤོ་ལོར་དགའ་པོ་བྱེད་མཁན་ཚོར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུ་རྒྱུ་གྲ་སྒྲིག་གང་ལེགས་བྱེད་བཞིན་ཡོད།”
       འདི་ནི་ཨེ་ཤེ་ཡ་བུམ་པའི་རྐང་རྩེད་སྤོ་ལོ་འགྲན་སྡུར་དེ་སོ་ཏི་ཨ་རབ་རྒྱབ་ཁབ་ཏུ་གཉེར་བ་ཆེས་ཐོག་མ་ཡིན་ལ། སོ་ཏི་ཨ་རབ་ཀྱི་རྒྱལ་ཁབ་རུ་ཁག་ལ1984ལོ་དང1988ལོ། 1996ལོ་བཅས་ཐེངས་གསུམ་ལ་ཨེ་ཤེ་ཡ་བུམ་པའི་རྐང་རྩེད་སྤོ་ལོ་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
འབྲེལ་ཡོད་འོས་སྦྱོར།