བོད་ཀྱི་སྙན་ངག་པ་ས་དམར་གྲགས་པར་རྩོམ་རིག་བྱ་དགའ་ཆེན་པོ་ཞིག་ཐོབ་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2023-09-15
ཀློག་གྲངས།:
བོད་ཀྱི་སྙན་ངག་པ་ས་དམར་གྲགས་པའི་སྙན་ངག«མི་ཚེའི་ཉིན་གཅིག»ཅེས་པར་ཨེ་ཐྲ་ལིའི་རཱོམ་གྱི་དེང་རབས་རྒྱལ་སྤྱིའི་སྙན་ངག་སྒྱུ་རྩལ་སློབ་གླིང་གི་ཨ་པོ་ལའོ•ཏིའོ་ཉོ་སོས་སྙན་ངག་གཟི་བརྗིད་ཀྱི་རྩོམ་རིག་བྱ་དགའ་ཐོབ།
བོད་ཀྱི་སྙན་ངག་པ་ས་དམར་གྲགས་པའི་སྙན་ངག«མི་ཚེའི་ཉིན་གཅིག»ཅེས་པར་རཱོམ་གྱི་རྒྱལ་སྤྱིའི་སྙན་ངག་དང་དེང་རབས་སྒྱུ་རྩལ་སློབ་གླིང་། རཱོམ་སློབ་གྲྭ་ཆེན་མོའི2023ལོའིPremio internazionale di Poesia e Arte Contemporanea Apollo dionisiacoཞེས་པའི་ཨེ་ཐྲ་ལིའི་རཱོམ་གྱི་དེང་རབས་རྒྱལ་སྤྱིའི་སྙན་ངག་སྒྱུ་རྩལ་སློབ་གླིང་གི་ཨ་པོ་ལའོ•ཏིའོ་ཉོ་སོས་སྙན་ངག་གཟི་བརྗིད་ཀྱི་རྩོམ་རིག་བྱ་དགའ་ཐོབ། བྱ་དགའ་འདི་ནི་རཱོམ་སློབ་ཆེན་དང་རཱོམ་སྲིད་གཞུང་། ཨ་རིའི་ནེའུ་ཡོག་ཨི་ཐྲ་ལིའི་རིག་གནས་ཞིབ་འཇུག་ཁང་གིས་གཙོ་སྒྲུབ་མཛད། འདི་ནི་ཨེ་ཐྲ་ལིའི་རྒྱལ་སྤྱིའི་སྙན་ངག་ཆུ་ཚད་ཀྱི་ཆེས་མཐོའི་སྙན་ངག་བྱ་དགའི་གྲས་ཤིག་ཡིན། བྱ་དགའ་གནང་བའི་དུས་ཚོད་ནི་སྤྱི་ཟླ12པའི་ཚེས2ཡིན། «མི་ཚེའི་ཉིན་གཅིག»ཅེས་པ་ནི་སྙན་ངག་པའི་དབྱི་ཐ་ལིའི་སྐད་ཀྱི་སྙན་དེབ«སྐྱེ་བ་བོད»ཅེས་པར་བཀོད་ཡོད་ལ། དེབ་དེ་དབྱི་ཐ་ལིའི་ཧྥ་ཏ་ཞི་ཡ(Fiorid’Asia Editrice)དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
ལོ་ཙཱ་བ་ངོ་སྤྲོད་མདོར་བསྡུས།
ཧྥེ་ཧུང་ལིས་ཕི་ཁེ།
རྒྱ་ཡིག་གི་མིང་ལ་ཞོལ་ལེན་ཟེར་ཞིང་། དབྱི་ཐ་ལིའི་མིང་དུ་གྲགས་པའི་རྒྱ་རིག་པ་མཁས་ཅན། རྒྱལ་སྤྱིའི་རྩོམ་པ་པོ། ཡིག་རིགས་སྣ་མང་གི་ལོ་ཙཱ་བ། དབྱི་ཐ་ལིའི་ཧྭ་ཏ་ཞི་ཡ་དཔེ་སྐྲུན་ཁང་གི་གཙོ་འཛིན། ཝེ་ཉི་སིའི་ཤར་ཕྱོགས་སློབ་གྲྭ་ཆེན་མོར་རྒྱ་ཡིག་དང་ཀྲུང་གོའི་རྩོམ་རིག་ཆེད་ལས་སྦྱངས་ཏེ་སློབ་ཐོན་བྱུང་། བརྩམས་ཆོས་ལ་སྒྲུང་ཐུང«ང་རང་ཁྱེད་ལ་དགའ། མཚམས་སྤྲིན་གྱི་ལྷོ་མཐའ»དང་། སྒྲུང་རིང«ལས་ཀྱི་གསེར་ཟམ་བརྒལ་བ» «འདས་སོང་ལ་སྤྲིངས་པ» «གཡང་ཊི་དམར་པོ» «མཐོང་ལམ་ཡག་མོ» «སྣང་བའི་ཕྱེ་ལེབ»སོགས་ཡོད། དབྱི་ཐ་ལིའི་ཡཱ་ཁེ་ཕུའུ་ལེ་ཝེར་རྒྱལ་སྤྱིའི་རྩོམ་རིག་བྱ་དགའ་དང་། དབྱི་ཐ་ལིའི་ལོན་པཱ་ས་ཁུལ་སྲིད་གཞུང་གི་རྒྱལ་སྤྱིའི་བུད་མེད་ཕུལ་བྱུང་གི་བྱ་དགའ། དབྱི་ཐ་ལིའི་ལཱ་ཏིས་ན་གྲོང་ཁྱེར་གྱི་རྒྱལ་སྤྱིའི་རྩོམ་རིག་བྱ་དགའ། དབྱི་ཐ་ལིའི་ཨ་ཀྲིན་ཐ་ལི་ཨོ་རྩོམ་རིག་བྱ་དགའ་སོགས་ཐོབ། 2021ལོར་སྒྲུང་རིང«མཐོང་ལམ་ཡག་མོ»རྒྱ་ཡིག་མ་དཔར་དུ་བསྐྲུན་པར་ཀྲུང་གོའི་རྩོམ་པ་པོ་ལན་ཞིན་གྱིས་རྩོམ་སྒྲིག་པའི་འགན་འཁུར་ཐོག་མགོ་བརྗོད་བྲིས་པ་དང་། པཱ་པོ་ལོ་ཉེ་ལུའུ་ཏེ(Pablo Ne-ruda)རྒྱལ་ཕྱིའི་རྩོམ་རིག་བྱ་དགའ་ཨང་དང་པོ་ཐོབ། སྒྲུང་ཐུང«སྣང་བའི་ཕྱེ་ལེབ»ལ་མི་ཁེ་ལང་ཆི་ལོ་པོ་ནཱ་ལོ་ཏི་རྒྱལ་སྤྱིའི་རྩོམ་རིག་བྱ་དགའ་ཐོབ། ལོ་ཙཱའི་བརྩམས་ཆོས་ལ་ཐའེ་ཉིན་གྱི«ཆར་གྱིས་མ་གོས་པའི་གྲོང་ཁྱེར»དང་། ཨ་ལེ་ཡི«སྤྲིན་རུམ་གྱི་ཡི་གེ»སོགས་ཡོད། 2018ལོར་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ལུའུ་ཞུན་རྩོམ་རིག་སློབ་གླིང་གི་རྒྱལ་སྤྱིའི་རྩོམ་འབྲི་འཆར་གཞིར་ཞུགས་པ་མ་ཟད“ཀྲུང་གོའི་རྩོམ་རིག་གི་ཤག་པོ”ཞེས་པའི་དཔང་ཡིག་ཐོབ། བློ་ཡི་འཇུག་པ་མིའི་རིགས་ཀྱི་དྲན་པའི་ཤུལ་བཞག་ནཱ་ཞི་སྟོན་པའི་དཔེ་རྙིང་ལ་ཆེ་བས། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་བྱས་པ་ཆེར་བཞག་ཡོད།
རྩོམ་པ་པོ་ངོ་སྤྲོད།
རྩོམ་པ་པོ་ངོ་སྤྲོད།
ས་དམར་གྲགས་པ།
ས་དམར་གྲགས་པའམ་གྲགས་པ་རྒྱ་མཚོ་ནི། ལོ་རབས་བརྒྱད་ཅུ་པའི་ནང་ཅོ་ནེ་ས་དམར་དུ་སྐྱེས། རྩོམ་རིག་གི་བྱས་འབྲས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་དུས་དེབ་དང་ཚགས་ཤོག་སྟེང་སྙན་ངག་གཙོས་བརྩམས་ཆོས་བརྒྱ་ཕྲག་འགའ་བཀོད། སྔ་རྗེས་སུ་སྐབས་གསུམ་པའི“ཟླ་ཟེར”རྩོམ་རིག་བྱ་དགའ་དང་། རྒྱལ་ཡོངས་སྐབས་དང་པོའི“ཐུ་བྷོད་སྙན་ངག་མཁན་པོའི”མཚན་སྙན་བྱ་དགའ། 2020ལོའི་དབྱི་ཐ་ལིའི“རྒྱལ་སྤྱིའི་གསེར་སྨྱུག་བྱ་དགའ”སོགས་ཐོབ། ལྷུག་རྩོམ་སྙན་ངག་དེབ«སེམས་ཚེགས»དང་། སྙན་ངག་དེབ«གཡོས་ཁང་གི་མདོ»དང་། རྒྱ་ཡིག་གི་སྙན་ངག་དེབ«ཕོར་པར་ཟགས་པའི་ཟླ་བ་ན་རེ»སོགས་དེབ་དྲུག་པར་དུ་བསྐྲུན། བརྩམས་ཆོས་རེ་འགའ་དབྱིན་སྐད་དང་། དབྱི་ཐ་ལིའི་སྐད། སི་ཕེན་གྱི་སྐད་སོགས་ཡིག་རིགས་བདུན་ལ་བསྒྱུར་ཡོད།
འབྲེལ་ཡོད་འོས་སྦྱོར།