logo

སྙིགས་མའི་དུས་སུ་མི་དགེ་བའི་བདག་འབྲས་བདོ་བས་ལོག་སྤྱོད་འབྱུང་འགྱུར་མང་བོ་མཁྱེན་ནས་གསུངས་པའི་མགུར་དབྱང

རྩོམ་པ་པོ།:ཕུར་ལྕོག་ངག་དབང་བྱམས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-08-21 ཀློག་གྲངས།:

                                ཨོཾ་སྭ་སྟི།

                                སེམས་བསྐྱེད་རྩ་བ་དམིགས་མེད་སྙིང་རྗེའི་ཆུས།།

                                ཡང་ཡང་བརླན་པས་ཐབས་ཤེས་ཡལ་འདབ་རྒྱས།།

                                དོན་གཉིས་མཐར་ཕྱིན་འབྲས་བུས་རབ་བརྗིད་པའི།།

                                ཐུབ་དབང་དཔག་བསམ་ལྗོན་པ་རྒྱལ་གྱུར་ཅིག།

                                གང་གིས་ལེགས་གསུང་མདོ་སྔགས་ཆོས་ཀྱི་རོས།།

                                ལེགས་པར་ཚིམ་པའི་དགའ་བས་ལེགས་བཤད་གླུ།།

                                ཅི་ཡང་ལེན་པ་ཀླུ་སྒྲུབ་ཐོགས་མེད་སོགས།།

                                གཉིས་སྐྱེས་མང་བོས་འཕགས་ཡུལ་སྐྱེད་ཚལ་གང༌།།

                                རིང་མོ་ཞིག་ན་ཆོས་རྒྱལ་ལོ་པཎ་སོགས།།

                                སྨོན་ལམ་མཐུ་ལྡན་དེད་དཔོན་བརྒྱ་ཕྲག་གིས།།

                                རྒྱ་གར་དམ་ཆོས་རིན་ཆེན་འབྱུང་གནས་ནས།།

                                བཤད་སྒྲུབ་དབང་གི་རྒྱལ་པོ་བོད་དུ་བླངས།།

                                ཆོས་སྲིད་འབྱོར་བ་སྲིད་པའི་མིག་འབར་བས།།

                                གངས་ཅན་ལྗོངས་འདིའི་རྒུད་པའི་མུན་ཀུན་བསལ།།

                   &


འབྲེལ་ཡོད་འོས་སྦྱོར།