གཅན་ཚ་ཡིས་འཛམ་གླིང་ཟིན་ཐོ་གཉིས་བཏོད་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2023-06-27
ཀློག་གྲངས།:
ཚེས25ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་མི2529མཉམ་དུ་ཞུགས་པའི་མདའ་སྟོན་ལ་འཛམ་གླིང་ཟིན་ཐོ་བདེན་དཔང་ར་སྤྲོད་སྒྲིག་གཞིས(WRCA)“གཞི་རྒྱ་ཆེས་ཆེ་བའི་མདའ་སྟོན”དུ་བདེན་དཔང་ར་སྤྲོད་བྱས་པ་རེད།
ཉིན་དེར2023ལོའི་“གཡང་མདའ”རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་གདན་ཞུའི་འགྲན་བསྡུར་སྐབས་བདུན་པ་དང་མདའ་སྟོན་རིག་གནས་བྱེད་སྒོ་གཅན་ཚ་རྫོང་དུ་གཉེར་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། “མདའ་སྟོན”ནི་གཅན་ཚའི“གཡང་མདའི”རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེའི་ནང་མགྲོན་བསུ་དང་གླུ་གཞས། གསོལ་སྟོན་བཅས་ལྷུ་ཚིགས་གསུམ་ཚུད་ཡོད། དེ་ནི་ལོ་རྒྱུས་ཐོག་ས་གནས་དེ་གའི་མདའ་རྩལ་ཁྲོད་ནས་བྱུང་བ་ཞིག་ཡིན་པ་དང་། མདའ་པ་ཚོས་མདའ་རྩལ་འགྲན་བསྡུར་བརྒྱུད་དེ་བརྩེ་སེམས་ཟབ་ཏུ་དང་མཛའ་གྲོགས་ཟབ་ཏུ་གཏོང་བ། ཕན་ཚུན་བསམ་ཤེས་དང་ཞི་མཐུན་མཉམ་གནས་བཅས་ཀྱི་ཆེད་སྤེལ་བའི་གསོལ་སྟོན་ཞིག་རེད།
དེ་དང་ཆབས་ཅིག་འཁྲབ་སྟོན་པ1370ཡིས་མཉམ་དུ་རྩེད་པའི་ཨ་མདོའི་རྩེད་རིག་འཁྲབ་སྟོན་ལ་འཛམ་གླིང་ཟིན་ཐོ་བདེན་དཔང་ར་སྤྲོད་སྒྲིག་གཞིས(WRCA)“གཞི་རྒྱ་ཆེས་ཆེ་བའི་ཨ་མདོའི་རྩེད་རིག་འཁྲབ་སྟོན”དུ་བདེན་དཔང་ར་སྤྲོད་བྱས་ཡོད།
གཅན་ཚ་ནི་ཨ་མདོའི་རྩེད་རིག་རྒྱུན་འཛིན་བྱེད་པའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། གཅན་ཚ་ས་ཁུལ་གྱི་ཨ་མདོའི་རྩེད་རིག་ལ་རྨ་ཀླུང་རྩེད་རིག་ཞེས་ཀྱང་འབོད་སྲོལ་ཡོད། ཁྱིམ་རྒྱུད་ཁོངས་མིའི་བར་དང་གྲོང་ཚོ་དང་སྡེ་ཁུལ་བར་རྒྱུན་འཛིན་བྱས་པ་བརྒྱུད་ནས་ད་བར་ལོ་སུམ་བརྒྱ་ལྷག་ཙམ་འདས་སོ། །
འབྲེལ་ཡོད་འོས་སྦྱོར།