logo

ནགས་ཚལ་ཀུན་ཏུ་དགའ་བའི་གཏམ་དབེན་པ་ལ་འཇུག་པའི་རྒྱན་ཞེས་བྱ་བ་བཞུགས་སོ།།

རྩོམ་པ་པོ།:དགེ་རྩེ་པཎ་ཆེན་འགྱུར་མེད་ཚེ་དབ ཡོང་ཁུངས།:སྦྲང་ཆར། དུས་ཚོད།:2008-08-21 ཀློག་གྲངས།:

                        སྔོན་གོམས་དཔྱིད་ཀྱི་རྒྱལ་མོའི་ཕང་བ་ན།།

                        སྐྱོན་བྲལ་ལང་ཚོའི་ལྗོན་པ་ཡིད་འོང་རྩེར།།

                        རྣམ་འབྱེད་བློ་ཡི་མེ་ཏོག་དར་བབ་པས།།

                        ཚིག་རྒྱན་བུང་བ་འཁོར་བའི་ཚལ་དེ་ལ།།

                        རྨད་བྱུང་ལྷག་བསམ་གཤོག་རྩལ་ཉེར་རྫོགས་ཀྱང༌།།

                        གཞན་དབང་སྒོ་ངའི་རྒྱ་ལས་མ་གྲོལ་བ།།

                        གཉིས་སྐྱེས་བྱེའུའི་བརྟུལ་ཞུགས་ཅན་དེ་ཡིས།།

                        བརྩེ་བའི་འབེལ་མཆིད་ཅ་ཅོ་སྒྲོགས་ལ་གསོན།།

                        ཡིད་འཕྲོག་ཟླ་འོད་ཀྱིས་ཕྱེ་ཆུ་སྐྱེས་ལ།།

                        སྙན་ཚིག་ཉམས་འགྱུར་སྨྲ་བའི་བློ་ལྡན་ན།།

                        བློ་གསལ་གཞོན་ནུ་ཁྱོད་ཀྱི་རྗེས་འགྲོ་བར།།

                        སེམས་པས་ཀུན་རྟོག་མ་སྦས་ཚུལ་འདི་བསྙད།།

                        གང་ན་འདུ་འཛིའི་གྲོང་ལས་རབ་བརྒལ་བ།།

                        དགོན་པའི་གནས་ཞེས་ཐར་པ་འདོད་པ་ཡིས།།

                        བསྟེན་པའི་གནས་སུ་བདེན་པ་སྨྲ་རྣམས་ཀྱིས།།

                        ལན་ཅིག་མིན་པར་གསུངས་ཏེ་རྟོགས་འཚལ་ལོ།།

                        དེ་ཡང་ཀ་ཕྲེང་དང་པོའི་བླ་དྭགས་ཀྱིས།།

                        འབོད་པའི་གནས་ནས་མཐར་བྱེད་རི་བོའི་ཕྱོཊ།།


འབྲེལ་ཡོད་འོས་སྦྱོར།