༄༅། །བསླབ་བྱ་བསམ་པ་དག་པའི་ཚིག
རྩོམ་པ་པོ།:ལ་མོ་ཡོངས་འཛིན་བློ་བཟང་མཁས་གྲུ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-08-26
ཀློག་གྲངས།:
བསླུ་མེད་སྐྱབས་གནས་བླ་མ་རིན་ཆེན་གསུམ། །
འདབ་བརྒྱད་སྙིང་གི་པདྨོར་རྟག་རོལ་ལ། །
བསམ་པ་དག་པས་ཚིག་སྣ་འགའ་བསྙད་པ། །
ཇི་བཞིན་ཉམས་སུ་ལེན་པར་བྱིན་གྱིས་རློབས། །
ཀ་ཡེ་སྔོན་བྱོན་དམ་པའི་བསླབ་བྱའི་གཞུང་། །
གླང་ཆེན་ཁལ་རྒྱབ་ལོངས་པ་དེ་བོར་ནས། །
གསར་བཤད་མོས་པ་ཡན་ལག་བརྒྱད་ལྡན་འགྲམ། །
བ་ཚྭའི་ཁྲོན་པར་རེ་བ་ཉིད་དུ་འཁུམས། །
བསླུ་མེད་མཆོག་གསུམ་ནམ་ཡང་གཙུག་ཏུ་བསྟེན། །
ཁས་བླངས་སྡོམ་གསུམ་བཅས་པ་ཕྲ་རགས་རྣམས། །
གྲངས་འདྲེན་ངེས་པར་བྱས་ནས་དུས་དྲུག་ཏུ། །
མངོན་ལྐོག་མེད་པར་བསྲུང་བ་ཉམས་ལེན་མཛོད། །
སྡོམ་གསུམ་བཅས་པ་རྩྭ་བཞིན་དོར་ནས་ནི། །
ཐོས་བསམ་སྒོམ་སྒྲུབ་ལས་ལ་ཆེར་འབད་ཀྱང་། །
འོ་མ་འདོད་ནས་རྭ་རྩེར་བཞོས་པ་དང་། །
ལོང་བས་མིག་ལྡན་མགོ་སྐོར་བཏང་དང་མཚུངས། །
རང་རྒྱུད་མ་ཐུལ་གཞན་རྒྱུད་ཐུལ་རེ་མེད། །
དུས་ལ་མ་བབས་འགྲོ་དོན་སྒྲུབ་པ་སྤོངས། །
ཚེ་འདི་བློས་ཐོངས་གང་ཤེས་རང་གི་རྒྱུད། །
འདུལ་བའི་ཐབས་སུ་འཁྱེར་བ་གནད་དུ་གལ། །
ལམ་སྔགས་གཉིས་སོགས་ཡབ་སྲས་ལེགས་བཤད་རྣམས། །
ནམ་ཡང་དཔེར་བལྟས་བཤེས་གཉེན་དམ་པོར་ཟུངས། །
ཤེས་རྒྱུད་ཆོས་དང་འདྲེས་པ་ཞིག་བྱུང་ན། །
དལ་འབྱོར་ཐོབ་པ་དོན་ལྡན་དེ་ལ་ཟེར། །
མདོར་ན་ཁྱབ་བདག་ཨ་བྷྱའི་ཞལ་སྔ་ནས། །
བསླབ་བྱ་ཉམས་ལེན་སྙིང་བོའི་དགོངས་དོན་བཞིན། །
ཉམས་སུ་ལོངས་དང་ཚུལ་བཞིན་དབང་འབྱོར་ན། །
དོན་གཉིས་རིན་ཆེན་ལག་རྩེར་སོན་པ་བཞིན། །
བསླབ་བྱ་ཞུ་བ་མང་ཡང་ཉམས་ལེན་དུ། །
འཁྱེར་མཁས་ཉིན་སྐར་ཇི་བཞིན་ཆེས་ཕྲ་མོད། །
ཚིག་འདི་གནད་དུ་འགྲོ་མིན་ཞུ་བ་པོས། །
འབྱུང་ཆར་སྤྱོད་པས་རྣམ་དབྱེ་གསལ་བོར་འབྱེད། །
དལ་འབྱོར་སྟོང་ལོག་བྱེད་པའི་རྒན་པོ་ནས། །
ཁ་བཤད་ཚིག་གིས་གཞན་ལ་ཕན་རེ་མེད། །
འོན་ཀྱང་དབྱུ་གུས་རྔ་ལ་བསྣུན་པའི་ཚེ། །
དབང་མེད་རང་སྒྲ་འབྱིན་པ་ཆོས་ཉོད་དོ། །
འདབ་བརྒྱད་སྙིང་གི་པདྨོར་རྟག་རོལ་ལ། །
བསམ་པ་དག་པས་ཚིག་སྣ་འགའ་བསྙད་པ། །
ཇི་བཞིན་ཉམས་སུ་ལེན་པར་བྱིན་གྱིས་རློབས། །
ཀ་ཡེ་སྔོན་བྱོན་དམ་པའི་བསླབ་བྱའི་གཞུང་། །
གླང་ཆེན་ཁལ་རྒྱབ་ལོངས་པ་དེ་བོར་ནས། །
གསར་བཤད་མོས་པ་ཡན་ལག་བརྒྱད་ལྡན་འགྲམ། །
བ་ཚྭའི་ཁྲོན་པར་རེ་བ་ཉིད་དུ་འཁུམས། །
བསླུ་མེད་མཆོག་གསུམ་ནམ་ཡང་གཙུག་ཏུ་བསྟེན། །
ཁས་བླངས་སྡོམ་གསུམ་བཅས་པ་ཕྲ་རགས་རྣམས། །
གྲངས་འདྲེན་ངེས་པར་བྱས་ནས་དུས་དྲུག་ཏུ། །
མངོན་ལྐོག་མེད་པར་བསྲུང་བ་ཉམས་ལེན་མཛོད། །
སྡོམ་གསུམ་བཅས་པ་རྩྭ་བཞིན་དོར་ནས་ནི། །
ཐོས་བསམ་སྒོམ་སྒྲུབ་ལས་ལ་ཆེར་འབད་ཀྱང་། །
འོ་མ་འདོད་ནས་རྭ་རྩེར་བཞོས་པ་དང་། །
ལོང་བས་མིག་ལྡན་མགོ་སྐོར་བཏང་དང་མཚུངས། །
རང་རྒྱུད་མ་ཐུལ་གཞན་རྒྱུད་ཐུལ་རེ་མེད། །
དུས་ལ་མ་བབས་འགྲོ་དོན་སྒྲུབ་པ་སྤོངས། །
ཚེ་འདི་བློས་ཐོངས་གང་ཤེས་རང་གི་རྒྱུད། །
འདུལ་བའི་ཐབས་སུ་འཁྱེར་བ་གནད་དུ་གལ། །
ལམ་སྔགས་གཉིས་སོགས་ཡབ་སྲས་ལེགས་བཤད་རྣམས། །
ནམ་ཡང་དཔེར་བལྟས་བཤེས་གཉེན་དམ་པོར་ཟུངས། །
ཤེས་རྒྱུད་ཆོས་དང་འདྲེས་པ་ཞིག་བྱུང་ན། །
དལ་འབྱོར་ཐོབ་པ་དོན་ལྡན་དེ་ལ་ཟེར། །
མདོར་ན་ཁྱབ་བདག་ཨ་བྷྱའི་ཞལ་སྔ་ནས། །
བསླབ་བྱ་ཉམས་ལེན་སྙིང་བོའི་དགོངས་དོན་བཞིན། །
ཉམས་སུ་ལོངས་དང་ཚུལ་བཞིན་དབང་འབྱོར་ན། །
དོན་གཉིས་རིན་ཆེན་ལག་རྩེར་སོན་པ་བཞིན། །
བསླབ་བྱ་ཞུ་བ་མང་ཡང་ཉམས་ལེན་དུ། །
འཁྱེར་མཁས་ཉིན་སྐར་ཇི་བཞིན་ཆེས་ཕྲ་མོད། །
ཚིག་འདི་གནད་དུ་འགྲོ་མིན་ཞུ་བ་པོས། །
འབྱུང་ཆར་སྤྱོད་པས་རྣམ་དབྱེ་གསལ་བོར་འབྱེད། །
དལ་འབྱོར་སྟོང་ལོག་བྱེད་པའི་རྒན་པོ་ནས། །
ཁ་བཤད་ཚིག་གིས་གཞན་ལ་ཕན་རེ་མེད། །
འོན་ཀྱང་དབྱུ་གུས་རྔ་ལ་བསྣུན་པའི་ཚེ། །
དབང་མེད་རང་སྒྲ་འབྱིན་པ་ཆོས་ཉོད་དོ། །
ས་དཀར་དགེ་སློང་ཡོན་ཏན་རྒྱ་མཚོའི་བསྐུལ་ངོར༧ཡོངས་འཛིན་མཁས་གྲུབ་རྒྱ་མཚོས་རང་ལོ་དོན་ལྔའི་སྟེང་སྦྱར་བའོ། །
འབྲེལ་ཡོད་འོས་སྦྱོར།