logo

༄༅། །སྡུག་པོ་དུད་ཁུང་ནང་ལ་གཟིགས་རོགས།

རྩོམ་པ་པོ།:འབྲི་སྨྱོན་གྱིས་བསྡུས། ཡོང་ཁུངས།:སྤང་རྒྱན་མེ་ཏོག དུས་ཚོད།:2008-08-05 ཀློག་གྲངས།:
   གནའ་སྔ་མོར་ལྗང་དུ་ཁྱིམ་ཚང་ཞིག་ལ་ཁོ་ཤུག་གཉིས་ལས་མེད་ཅིང༌། ཁོང་གཉིས་རྟག་ཏུ་དགའ་མགུར་སྤྱོད་བཞིན་ཡོད་པ་རེད། ཉིན་ཞིག་དགོང་དྲོར་ངོ་ཤེས་ཞིག་སླེབས་པས་གནས་ཚང་མ་གཡར་ཀ་མེད་བྱུང༌། ཁྱོ་བོ་དེས་དོ་དགོང་དེ་ག་རེད་ཟེར་བར་བུད་མེད་དེས་ང་ལ་ཐབས་ཡོད་ཟེར་བས་འགྲུལ་པས་འདི་གཉིས་ཀྱིས་ཅི་ཞིག་གྲོས་བྱེད་ཀྱིན་ཡོད་པ་གཟབ་གཟབ་བྱེད་དགོས་པར་སྣང་སྙམ་མོ། ཉལ་རན་སྐབས་ངོ་ཤེས་ལ་ཁྱེད་འདིར་སྤྲོ་པོ་བྱས་ཏེ་གཟིམས་ཤིག ཆབ་བྲོ་ན་གཟིམས་ཏོག་འདིར་ཡོད། ཟེར་ནས་ཁྱོ་ཤུག་གཉིས་ཉལ་ཐུམ་སོགས་འཁུར་ནས་ཕྱིར་ཐོན་ནས་སྒོ་ལྕགས་བརྒྱབ་པས། འགྲུལ་པས་ད་ཡག་མ་བྱུང་གཉིད་ལ་མ་ཤོར་བ་བྱེད་དགོས་སྙམ་པའི་ཚེ་ཐོག་ཁར་མི་འགྲོ་བ་ཐོས། དུད་ཁུང་འོག་ཉན་པས་ཁྱོ་ཤུག་གཉིས་ཡིན་པ་ཤེས། ཁོས་དེ་གཉིས་ཐོག་ཁར་ཅི་བྱེད་ཀྱི་ཡོད་མེད་གཅིག་ལྟ་དགོས་སྙམ་ནས་ཡར་མར་མིག་ཉུལ་བྱས་པས་སླེལ་པོ་འགའ་མཐོང་ནས་ད་འགྲིག་སོང་སྙམ་སྟེ། ཐབ་ཀྱི་ཐོག་སླེལ་པོ་བརྩིགས་ནས་རྐང་སྟེགས་བྱས་ཏེ་དུད་ཁུང་ནས་ཡར་སྐེ་མནར་གྱིས་བལྟས་པས། ཁྱོ་ཤུག་གཉིས་མཉམ་དུ་ཉལ་ནས་སྙིང་གཏམ་ཤོད་བཞིན་པ་ཐོས་པར་ཉན་འདོད་སྐྱེས། དེ་རྗེས་འདོད་པ་སྤྱོད་བཞིན་དུ་ཁྱོ་མོ་དེས། སྐྱིད་པོ་འདི་འདྲ་ལྷ་ཡུལ་ནའང་ཡོད་ཀྱི་མ་རེད། སྐྱིད་པ་ལ་ཨང་ཟེར་ཞིང་འདོད་པའི་འཁུན་དབྱངས་བཏོན་པས་ཁོའི་ལུས་སྦྲིད་ནས་རྐང་པ་ཡང་འདར་བས་སླེལ་པོ་རྣམས་ཕྱིར་ཉིལ། ཁོ་སྐྲག་ཐག་ཆོད་ནས་དཔྱངས་པས། ཁོས་ཝ་ཡེ། སྐྱིད་པོ་ལྷའི་ལོངས་སྤྱོད་བྱེད་མཁན་གཉིས་པོ། སྡུག་པོ་དུད་ཁུང་ནང་གི་མི་ལ་གཟིགས་རོགས། ཞེས་འོ་དོད་བོས་པས་ཁྱོ་ཤུག་གཉིས་པོ་བདེ་ཅན་ལས་དཀྲོགས་སོ།


འབྲེལ་ཡོད་འོས་སྦྱོར།