logo

2025ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:མི་རྒོད་རྩོམ་རིག་འཕྲིན་སྟེགས། དུས་ཚོད།:2025-10-10 ཀློག་གྲངས།:
       2025ལོའི་ཟླ10པའི་ཚེས09ཉིན་གྱི་པེ་ཅིང་དུས་ཚོད་ཀྱི་དགོང་དྲོའི་ཆུ་ཚོད་བཅུ་དགུ་པར། སི་ཝེས་དན་རྩོམ་རིག་སློབ་གླིང་གིས་སི་ཐོག་ཁོར་མོ་རུ་བསྒྲགས་པའི་གནས་ཚུལ་ལྟར་ན། 2025ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་དེ་རྒྱལ་ཁོངས་ཧང་ག་རི་ནས་ཡིན་པའི་རྩོམ་པ་པོ་ལཱས་ཟྀ་ལོ·ཀྀ་རས་ཟྀ་ན་ཧོར་ཀེ(László Krasznahorkai)ལགས་ལ་སྤྲད་དེ་ཁོང་གི་གསར་རྩོམ་ཐད་ཀྱི་གྲུབ་འབྲས་ལ་གཟེངས་བསྟོད་བྱ་རྒྱུ་ཡིན་པ་འཛམ་གླིང་ཡོངས་ལ་བསྒྲགས།
       སི་ཝེས་དན་རྩོམ་རིག་སློབ་གླིང་གིས་ལཱས་ཟྀ་ལོ·ཀྀ་རས་ཟྀ་ན་ཧོར་ཀེ་ལགས་ལ“ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཅིང་མིག་རྒྱང་རིང་བའི་ཁོང་གི་བརྩམས་ཆོས་ཀྱིས་དུས་མཐའ་ལྟ་བུའི་འཇིགས་སྣང་གི་ཁྲོད་ནས་སྒྱུ་རྩལ་གྱི་སྟོབས་ཤུགས་སླར་ཡང་ར་སྤྲོད་བྱས་པ”ཞེས་པའི་མིང་ཐོག་ནས་ནོ་བྷེལ་རྩོམ་རིག་གཟེངས་རྟགས་སྤྲད་འདུག
       ལཱས་ཟྀ་ལོ·ཀྀ་རས་ཟྀ་ན་ཧོར་ཀེ།(László Krasznahorkai)1954ལོའི་ཟླ01པའི་ཚེས05ཉིན་ཧང་ག་རིའི་ཇེ་ལོ་ས་ཁུལ་དུ་སྐུ་བལྟམས། ཁོང་གི་ཕ་ནི་ཁྲིམས་རྩོད་པ་ཞིག་དང་མ་ནི་གཞུང་ཞབས་པ་ཡིན། 1972ལོར་ལཱས་ཟྀ་ལོ·ཀྀ་རས་ཟྀ་ན་ཧོར་ཀེ་ཨེ་ཁེར་ཧྥེ་ལོན་ཛི་མཐོ་འབྲིང་ནས་ཐོན་ཞིང་། རབས་དེའི་ནང་གི་ཡོ་རོབ་ནུབ་མའི་མི་རྣམས་དང་ཁྱད་མེད་པར་རང་དབང་སྟོངས་པའི་དུས་སྐབས་དེ་ཉམས་སུ་མྱོང་ཐུབ་ཡོད། དགུང་ལོ18སྟེང་གཞི་རིམ་དུ་བསྐྱོད་དེ་ཞིང་གྲོང་གི་མཚན་མོའི་འགན་སྲུང་ལས་གླ་པ་བྱས་མྱོང་། རྗེས་སུ་སློབ་ཆེན་འགྲིམས་པ་དང་ཕ་ཡི་ཕྱག་ལས་ཀྱི་རྒྱུན་བསྐྱངས་ནའང་མཐའ་མར་རྩོམ་རིག་གི་ལམ་ཁར་བསྐྱོད། 1985ལོར་བརྩམས་ཆོས་ཐོག་མ«བདུད་རྒན་གྱི་ཞབས་བྲོ»(སེ་ཐྲེན་ཐང་གྷོ)ཞེས་པ་གསར་རྩོམ་མཛད་པ་དང་། སྐད་གྲགས་གོ་ལའི་ཁྱོན་དུ་ལྡིར། སྒྲུང་འདི་ཆུ་ཚོད་བདུན་ཅན་གྱི་ལོ་རྒྱུས་སྙན་རྩོམ་གློག་བརྙན་དུ་ཕབ་སྐྲུན་བྱས་པ་ནས་གློག་བརྙན་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ཞིག་བསླངས་ཡོད། 2015ལོར་ལཱས་ཟྀ་ལོཀི་རས་ཟྀ་ན་ཧོར་ཀེ་ལགས་ལ་རྒྱལ་སྤྱིའི་བྷོའུ་ཁེར་བྱ་དགའ་ཐོབ་པ་དང་། 2025ལོར་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ།
ཚབ་མཚོན་བརྩམས་ཆོས།
       «བདུད་རྒན་གྱི་ཞབས་བྲོ»(1985)
       «ཕྱིར་རྒོལ་གྱི་སེམས་ཁུར»(1989)
       «དབྱི་ཟ་ཡཱ་སླེབས་བྱུང»(1998)
       «དམག་འཁྲུག་དང་དམག་འཁྲུག»(1999)
       «མཇུག་མཐའི་རི་སྤྱང་སྔོན་མོ»(2009)
       «འཇིག་རྟེན་འདི་ན»(2013)
འབྲེལ་ཡོད་འོས་སྦྱོར།