འགྲིག་པ་དང་ནོར་བ།
རྩོམ་པ་པོ།:གསལ་བོ་མི་ཤེས།
ཡོང་ཁུངས།:བོད་ཀྱི་རྩོམ་རིག་སྒྱུ་རྩལ།
དུས་ཚོད།:2008-08-02
ཀློག་གྲངས།:
ཁྱོ་ཤུག་གཉིས་ཡུན་རིང་ཁ་རྩོད་ཤོར་བ་དང་སུ་ཡང་རང་གི་ལྟ་བ་ལས་ཕྱིར་བཤོལ་བྱ་འདོད་མེད། གང་མཚམས་ནས་མནའ་མས། རང་གིས་ལྟོས་དང༌། ངེད་གཉིས་ཀྱི་འཁྲུག་རྩོད་མཚམས་གཅོད་པར་ཐབས་ཤེས་གཉིས་ཡོད། ཐབས་ཤེས་དང་པོ་ནི་ངེད་གཉིས་ཀས་རང་ཉིད་འགྲིག་པར་ཁས་ལེན་བྱ་རྒྱུ་དེ་རེད། འོ་ན་ཐབས་ཤེས་གཉིས་པ་དེ་ག་རེ་རེད་དམ་ཞེས་ཁྱོ་བོས་འདྲི་སྐབས་མནའ་མས་བགོད་བཞིན་དུ་ཐབས་ཤེས་གཉིས་པ་དེ་ངེད་གཉིས་ཀྱིས་ཁྱེད་རང་གིས་ནོར་བར་ཁས་ལེན་བྱ་རྒྱུ་དེ་རེད་ཅེས་ལབ།
འབྲེལ་ཡོད་འོས་སྦྱོར།