གྲོ་ཚང་དགེ་བཤེས་ཡོན་ཏན་ལ་ཕུལ་བ།
རྩོམ་པ་པོ།:དགེ་བཤེས་ཤེས་རབ་རྒྱ་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-09-22
ཀློག་གྲངས།:
ཡོན་གནས་བླ་མེད་མང་ཐོས་ཟིལ་མངར་འབུམ། །
ནན་ཏན་གུས་རྟག་བརྩོན་པའི་ལྟོར་སྐྱིལ་ཞིང་། །
རྒྱ་ཆེན་ལུང་རིགས་བུང་བ་རྩེན་པའི་གཞི། །
མཚོ་བྱུང་སྨྲ་བའི་འདབ་ལྡན་གང་དེའི་དྲུང་། །
ཤེས་འཆལ་གཡའ་རྡོ་དགུང་དུ་བརྩེགས་པའི་རྩེར། །
རབ་རིབ་རྨོངས་པའི་ན་བུན་འཁོར་བ་ལས། །
རྒྱ་སྐྱེགས་མཆུ་སྒྲོས་སེམས་ཀྱི་ཁྱེ་འུ་ཆུང་། །
མཚོ་བས་ཟབ་པའི་གཡང་སར་ཕྱོགས་དེས་ཞུ། །
ཡོན་ཏན་ཆུ་བོ་ནང་དོན་ནོར་འཛིན་མར། །
རྒྱ་མཚོ་མཁའ་ལ་ལུད་པའི་དཔེར་འཕྱུར་བས། །
ཡོན་ཏན་ཆུ་ཡིས་སྐོམ་པའི་གདུང་སེལ་ལ། །
རྒྱ་མཚོ་སྟོང་གི་བརྟུལ་ཞུགས་འཛིན་པ་ནས། །
རྒྱ་མཚོའི་ངོགས་ནས་བུམ་པར་བཅུས་པའི་ཆུ། །
རྒྱ་མཚོ་མིན་ཡང་དེ་མཚོན་ནུས་པ་ལྟར། །
རྒྱ་མཚོའི་ཐིགས་འདྲའི་ཡི་གེ་ཉུང་ངུ་འདིས། །
རྒྱ་མཚོ་དངོས་མཚུངས་ཁྱོད་ཚུལ་ལྷང་ལྷང་ཤར། །
ཤེས་བྱའི་གནས་ལ་བློ་ཡི་རྩེ་རྟུལ་ཡང་། །
རབ་འབྱམས་སྨྲ་བའི་མིང་གི་སྒྲོ་མདོངས་ཅན། །
རྒྱ་བོད་མཁས་མང་དད་པས་མཆོད་པ་བདག །
མཚོ་ན་གནས་པའི་ངང་ངུར་བཞིན་དུ་བདེ། །
སྐབས་བབ་ལན་གྱི་རི་མོ་བྲི་བྱ་བ། །
སྐབས་འདིར་སྤྲོས་ན་ཚིག་ཚོགས་འཕེལ་འགྱུར་བས། །
སྐབས་དང་མཐུན་པའི་ཞུ་བ་ཆུང་ངུ་ཞིག །
སྐབས་འདིའི་ཟུར་ན་ཡོད་པ་སྤྲོ་བས་གཟིགས། །
ཁ་སྔོན་བསྐུར་བའི་ཡི་གེ་སྔ་ཕྱི་དག །
ཁ་བ་དུང་འདྲའི་སེམས་མདངས་ཤོར་བ་ལས། །
ཁ་ལག་བྱ་རྒྱུས་འཕོངས་པ་ག་ལ་ཡིན། །
ཁ་ཙམ་མིན་པར་ཁྱེད་ཀྱང་མཐོང་བ་དགེ །
ཁ་ཡི་ཚིག་གི་ཁྱད་པར་ཕྲ་མོ་རེས། །
ཁ་ན་མ་ཐོའི་ཕུལ་ལ་སྦྱོར་བའི་ཕྱིར། །
ཁ་ཉུང་ཁོང་གཟོའི་སྤྱོད་ལམ་བརྗིད་ཆགས་པས། །
ཁ་འུར་ལ་རྒྱ་ཕྱོགས་རིས་དུག་བཞིན་སྤོངས། །
ཁ་ཤས་ཙམ་ལས་རང་རེའི་ཕལ་མོ་ཆེ། །
ཁ་འཆལ་བདག་བསྟོད་གཞན་སྨོད་ཁོ་ནར་བརྩོན། །
ཁ་ངན་དེ་འདྲས་གཉེན་སྐྱོང་མི་ནུས་པས། །
ཁ་ལྕེ་དམ་པའི་ལམ་ལ་འཇུག་པ་གནད། །
ཁ་རོག་རང་གཞན་དོན་གཉིས་འབྱུང་བའི་རྒྱུ། །
ཁ་དོག་འོད་གསལ་མང་ཐོས་ཚོལ་བ་ལ། །
ཁ་དྲག་མཐུ་ཆེའི་ལྷ་ཡང་འཇིགས་སྐྱེ་ན། །
ཁ་སྟབས་ཆུང་བའི་མི་རྣམས་སྨོས་ཅི་དགོས། །
ཁ་དོག་ཉིད་ལས་བྲོ་བ་ཤེས་པ་ནི། །
ཁ་ཤས་མ་གཏོགས་འབྱུང་བར་དཀའ་བའི་ཕྱིར། །
ཁ་ནས་རྒྱལ་ཁམས་བཟང་ངན་མི་ཤོད་པར། །
ཁ་གཏམ་ཕོག་ཐུག་མེད་པས་འདའ་བར་མཛོད། །
ཁ་བའི་ལྗོངས་འདིའི་ལོ་རྒྱུས་ང་མཁས་པས། །
ཁ་ཙམ་མ་ཡིན་རང་གིས་རང་གཅེས་ན། །
ཁ་ཆེམས་བཞག་པ་འདྲ་བའི་སྙིང་གཏམ་འདི། །
ཁ་ཕོར་བཞིན་དུ་འབྲལ་མེད་བསྟེན་འཚལ་ལོ། །
ཁ་བ་ཅན་བྱོན་མཁས་པའི་གཞུང་མང་གི །
ཁ་ཅིག་རང་ལུགས་མ་འདྲེས་ཕྱེད་ན་ཟབ། །
ཁ་ཅིག་རྣམས་ཀྱང་བླུན་པོ་མ་ལགས་པས། །
ཁ་ལྕེ་གཅིག་ལ་མཆོག་འཛིན་བློ་སྐྱེད་ཆུང་། །
ཁ་སྣའི་ཡིན་ལུགས་རང་རང་ཕྱོགས་སུ་སྟེ། །
ཁ་བ་སྤྱི་སྲོལ་གང་ན་གནས་བཙལ་ཏེ། །
ཁ་གཏིང་མི་མངོན་རྒྱ་མཚོར་འགྱིང་ན་འཚེངས། །
ཁ་གྲོས་འདི་ཡང་ཆོས་སྐོར་མདོ་ཙམ་ཡིན། །
ཁ་འཇམ་བྲིད་མཁས་གཡོ་འཕྲུལ་རྫོགས་པའི་མིར། །
ཁ་གདངས་ཁོག་པ་མཐོང་དུ་མི་འཇུག་པར། །
ཁ་ཏོན་དགེ་སྦྱོར་ཐོས་བསམ་གོང་འཕེལ་ངོས། །
ཁ་ཞེ་མཚུངས་པའི་གནས་ཚུལ་སྤེལ་བར་ཞུ། །
ཁ་སོགས་ཟུང་ལྡན་བྱ་དཀའི་འཕྲིན་ཡིག་འདི། །
ཁ་བ་རི་བའི་མགོན་པོའི་ཕོ་བྲང་ནས། །
ཁ་ལ་སྙན་འགྱུར་དྲི་བསུང་འཐུལ་བ་ཅན། །
ཁ་ངན་ཁོག་བཟང་ཤེས་རབ་རྒྱ་མཚོས་ཕུལ། །
འདི་ནི། གྲོ་ཚང་དགེ་བཤེས་ཡོན་ཏན་ལ་ཕུལ་བའོ། །
ནན་ཏན་གུས་རྟག་བརྩོན་པའི་ལྟོར་སྐྱིལ་ཞིང་། །
རྒྱ་ཆེན་ལུང་རིགས་བུང་བ་རྩེན་པའི་གཞི། །
མཚོ་བྱུང་སྨྲ་བའི་འདབ་ལྡན་གང་དེའི་དྲུང་། །
ཤེས་འཆལ་གཡའ་རྡོ་དགུང་དུ་བརྩེགས་པའི་རྩེར། །
རབ་རིབ་རྨོངས་པའི་ན་བུན་འཁོར་བ་ལས། །
རྒྱ་སྐྱེགས་མཆུ་སྒྲོས་སེམས་ཀྱི་ཁྱེ་འུ་ཆུང་། །
མཚོ་བས་ཟབ་པའི་གཡང་སར་ཕྱོགས་དེས་ཞུ། །
ཡོན་ཏན་ཆུ་བོ་ནང་དོན་ནོར་འཛིན་མར། །
རྒྱ་མཚོ་མཁའ་ལ་ལུད་པའི་དཔེར་འཕྱུར་བས། །
ཡོན་ཏན་ཆུ་ཡིས་སྐོམ་པའི་གདུང་སེལ་ལ། །
རྒྱ་མཚོ་སྟོང་གི་བརྟུལ་ཞུགས་འཛིན་པ་ནས། །
རྒྱ་མཚོའི་ངོགས་ནས་བུམ་པར་བཅུས་པའི་ཆུ། །
རྒྱ་མཚོ་མིན་ཡང་དེ་མཚོན་ནུས་པ་ལྟར། །
རྒྱ་མཚོའི་ཐིགས་འདྲའི་ཡི་གེ་ཉུང་ངུ་འདིས། །
རྒྱ་མཚོ་དངོས་མཚུངས་ཁྱོད་ཚུལ་ལྷང་ལྷང་ཤར། །
ཤེས་བྱའི་གནས་ལ་བློ་ཡི་རྩེ་རྟུལ་ཡང་། །
རབ་འབྱམས་སྨྲ་བའི་མིང་གི་སྒྲོ་མདོངས་ཅན། །
རྒྱ་བོད་མཁས་མང་དད་པས་མཆོད་པ་བདག །
མཚོ་ན་གནས་པའི་ངང་ངུར་བཞིན་དུ་བདེ། །
སྐབས་བབ་ལན་གྱི་རི་མོ་བྲི་བྱ་བ། །
སྐབས་འདིར་སྤྲོས་ན་ཚིག་ཚོགས་འཕེལ་འགྱུར་བས། །
སྐབས་དང་མཐུན་པའི་ཞུ་བ་ཆུང་ངུ་ཞིག །
སྐབས་འདིའི་ཟུར་ན་ཡོད་པ་སྤྲོ་བས་གཟིགས། །
ཁ་སྔོན་བསྐུར་བའི་ཡི་གེ་སྔ་ཕྱི་དག །
ཁ་བ་དུང་འདྲའི་སེམས་མདངས་ཤོར་བ་ལས། །
ཁ་ལག་བྱ་རྒྱུས་འཕོངས་པ་ག་ལ་ཡིན། །
ཁ་ཙམ་མིན་པར་ཁྱེད་ཀྱང་མཐོང་བ་དགེ །
ཁ་ཡི་ཚིག་གི་ཁྱད་པར་ཕྲ་མོ་རེས། །
ཁ་ན་མ་ཐོའི་ཕུལ་ལ་སྦྱོར་བའི་ཕྱིར། །
ཁ་ཉུང་ཁོང་གཟོའི་སྤྱོད་ལམ་བརྗིད་ཆགས་པས། །
ཁ་འུར་ལ་རྒྱ་ཕྱོགས་རིས་དུག་བཞིན་སྤོངས། །
ཁ་ཤས་ཙམ་ལས་རང་རེའི་ཕལ་མོ་ཆེ། །
ཁ་འཆལ་བདག་བསྟོད་གཞན་སྨོད་ཁོ་ནར་བརྩོན། །
ཁ་ངན་དེ་འདྲས་གཉེན་སྐྱོང་མི་ནུས་པས། །
ཁ་ལྕེ་དམ་པའི་ལམ་ལ་འཇུག་པ་གནད། །
ཁ་རོག་རང་གཞན་དོན་གཉིས་འབྱུང་བའི་རྒྱུ། །
ཁ་དོག་འོད་གསལ་མང་ཐོས་ཚོལ་བ་ལ། །
ཁ་དྲག་མཐུ་ཆེའི་ལྷ་ཡང་འཇིགས་སྐྱེ་ན། །
ཁ་སྟབས་ཆུང་བའི་མི་རྣམས་སྨོས་ཅི་དགོས། །
ཁ་དོག་ཉིད་ལས་བྲོ་བ་ཤེས་པ་ནི། །
ཁ་ཤས་མ་གཏོགས་འབྱུང་བར་དཀའ་བའི་ཕྱིར། །
ཁ་ནས་རྒྱལ་ཁམས་བཟང་ངན་མི་ཤོད་པར། །
ཁ་གཏམ་ཕོག་ཐུག་མེད་པས་འདའ་བར་མཛོད། །
ཁ་བའི་ལྗོངས་འདིའི་ལོ་རྒྱུས་ང་མཁས་པས། །
ཁ་ཙམ་མ་ཡིན་རང་གིས་རང་གཅེས་ན། །
ཁ་ཆེམས་བཞག་པ་འདྲ་བའི་སྙིང་གཏམ་འདི། །
ཁ་ཕོར་བཞིན་དུ་འབྲལ་མེད་བསྟེན་འཚལ་ལོ། །
ཁ་བ་ཅན་བྱོན་མཁས་པའི་གཞུང་མང་གི །
ཁ་ཅིག་རང་ལུགས་མ་འདྲེས་ཕྱེད་ན་ཟབ། །
ཁ་ཅིག་རྣམས་ཀྱང་བླུན་པོ་མ་ལགས་པས། །
ཁ་ལྕེ་གཅིག་ལ་མཆོག་འཛིན་བློ་སྐྱེད་ཆུང་། །
ཁ་སྣའི་ཡིན་ལུགས་རང་རང་ཕྱོགས་སུ་སྟེ། །
ཁ་བ་སྤྱི་སྲོལ་གང་ན་གནས་བཙལ་ཏེ། །
ཁ་གཏིང་མི་མངོན་རྒྱ་མཚོར་འགྱིང་ན་འཚེངས། །
ཁ་གྲོས་འདི་ཡང་ཆོས་སྐོར་མདོ་ཙམ་ཡིན། །
ཁ་འཇམ་བྲིད་མཁས་གཡོ་འཕྲུལ་རྫོགས་པའི་མིར། །
ཁ་གདངས་ཁོག་པ་མཐོང་དུ་མི་འཇུག་པར། །
ཁ་ཏོན་དགེ་སྦྱོར་ཐོས་བསམ་གོང་འཕེལ་ངོས། །
ཁ་ཞེ་མཚུངས་པའི་གནས་ཚུལ་སྤེལ་བར་ཞུ། །
ཁ་སོགས་ཟུང་ལྡན་བྱ་དཀའི་འཕྲིན་ཡིག་འདི། །
ཁ་བ་རི་བའི་མགོན་པོའི་ཕོ་བྲང་ནས། །
ཁ་ལ་སྙན་འགྱུར་དྲི་བསུང་འཐུལ་བ་ཅན། །
ཁ་ངན་ཁོག་བཟང་ཤེས་རབ་རྒྱ་མཚོས་ཕུལ། །
འདི་ནི། གྲོ་ཚང་དགེ་བཤེས་ཡོན་ཏན་ལ་ཕུལ་བའོ། །
འབྲེལ་ཡོད་འོས་སྦྱོར།