2026ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་ཨཱན• ཁཱར་སོན་ལ་ཐོབ་པ།
རྩོམ་པ་པོ།:སྐྱབས་ཆེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2026-10-09
ཀློག་གྲངས།:
2026ལོའི་ཟླ10པའི་ཚེས08ཉིན་གྱི་པེ་ཅིང་དུས་ཚོད་ཀྱི་དགོང་དྲོའི་ཆུ་ཚོད་བཅུ་དགུ་པར། སི་ཝེས་དན་རྩོམ་རིག་སློབ་གླིང་གིས་སི་ཐོག་ཁོར་མོ་རུ་བསྒྲགས་པའི་གནས་ཚུལ་ལྟར་ན། 2026ལོའི་ནོ་བྷེལ་རྩོམ་རིག་བྱ་དགའ་དེ་རྒྱལ་ཁོངས་ཁ་ན་ཌ་ནས་ཡིན་པའི་རྩོམ་པ་པོ་ཨཱན• ཁཱར་སོན།(1950.6.21- Anne Carson)ལགས་ལ་སྤྲད་དེ་ཁོང་མོའི་གསར་རྩོམ་ཐད་ཀྱི་གྲུབ་འབྲས་ལ་གཟེངས་བསྟོད་བྱ་རྒྱུ་ཡིན་པ་འཛམ་གླིང་ཡོངས་ལ་བསྒྲགས།སི་ཝེས་དན་རྩོམ་རིག་སློབ་གླིང་གིས་ཨཱན•ཁཱར་སོན་ལགས་ལ“མོས་གནའ་བོའི་སྲོལ་རྒྱུན་དང་ལྷན་དུ་རྩེད་མོའི་ཚུལ་གྱིས་གླེང་མོལ་བྱས་པ་བརྒྱུད། དེང་རབས་རྩོམ་རིག་ལ་ལམ་སྲོལ་གསར་པ་བཏོད་པའི་སྤོབས་པ་ཆེ་ཞིང་གསར་གཏོད་ཀྱི་ཉམས་ཀྱིས་ཕྱུག་པའི་བརྩམས་ཆོས་ཡོངས་ཀྱི་ཕྱིར་དུའོ། །”ཞེས་པའི་མིང་ཐོག་ནས་ནོ་བྷེལ་རྩོམ་རིག་གཟེངས་རྟགས་སྤྲད་འདུག

ཨཱན•ཁཱར་སོན།(1950.6.21- Anne Carson, 安妮•卡森)ཁ་ན་ཌའི་བུད་མེད་སྙན་ངག་པ་དང་། ལྷུག་རྩོམ་མཁས་པ། ལོ་ཙཱ་བ་བཅས་ཡིན། སྤྱི་ལོ1950ལོའི་ཟླ6པའི་ཚེས21ཉིན་ཁ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་རུ་སྐྱེས། བྱིས་དུས་སུ་ཁྱིམ་མི་དང་ལྷན་དུ་གྲོང་ཁྱེར་ཆེ་མ་ཆུང་གསུམ་མང་པོར་གཞི་བཅས་མྱོང་ཞིང་། སློབ་འབྲིང་གི་དུས་སུ་ལ་ཏེན་སྐད་མཁྱེན་པའི་དགེ་རྒན་ཞིག་གིས་ཇ་ཡུན་ཙམ་ལ་ཁོང་མོར་གྷི་རིག་གི་སྐད་བསླབ་པ་རྒྱུ་མཚན་དུ་བྱས་ཏེ་གནའ་རབས་རིག་གནས་སྐོར་ལ་སྤྲོ་བ་རྒྱས་ཤིང་། ཊོ་རོན་ཊོ་གཙུག་ལག་སློབ་ཆེན་དུ་གནའ་རབས་རྩོམ་རིག་ལ་སློབ་སྦྱོང་བྱས། སི་ཀོ་ཊི་ལན་དུ་ཁོང་མོས་ཁཱན་ཉི་སི•ཌོ་ཧྥུ(肯尼斯•多福)སློབ་དཔོན་དུ་བསྟེན་ཏེ་སློབ་གཉེར་གནང་ཡོད། ཌོ་ཧྥུ་ཡི་ཤུགས་རྐྱེན་འོག་ཁཱར་སོན་འབུམ་རམས་པའི་དམ་བཅའ་འཇོག་དུས་སུ་ཕྱིར་ཊོ་རོན་ཊོ་རུ་ལོག་སྟེ་གནའ་བོའི་གྷི་རིག་གི་སྙན་ངག་སྨྲ་པ་སཱ་ཧྥོ(萨福)ཡི་སྙན་ངག་ལ་ཞིབ་འཇུག་གནང་། ཉམས་ཞིབ་ཀྱི་འབྲས་བུ་དེ་རྗེས་སོར་གྷི་རིག་གི་གནའ་རབས་སྙན་ངག་ནང་གི་འགྱུར་ཁུག་དང་དོན་གྱི་འབྲེལ་བའི་སྐོར་མཚོན་པའི«འདོད་པའི་མངར་སྐྱུར»ཞེས་པའི་དེབ་ཏུ་བསྡུས་ཡོད།

ཁོང་མོའི་སྙན་ངག་གི་བློས་བསླངས་དང་རྩོམ་རིག་ཉམས་ཞིབ་ཀྱི་ཁ་ཕྱོགས་དེ་གནའ་བོའི་གྷི་རིག་གི་རྩོམ་ཉམས་གཙོ་བོར་བཟུང་ཡོད་པ་མ་ཟད། སྙན་ཚིག་ཁྲོད་ཀྱི་རྟོག་ཚོར་དང་བསམ་བློའི་ཚད་དེ་ལའང་ཀློག་མཁན་གྱིས་བློ་རྣལ་དུ་ཕབ་སྟེ་བསམ་བློ་གཏོང་དགོས་པར་བརྗོད། ཁོང་མོའི་སྙན་ངག་ལུས་ཀྱི་སྒྲུང་གཏམ«ཁ་དོག་དམར་པོ་ཅན་གྱི་རང་རྣམ»ཞེས་པ་འགྲེམས་སྤེལ་བྱས་པར། སྟེས་དབང་གིས་ཨ་རིའི«ཉིག་ཡོག་དུས་བབ»ཀྱི་ཆེས་བྲིན་པའི་དེབ་ཐོའི་ནང་ཚུད།
གྷི་རིག་གི་ལྷ་སྒྲུང་ཁྲོད་ཀྱི་དཔའ་བོའི་སྣང་བརྙན་ལ་གཞི་བཅོལ་ཏེ་དེང་རབས་པའི་བརྩེ་དུངས་ཀྱི་སྟོང་ཆ་དེ་འགྲེལ་བརྗོད་བྱེད་པ་དང་། གཞན་དྲིང་མི་འཇོག་པའི་ཡིད་བརྙན་གྱིས་འཚོ་བ་ལ་ཁ་དོག་རྣམ་པར་བཀྲ་བའི་སྙན་ངག་གི་མདངས་ཀྱིས་བརྒྱན་པ་དེ་ཁཱར་སོན་གྱི་བརྩམས་ཆོས་ཀྱི་མཚོན་བྱ་གལ་ཆེན་ཞིག་ཡིན་མོད། ཁོང་མོའི་བརྩམས་ཆོས་ཀྱི་ཤུགས་རྐྱེན་དང་གྷི་རིག་རྩོམ་རིག་གི་ཐུན་མོང་མ་ཡིན་པའི་འགྲེལ་བརྗོད་དང་བསྡུར་བའི་ཚུལ་གྱིས་མོ་རང་ཉིད་མི་སྒེར་གྱི་འཚོ་བའི་སྐོར་གླེང་བར་ཤིན་ཏུ་མི་དགའ་སྟེ། དཔར་སྐྲུན་ཁང་དག་ལ་རྩོམ་པ་པོ་ངོ་སྤྲོད་བསྐུར་དུས་སུ“ཨཱན•ཁཱར་སོན། སྐྱེས་ཡུལ་ཁ་ན་ཌ། གྷི་རིག་སྐད་ཀྱིས་འཚོ”ཞེས་ཡིག་འབྲུ་འགའ་འབྲི་བ་ལས་ཐ་ན་སྙན་ངག་པ་ཞེས་པའི་ཆོ་ལོ་དེ་ཡང་གསོལ་འདོད་བྱུང་མེད།

ཁཱར་སོན་ཆུང་དུས་ནས་སྙན་ངག་འབྲི་རྒྱུར་དགའ་ནའང་། ཁོང་མོའི་རྩོམ་རིག་གི་གྲུབ་འབྲས་ངོ་མ་ནི1992ལོར་བརྩམས་པའི་ལྷུག་རྩོམ་དེབ«གཏམ་ཐུང་ཐུང»ཞེས་པ་དང༌། དེའི་རྗེས་སུ1995ལོར་བརྩམས་པའི་ལྷུག་རྩོམ་དང་སྙན་ངག་དེབ«ཤེལ། འཕྱ་སྨོད། ལྷ»ཞེས་པ་སོགས་འགྲེམས་སྤེལ་བྱས་པ་ལ་ཀུན་གྱིས་གདེང་འཇོག་ཐོབ་ཅིང་། དུས་དེ་ནས་བཟུང་ཀློག་པ་པོ་རྣམས་ཀྱིས་ཁོང་མོའི་གནའ་རབས་རྩོམ་རིག་གི་བརྗོད་གཞི་ལ་བརྟེན་ཏེ་དེང་རབས་ཀྱི་བརྩེ་དུང་དང་འཚོལ་སྙེག་གི་ཉམས་མྱོང་འགྲེལ་བརྗོད་བྱེད་པའི་ཀུན་སློང་དེ་ལ་ངེས་ཤེས་འདྲོངས་ཡོད།
ཁོང་མོའི་འཐུས་ཚབ་བརྩམས་ཆོས«ཁ་དོག་དམར་པོ་ཅན་གྱི་རང་རྣམ»ལ་མཚོན་ན་དུས་ཡུལ་བསྣོལ་བ་དང་། ཕོ་མོའི་སྣང་བརྙན་ཕན་ཚུན་བརྗེ་བ་སོགས་ཀྱིས་གནའ་བོའི་གྷི་རིག་གི་དཔའ་བོའི་སྣང་བརྙན་དེ་དག་དེང་རབས་མིའི་སྟེང་སྦྱར་ཡོད་ཅིང་། སྤྱི་ལོ་སྔོན་མའི་དུས་རབས་དྲུག་པར་མཛད་པའི་དུངས་བརྗོད་སྙན་ངག་རིང་མོ་ཞིག་སྙན་སྒྲུང་གི་རྒྱབ་ལྗོངས་སུ་བྱས་ཏེ། གྷི་རིག་གི་དཔའ་བོའི་མིང་གིས་མཚན་པའི་ཉམ་ཆུང་བུ་ཕོ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་ལས་ཐོབ་ཐང་དང་འདོད་པ། གཞན་སྣང་སོགས་བརྗོད་བྱ་ཟབ་མོ་དག་མཚོན་པར་བྱས་ཡོད།
ཁཱར་སོན་ལ་མཚོན་ན་ཐོག་མ་ནས་ཞིབ་འཇུག་གི་ལས་ཀ་དེ་གནའ་བོའི་གྷི་རིག་གི་སྙན་ངག་སྨྲ་པ་སཱ་ཧྥོ་སོགས་ཡིན་པ་འདི་ལས། ཁོང་མོའི་བརྩེ་དུང་མཚོན་པའི་བརྩམས་ཆོས་ཀྱི་ཁྱབ་ཁོངས་དེ་འཇིག་རྟེན་ཀུན་སྤྱོད་ཀྱི་འཆིང་རྒྱ་ལས་བརྒལ་བཞིན་མཚན་མཐུན་དགའ་རོགས་ཀྱི་འདོད་པའི་སྐོར་བརྗོད་ཡོད་ཅིང་། ཁོང་མོ་ཆེས་དགའ་སའི་སྙན་ངག་པའང་སཱ་ཧྥོ་དང་ཨོ་སི་ཁར•ཝ་ཡོལ་ཌེ(奥斯卡·王尔德)གཉིས་ཡིན་པ་འདི་དག་གིས་ཀློག་པ་པོ་མང་པོ་ཞིག་ལ་ཁཱར་སོན་གྱི་བརྩེ་དུང་གི་འཇུག་ངོགས་དེ་མཚན་མཐུན་པ་ཡིན་སྙམ་གྱི་བློ་དོགས་འབྱུང་སྲིད་ནའང་། ཁོང་མོ་ཐེངས་གཉིས་ལ་རྒྱུན་ལྡན་གཉེན་སྒྲིག་བྱས་པ་དེ་ལས་དོགས་པ་དེ་སེལ་ཡོད། མ་ཟད་ཁོང་མོ་ཝ་ཡོལ་ཌེ་ལ་དགའ་བ་དེ་ཡང་ཝ་ཡོལ་ཌེའི་བརྩེ་དུང་གི་དགའ་མོས་སོགས་ལ་འབྲེལ་བ་མེད་པར་གཙོ་བོ་ཝ་ཡོལ་ཌེ་ཡི་ཕྱིའི་རྣམ་པར་དགའ་ཞེན་གྱིས་སློབ་གྲྭར་འགྲོ་བའི་དུས་སུའང་རྒྱུན་པར་ཝ་ཡོལ་ཌེ་ཡི་གོན་པའི་བཟོ་ལྟ་སོགས་ལ་ལད་མོ་བྱས་ཏེ་གོས་གྱོན་རྒྱུར་དགའ་བར་བརྗོད།

སྙན་ངག་པ་ཞིག་གི་ངོས་ནས་ཁཱར་སོན་སྒྱུ་རྩལ་ལ་སེམས་ནད་སངས་རྒྱུའི་ནུས་པ་ཡོད་པར་གཏན་ནས་ཡིད་ཆེས་མེད། ལོ་ན་ཆུང་དུས་སུ་ཁོང་མོས་རི་མོ་འབྲི་བར་སློབ་གཉེར་གནང་མྱོང་ཞིང་། རི་མོ་ཞིག་བྲིས་ཚར་རྗེས་དེ་ལ་ཁ་བྱང་འདོགས་དུས་སུ་ཡི་གེ་ཇེ་མང་ནས་ཇེ་མང་དུ་གྱུར་ཏེ་མཐའ་མར་རི་མོ་མཐོང་རྒྱུ་མེད་པར་ཆེས་རིང་བའི་ཁ་བྱང་ཞིག་ལས་བསྐྱུར་མེད་པ་དེ་ལ་རྐྱེན་བྱས་ཏེ་ཁོང་མོར་རང་ཉིད་ཀྱི་སྒྱུ་རྩལ་འཚོལ་སྙེག་དེ་ཡི་གེའི་ལམ་ནས་མཚོན་དགོས་པར་ངེས་པ་རྙེད། རྗེས་སུ་ཁོང་མོས་ཁུ་ཚུར་སྣུན་རྩལ་སོགས་དགའ་ཕྱོགས་མང་པོར་སྦྱོང་བརྡར་བྱས་ནའང་མཐའ་མར་རང་ཉིད་འབབ་ས་དེ་རྩོམ་རིག་གསར་རྩོམ་ཡིན་པ་དང་གསར་རྩོམ་གྱི་སྤྲོ་སྣང་ཁོ་ནས་ད་གཟོད་ཁོང་མོའི་མི་ཚེའི་བདེ་སྐྱིད་དེ་རྙེད་ཡོད་དོ། །
ཁཱར་སོན་ནི་སྙན་ངག་དང་ལྷུག་རྩོམ། སྒྲུང་རྩོམ་སོགས་མ་ཟད་ཡིག་སྒྱུར་གྱི་ལས་ཀ་དང་མཐོང་ཚོར་སྒྱུ་རྩལ་སོགས་ལའང་མངའ་བརྙེས་པ་ཞིག་ཡིན་པར་བརྗོད། ཁོང་མོར་སྔ་ཕྱིརT.S.ཨེ་ལི་ཊི་སྙན་རྩོམ་བྱ་དགའ་སོགས་རྒྱལ་སྤྱིའི་རྩོམ་རིག་བྱ་དགའ་གང་མང་ཞིག་ཐོབ་མྱོང་ཞིང་། 2026ལོར་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ།
ཡོང་ཁུངས། མི་རྒོད་རྩོམ་རིག་འཕྲིན་སྟེགས་སོགས།

འབྲེལ་ཡོད་འོས་སྦྱོར།