logo

༄༅། །ཨ་མཆོད་ལ་མི་དགོས་རང་འཐག

རྩོམ་པ་པོ།:འབྲི་སྨྱོན་གྱིས་བསྡུས། ཡོང་ཁུངས།:སྤང་རྒྱན་མེ་ཏོག དུས་ཚོད།:2008-08-04 ཀློག་གྲངས།:
  གནའ་སྔ་མོ་འབྲོག་ཁྱིམ་ཞིག་ལ་ཨ་མཆོད་ཞིག་ཡོད། ཁོ་ཆོས་བཏོན་ནས་ཕྱིར་ལོག་པའི་སྔ་ཉིན་ཁྱིམ་དེའི་བུ་ཆུང་དང་མཉམ་དུ་འཆམ་འཆམ་ལ་ཕྱིན། ཁོས་ང་ལ་ཡོན་ཅི་འདྲ་ཞིག་སྟེར་རྩིས་ཡོད་སྙམ་སྟེ། བུ་ལ་“ཁྱོད་ཀྱི་ཕ་མས་ང་ལ་ཡོན་ཅི་ཞིག་འབུལ་རྩིས་འདུག་ཧ་གོ་ཨེ་བྱུང་ངམ་”ཞེས་དྲིས་པས། བུ་དེས། “མདང་དགོང་ཁོང་གཉིས་ཀྱིས་ཡོན་གང་ཕུལ་བཀའ་མོལ་གནང་སོང༌། མཐར་ཨ་མཆོད་ལ་ཡོན་ཡག་ཤོས་རང་འཐག་རེད་གསུངས་ནས་དེར་ཐག་བཅད་སོང་”ཞེས་ཟེར་བས། ཨ་མཆོད་ཀྱི་སེམས་ལ་ག་རེ་ཡིན་པའི་ཁུལ་རས། ང་ལ་རང་འཐག་གིས་གང་བྱེད་དགོས་སམ་སྙམ་ནས་སེམས་ནད་བྱུང༌། དགོང་མོ་ལྟོ་ཟ་བཞིན་དུ་ཁོང་ཚོ་ཅི་གྲོས་མོལ་གྲོལ་བྱེད་སྐབས་ཨ་མཆོད་ཀྱིས། “མི་ལ་མཁོ་ཆས་མི་འདྲ་བ་སྣ་ཚོགས་ཡོད་ནའང་ཨ་མཆོད་ལ་མི་དགོས་པ་རང་འཐག་རེད་”ཅེས་སྨྲས་ཚེ། བུ་དེ་དགོད་ཤོར་བས། ཁྱིམ་བདག་གཉིས་པོ་ཡ་མཚན་སྐྱེས་བཞིན་གནས་སོ།


འབྲེལ་ཡོད་འོས་སྦྱོར།