logo

རོགས་འཐེན་ཐོས་པ་ཀུན་སྨྲེང༌།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-08-08 ཀློག་གྲངས།:

གཅིག

གནས་མཆོག་གྱུར་གངས་ཅན་ཡུལ་ལྗོངས། །

ཕྱིའི་འཛོམས་པ་གངས་ཀྱི་ར་བ། །

ནང་འཛོམས་པ་གདོང་དམར་བོད་པ། །

རི་མཐོན་པོ་ཕྱི་འཛོམས་ནང་འཛོམས། །

ཕྱིའི་འཛོམས་པ་བྲག་དང་ཤུག་པ། །

ནང་འཛོམས་པ་རྫ་ཆུ་བསིལ་མ། །

ཆུ་གཙང་མོ་ཕྱི་འཛོམས་ནང་འཛོམས། །

ཕྱིའི་འཛོམས་པ་ངང་སྐྱ་ངང་དམར། །

ནང་འཛོམས་པ་ཉ་དང་ཆུ་སྲམ། །

སྡེ་ཆེན་པོ་ཕྱི་འཛོམས་ནང་འཛོམས། །

ཕྱིའི་འཛོམས་པ་རྟ་ནོར་ལུག་གསུམ། །

ནང་འཛོམས་པ་རྒན་དར་གཞོན་གསུམ། །

རོགས་ཆུང་ལོ་ཕྱི་འཛོམས་ནང་འཛོམས། །

ཕྱིའི་འཛོམས་པ་ཡག་དང་ཕོ་སྒོ། །

ནང་འཛོམས་པ་ཁྲེལ་ཡོད་བློ་ལྡན། །

ཁྲ་ལམ་མེར་སྐར་ཚོགས་དཀྱིལ་ནས། །

དཀར་གསལ་ལེ་ཟླ་བ་ཤར་དུས། །

འཇམ་ཐང་ངེར་སྡེ་ཆེན་དཀྱིལ་ནས། །

འཛུམ་དམུལ་ལེ་ཞེ་མཐུན་རོགས་ལོས། །

རྟ་རྐྱང་རྒོད་འཕུར་ཤེས་ཞོན་ནས། །

སྐད་སང་སང་ལ་གཞས་ལེན་བཞིན། །

ངེད་ཚང་གི་འདབས་ལ་ཐོན་ཐལ། །

ང་རེམ་མ་སྔུན་ན་བུད་དེ། །

རོགས་ཆུང་ལོའི་རྟ་སྐེ་བླངས་ནས། །

ངག་འཇམ་པོས་འཚམས་འདྲི་ཞུས་ན། །

རོགས་ཆུང་ལོར་ཚིག་ལན་མེད་ཀི །

མ་ངེད་ཚོའི་སྐེ་ལ་འཐམས་ཐལ། །

ཁུག་གཡང་དཀར་ར་ཡི་འདབས་སུ། །

གདན་དཀར་པོ་དམར་པོ་བཏིང་ནས། །

རོགས་བློ་གྲོས་ཟླ་བ་ངེད་གཉིས། །

གོས་ཨ་འཇམ་ཚ་རུ་གོན་ནས། །

ཞེ་མཐུན་པའི་ཁ་བརྡ་བྱས་ན། །

ངའི་ཞེ་འགྲོགས་བློ་གྲོས་ཟླ་བས། །

མ་ཁྱོད་ཚོ་བདེ་སྐྱིད་གཞུང་རེད། །

ཕོ་ང་ཚོ་གསེར་ལུང་ཁོག་རེད། །

ཕྱོགས་གཉིས་སུ་སྨྲེང་ནས་ཅི་བྱེད། །

ཁྱིམ་གཅིག་ལ་སྨོན་ལམ་འདེབས་ཟེར། །

དགུང་ཨ་སྔོན་དབྱིངས་ཀྱི་འབྲུག་སྒྲ། །

བྱ་རྨ་བྱའི་ཡིད་ཀྱི་འདོད་རེད། །

རོགས་བློ་གྲོས་ངག་གི་གཏམ་སྙན། །

མ་ང་ཚོའི་སེམས་ཀྱི་འདོད་རེད། །

ཚིག་འགོ་མ་དཀོན་མཆོག་མནའ་བྱས། །

ཚིག་གཞུག་མ་ཉི་ཟླ་དཔང་བྱས། །

རོགས་བློ་གྲོས་སྐེད་ཀྱི་གྲི་ཆུང༌། །

མ་ང་ཚོའི་སྐེ་ཡི་རྒྱན་ཆ། །

བློ་མི་འགྱུར་གཉེན་གྱི་རྟགས་བརྗེས། །

གཉིས།

ཟླ་ལྔ་བའི་ཚེས་མགོ་ཞིག་ལ། །

ངའི་དྲིན་ཅན་ཕ་མ་གཉིས་ཀྱིས། །

ངའི་གཅེས་ཕྲུག་ཡུལ་ནས་མ་འདུག །

ལུག་གཡང་དཀར་རི་ལ་ཐེད་ཟེར། །

མ་ཀླད་མེད་ལས་ངན་ང་ཡིས། །

དོན་མ་གོ་ལུག་ཁྱུ་དེད་དེ། །

རི་མཐོན་པོའི་མགོ་ལ་བུད་ན། །

རོག


འབྲེལ་ཡོད་འོས་སྦྱོར།